ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མས་འཁྲབ་ཁྲིད་བྱས་པའི་གློག་བརྙན《ལམ》ཞེས་པ་པར་དུ་ཕབ་མགོ་བརྩམས་པ།
སྤྱི་ལོ༢༠༡༠ལོའི་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན།ནུབ་བྱང་མི་རིགས་སློབ་ཆེན་མཛེས་རྩལ་སློབ་གླིང་གིས་གཙོ་སྒྲུབ་བྱས་ཤིང་བོད་རིགས་སློབ་མས་འཁྲབ་ཁྲིད་བྱས་པའི་གློག་བརྙན་<<ལམ>>་ཞེས་པ་དབུ་རྩོམ་པའི་མཛད་སྒོ་བསྡུས་པ་དང་དངོས་སུ་ཕབ་མགོ་བརྩམས།གློག་བརྙན་འདི་ནི་མ་ཡུམ་སློབ་ཆེན་ཚུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་ལེགས་སྐྱེས་སུ་ཕུལ་བ་ཡིན་ལ།མི་འགྱངས་པར་རྒྱ་ཆེའི་ལྟ་ཉན་བྱེད་མཁན་ཚོའི་མིག་གི་དཔྱིད་དང་རྣ་བའི་བཅུད་དུ་སྨིན་རྒྱུ་རེད།གློག་བརྙན་འདིའི་ནང་དུ་ཕ་མ་གཉིས་འདས་གྲོངས་སུ་གྱུར་བའི་བོད་རིགས་བུ་མོ་ཞིག་གིས་མཚོ་སྔོན་པོར་ཕྱག་སྐོར་བྱེད་པའི་ལམ་བར་དུ་བོད་རིགས་སློབ་ཆེན་པ་ཞིག་དང་འཕྲད་དེ་ཁོ་གཉིས་བར་དུ་བྱུང་བའི་ཡིད་དབང་འཕྲོག་ལ་བརྩེ་སེམས་སྒུལ་བའི་གཏམ་རྒྱུད་ཅིག་བརྙན་རིས་སུ་ཕབས་ཡོད།
གློག་བརྙན་ཕབ་སྐྲུན་བྱེད་བཞིན་པའི་ཟུར་ཞིག
འཁྲབ་ཁྲིད་པ། བསྟན་འཛིན་ཉི་མ།
འཁྲབ་སྟོན་པ་གཙོ་བོ། བོང་སྟག་བདུད་འདུལ་སྐྱབས། གཡང་སྐྱིད་འཚོ།
གློག་བརྙན་ཕབ་སྐྲུན་མཛད་སྒོ་སྤེལ་དུས་ཀྱི་ལས་མི་ཡོངས།
རྩོམ་ཁུངས། ངེད་དྲ་བ།