ཧི་མ་ལ་ཡའི་བོན་དྲ་བ་དངོས་སུ་ཤར་གཏོང་བྱས་པ།

དེ་ཡང་དབལ་སོ་གངས་རིས་བསྐོར་བའི་འཛམ་གླིང་འཛིན་མའི་ཡང་རྩེ་རུ་གྱུར་བའི་ས་མཐོ་བོད་ཀྱི་ཞིང་ཁམས་འདི་ལ། ཐོག་མ་ཉིད་ནས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དཀར་འཇམ་ཡུགས་གཅིག་ཏུ་དར་བ་ནི། རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་ཕྱོགས་ལས་རྣམ་པར་རྒྱལ་བ་ཉིད་ཀྱི་ཐུགས་གསང་ཡེ་ཤེས་ཀྱི་དཔལ་བེའུ་ནས། ས་བོན་བཟང་བསྐྱེད་བོན་གྱི་འཁོར་ལོ་རྣམ་གསུམ་རིམ་གྱིས་སྟེང་ལྷ་ཡུལ་དང་། འོག་ཀླུ་ཡུལ། བར་མི་ཡུལ་བཅས་སུ་སྐད་རིགས་མི་འདྲ་སུམ་བརྒྱ་དྲུག་ཅུ་ལས། རང་རང་གི་སྒྲ་སྐད་སོ་སོར་གོ་བར་བྱས་ཏེ་དར་བ་ཡིན་ལ། ལྷུན་གྱིས་གྲུབ་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ནུས་སྟོབས་ལས། གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ཇི་སྲིད་སེམས་ཅན་འདུ་ཤེས་མ་རྫོགས་བར་དུ་རྒྱུན་གནས་ཐུགས་རྗེ་རྣམ་བཞིའི་རང་བཞིན་དུ་གནས་པ་འདི་ཡང་། བསྐལ་བའི་གཤིས་ལུགས་དང་། དུས་ཀྱི་འཕོ་འགྱུར། སེམས་ཅན་གྱི་སྤྱི་མཐུན་ལས་དབང་གིས་བསྟན་པ་དར་ནུབ་ཅི་རིགས་བྱུང་ན་ཡང་། དོན་གཉེར་རྗེས་འཇུག་སྐྱེས་ཆེན་རྣམས་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་བའི་ལས་དོན་བདག་གིར་མཛད་དེ། ཉམས་པ་སླར་གསོ་དང་། མ་ཉམས་གོང་འཕེལ་དུ་གཏོང་བའི་ཐུགས་བསྐྱེད་ངོ་མཚར་མེ་རུ་སྒྲོན་པ་ནང་བཞིན། ཐོབ་པར་དཀའ་བ་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད་གདུལ་བྱའི་བློ་དང་འཚམས་པར། མ་ཐོས་པ་རྣམས་ལ་གོ་བར་བྱེད་པ་དང་། མ་མཐོང་བ་ཀུན་ལ་གསལ་བོར་སྟོན་པ། མ་རྟོགས་པ་ཡོངས་ལ་ཤེས་སུ་འཇུག་པའི་ཐབས་ལམ་གལ་ཆེན་དུ་དམིགས་ནས་ཧི་མ་ལ་ཡའི་རི་རྩེ་ནས་ཐོན་པའི་བོན་གྱི་དྲ་ཚིགས་འདི་ནི་གངས་ཆབ་བསིལ་མའི་ཉིང་བཅུད་དང་བསྡེབས་ནས། བོད་རང་ས་ནས་རྒྱལ་ནང་དང་། རྒྱབ་ཁབ་ནས་འཛམ་གླིང་ཧྲིལ་བོར་ཁ་ཕྱོགས་ཏེ། དར་སྤེལ་ཡུན་གནས་སུ་གཏོང་བ་ལ་ཀུན་གྱིས་གཟིགས་བདེ་བའི་ཆེད་དུ་བཟོས་པ་ཡིན། རྒྱ་ཆེ་བའི་ཀློག་པ་པོ་དག་གཟིགས་ཕེབས་གནང་བར་དགའ་བསུ་ཞུ་བཞིན་ཡོད།
www.himalayabon.com

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།