བོད་ཀྱི་དེང་རབས་སྙན་ངག་གི་མྱི་རབས་བཞི་བའི་ཐོག་མའི་འདུ་འཛོམས་རྨ་ཆུ་ནས་འཚོགས་པ།

    ང་ཚོ་མི་རིགས་ཀྱི་མགོ་སྦྲ་ནག་པོའི་ཚེ་སྲོག་རི་མགོའི་དར་ལྕོག་བཞིན་ཡུག་ཡུག་བྱས་ཤིང་གཤོང་གི་ཆུ་ཕྲན་བཞིན་སྐམ་ལ་ཉེ་དུས་འདིར་མྱི་རབས་བཞི་བ་འབྱམས་ཀླས་ཡིད་འོང་གི་སྤང་ཐང་སྔོན་མོའི་བྲང་ཁ་ནས་འདུས།    གཟེངས་མཐོ་རྩེ་རྣོ་ཡི་རི་རྒན་སྟོབས་པོའི་འདབས་རོལ་ནསའཛོམས།  རྒྱུན་རིང་དལ་འབབ་ཀྱི་རྨ་ཆུ་སྔོན་མོའི་རབ་ཁ་ནས་ཚོགས་དུས།    མྱི་ཁ་ཟེར་བའི་མདུང་མོ་དེ་ནི་སྟོན་པའི་དབུ་ལ་འཕང་བའི་རྩི་ཐུར་སྐམ་པོ་ཞིག་ཡིན།     སྡང་སྡིག་ཅེས་པའི་གཡག་རྒོད་དེ་ནི་རྒོད་པོ་གཡུང་ལ་ཕབ་པའི་ཞོན་གཡག་དུད་འགྲོ་ཞིག་ཡིན།   བོད་ཀྱི་ཀློག་པ་པོ་རྣམས་ཀྱིས་སྙན་ངག་མ་འབྲི་མི་ཟེར་མོད།     བུད་མེད་མ་འཚོལ་མི་ཟེར་མོད།  ཆང་རག་མ་སྤྱོད་མི་ཟེར་མོད།    མྱི་རབས་བཞི་བའི་འགྲོ་འདུག་སྤྱོད་གསུམ་ལ་དགོན་པའི་གྲྭ་བ་བཞིན་ཚད་བཀག་ཅིག་གཟུང་ཐབས་མེད་པས།    ཚོགས་མི་གསར་རྒོད་དེ་དག་གི་ནང་དུ་གཡུང་མོ་ལུག་ལྟ་བུ་ཡོད་ལ་རྒོད་པོ་རྐྱང་ལྟ་བུའང་ཡོད།    སྐྱེན་པོ་་སྤྲེའུ་ལྟ་བུ་ཡོད་ལ་མགྱོགས་པོ་དགོ་ལྟ་བུ་ཡང་ཡོད་པས་ད་ནི་ཅི་བྱ།     མྱི་རབས་བཞི་བའི་ནང་དུ་ཆང་རག་གི་བཟི་ཁར་ལག་པས་འཇུས་ནས་ཚོར་བ་དངོས་ཀྱི་ཕ་རོལ་ལས་འདས་པའི་འཇིག་རྟེན་གཞན་ལ་དགའ་བོ་བྱེད་མཁན་ཡོད་ལ།     རང་གི་ཆུང་མ་ནི་གནམ་ནས་ལྷུང་བའི་ལྷ་མོ་དང་ས་ནས་སྐྱེས་པའི་མེ་ཏོག་ཇི་བཞིན་གཅེས་གཅེས་ཞེ་དྲག་གིས་གནང་ཞིང་བུད་མེད་གཞན་པའི་རྩིབས་ནས་དབུ་ལོ་ཡར་མི་ཁྱོགས་པ་ཡང་ཡོད།    མྱི་རབས་བཞི་བའི་ནང་དུ་འདོད་བརྩེ་རྐྱང་རྐྱང་གི་སྦྲང་རྩི་ངོམ་མེད་གཞིབ་ཅིང་སྙ་མ་དང་མཇེ།        མྱོས་བུམ་དང་འདོམ་རྩིད།   བྱ་ལེ་དང་རྟུག་ཁུང་སོགས་ནི་མཆོག་གསུམ་བསླུ་བ་མེད་པས་གནང་ཞིང་དེ་དག་ལོངས་སུ་སྤྱོད་ཅིང་དེ་ཡིས་སྙན་ངག་འབྲི་བ་ཡང་རང་ཉིད་མི་རུ་སྐྱེས་པའི་དོན་གོ་རུ་བསམ་མཁན་ཡོད་ལ།   ཡིད་ལ་ཤར་ཚད་བཤད།     ཁ་ཡིས་བཤད་ཚད་བསྒྲུབས་པས་ཝ་མོ་ལྟ་བུས་སྤྱི་ཚོགས་ཀྱིས་རྒྱང་རིང་བས་མཐའི་གྲོང་དུ་སྤྱུགས་ཤིང་ངན་དམོད་དང་མཐུ་ཆེན་མན་ངག་བཅོ་བརྒྱད་བཏང་བའི་ལོ་རྒྱུས་ཀྱང་བཤད་རྒྱུ་ཡོད་པ་ཞིག་ཡིན།       འོན་ཏེ      ང་ཚོ་བོད་ལ་སྙན་ངག་འབྲི་བའི་ཚ་རླབས་དགའ་ཞིག་འཕྱུར་གྱིན་པའི་རྫོགས་ལྡན་དུས་ཀྱི་དཔལ་ཡོན་ཡག་ཐག་ཆོད་འདི་ལ་དགའ་ཁ་འཁྱེར་ཕྱོགས་དང་ཕུགས་རེ་འདུན་མོས་གཅིག་པའི་གསར་བུ་སྐོར་ཞིག་གིས་དཔའ་བོའི་དཔུང་བ་མཉམ་བསྡེབས།    འདོད་པའི་རི་མོ་མཉམ་འབྲི་བྱས་ནས་སྙན་ངག་གི་ཚོགས་པ་འདི་ཚུགས་ཤིང་བཙུགས་ནས་ཀྱང་ཤ་ལས་ཆད་པའི་བུ་ཕྲུག་བཞིན་གྱི་འདང་ཆེན་སྙན་ངག་མཆོག་རེ་བྲིས་པས་བོད་ཀྱི་རྩོམ་སྟེགས་སྒང་ལ་ཡང་ཚ་ཚ་འུར་འུར་དང་མི་སེམས་ལང་ལོང་བྱེད་སྤྱད་ཀྱི་བག་ཆགས་ཨེན་ཙམ་བཞག་པའི་བསམ་ཚུལ་ནི་ཚོགས་མི་རེ་རེའི་སེམས་སུ་བྱེའུ་མས་སྒོ་ང་འཇོག་འཇོག་བྱས་ཡོད།

ཞོགས་པའི་ཉི་གཞོན་དང་འགྲོགས་ཏེ་རྟེན་འབྲེལ་གསར་བ་ཞིག་གི་མགོ་རྩོམ་གྲབས་ཡོད་པ།

འོ་ཇ་དཀར་ཡོལ་གང་དང་མཉམ་དུ་རང་རང་གི་སྙན་ངག་གྱེར་བཞིན་པའི་ཚུལ།

དུག་ཞགས་ཀྱིས་རང་གི་སྙན་ངག་ཀློག་བཞིན་པ།

ཚོགས་མི་གེའུས་འོ་ཇ་དཀར་ཡོལ་གང་སྙན་ངག་ལ་བསྒྲེ་བཞིན་པ།

འབྲོག་བུ་དཀོན་བཀྲས<<ཁང་མིག་ཆུང་ཆུང་གི་ཟུར་ལོགས་ཤིག་ན>>ཞེས་པའི་སྙན་ངག་གྱེར་བཞིན་པ།

ཚོགས་ཞུགས་སྐུ་མགྲོན་གྱིས་སྙན་ངག་གྱེར་བཞིན་པ།

མི་རབས་གསུམ་པའི་སྙན་ངག་པ་རྨོག་རུ་ཤེས་རབ་རྡོ་རྗེས་མིང་རྟགས་འགོད་བཞིན་པ།

གཡུ་འབྲུག་ཚན་སྡེབ་ཀྱིས་མིང་རྟགས་འགོད་པའི་ཚུལ།

གསར་སྐྱེས་གཞས་ཚིག་རྩོམ་པ་པོ་ངར་མས་ཀུ་རེ་དང་མཉམ་དུ་མིང་འབྲི་བཞིན་པ།

བདུང་ལེན་དང་རི་མོ་སྙན་ངག་གསུམ་ཆར་འབྲེལ་འདྲིས་ཟབ་པའི་རྨ་ཆུའི་བསམ་བརྟན་གྱིས་མིང་རྟགས་འགོད་པའི་ཚུལ།

རྩོམ་པ་པོ་ཀླུ་མི་ཕམ(ཀ་མགོན)གྱིས་རང་གི་མིང་ཡིག་འབྲི་བཞིན་པ།

འདུ་འཛོམས་ཀྱི་ཟུར་ཞིག

གྱེས་ཁའི་མཉམ་པར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།