ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཇོ་མོ་གླང་མ་རིའི་རྟགས་མའི་བྱ་དགའ།

རིག་སྨོན་དཀོན་མཆོག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-23

                                

  ཉེ་ལམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་ནས་ཀྱིས་རྩ་འཛུགས་དང་གཙོ་སྒྲུབ་གནང་པའི་སྐབས་གཉིས་པའི་ཇོ་མོ་གླང་མ་རིའི་བོད་རིག་པ་ཞིབ་འཇུག་ཆེས་མཐོའི་་བྱ་དགའི་ནང་དུ་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་བཞིའི་ཞིབ་འཇུག་རྣམ་གྲངས་བཞི་ལ་བྱ་དགའ་ཐོབ།དེ་དག་རེ་རེ་ནི་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་བརྩམས་ཆོས་བོད་རྒྱུད་ནང་བསྟན་གྲུབ་མཐའ་ཁག་གི་མིང་འདོགས་ལ་དཔྱད་པ་ཞེས་པ་དང༌།  དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་ཀྱིས་བརྩམས་པའི་བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ་དང༌།དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་ཀྱི་ཡིག་རྙིང་དུ་གསལ་བའི་ལི་ཡུལ་གྱི་ལོ་རྒྱུས་ཁག་ཅིག་ལ་དཔྱད་པ་གསུམ་ལ་སོ་སོར་བྱ་དགའ་ཨང་གཉིས་པ་དང༌།དགེ་རྒན་ཚེ་རིང་འཚོས་བརྩམས་པའི་སྙན་གཞུང་མེ་ཏོག་མ་བརྩམས་ཆོས་ལ་བྱ་དགའ་ཨང་གསུམ་པ་ཐོབ། 
 ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཇོ་མོ་གླང་མ་རིའི་རྟགས་མའི་བྱ་དགའ་འདི་ནི་རྒྱལ་ཁབ་རིམ་པས་ཐག་གཅོད་གཏན་འབེབས་གནང་བའི་བོད་རིག་པ་ཞིབ་འཇུག་ཕྱོགས་ཀྱི་ཆེས་མཐོ་བའི་རྒྱལ་ཁབ་རིམ་པའི་བྱ་དགའ་ཡིན་ལ།ལོ་ལྔ་རེ་ཡི་ནང་དུ་ཐེངས་རེ་སྤེལ་ཀྱིན་ཡོད་པ་དང༌།སྐབས་དང་པོ་དེ་སྤྱི་ལོ2005ལོར་སྤེལ་ལ།ཐེངས་གཉིས་པའི་དཔྱད་འདེམས་བྱ་བ་དེ་2009ལོའི་ཟླ་7པ་ནས་དངོས་སུ་སྤེལ་མགོ་བརྩམས་པ་རེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཇོ་མོ་གླང་མ་རིའི་རྟགས་མའི་བྱ་དགའ།

2010-06-23 རིག་སྨོན་དཀོན་མཆོག ཀློག་གྲངས། མཆན ཡོད།

                                

  ཉེ་ལམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་ནས་ཀྱིས་རྩ་འཛུགས་དང་གཙོ་སྒྲུབ་གནང་པའི་སྐབས་གཉིས་པའི་ཇོ་མོ་གླང་མ་རིའི་བོད་རིག་པ་ཞིབ་འཇུག་ཆེས་མཐོའི་་བྱ་དགའི་ནང་དུ་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་བཞིའི་ཞིབ་འཇུག་རྣམ་གྲངས་བཞི་ལ་བྱ་དགའ་ཐོབ།དེ་དག་རེ་རེ་ནི་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་བརྩམས་ཆོས་བོད་རྒྱུད་ནང་བསྟན་གྲུབ་མཐའ་ཁག་གི་མིང་འདོགས་ལ་དཔྱད་པ་ཞེས་པ་དང༌།  དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་ཀྱིས་བརྩམས་པའི་བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ་དང༌།དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་ཀྱི་ཡིག་རྙིང་དུ་གསལ་བའི་ལི་ཡུལ་གྱི་ལོ་རྒྱུས་ཁག་ཅིག་ལ་དཔྱད་པ་གསུམ་ལ་སོ་སོར་བྱ་དགའ་ཨང་གཉིས་པ་དང༌།དགེ་རྒན་ཚེ་རིང་འཚོས་བརྩམས་པའི་སྙན་གཞུང་མེ་ཏོག་མ་བརྩམས་ཆོས་ལ་བྱ་དགའ་ཨང་གསུམ་པ་ཐོབ། 
 ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཇོ་མོ་གླང་མ་རིའི་རྟགས་མའི་བྱ་དགའ་འདི་ནི་རྒྱལ་ཁབ་རིམ་པས་ཐག་གཅོད་གཏན་འབེབས་གནང་བའི་བོད་རིག་པ་ཞིབ་འཇུག་ཕྱོགས་ཀྱི་ཆེས་མཐོ་བའི་རྒྱལ་ཁབ་རིམ་པའི་བྱ་དགའ་ཡིན་ལ།ལོ་ལྔ་རེ་ཡི་ནང་དུ་ཐེངས་རེ་སྤེལ་ཀྱིན་ཡོད་པ་དང༌།སྐབས་དང་པོ་དེ་སྤྱི་ལོ2005ལོར་སྤེལ་ལ།ཐེངས་གཉིས་པའི་དཔྱད་འདེམས་བྱ་བ་དེ་2009ལོའི་ཟླ་7པ་ནས་དངོས་སུ་སྤེལ་མགོ་བརྩམས་པ་རེད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།