ཙོང་ཆུའི་དྲ་བ་ཤར་གཏོང་ཐུབ་པ་བྱུང་བའི་གནས་ཚུལ་མདོར་བསྡུས།

གསར་འགོད་པ་གླིང་སྨྱོན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-28

        (ཙོང་ཆུའི་དྲ་བ་ནས་འབྱོར་བའི་འཕྲིན) དེ་ཡང་སྤྱི་ལོ༢༠༡༠ལོའི་ཟླ༥བའི་ཚེས༢༨ཉིན་ཏེ་ལུགས་རྙིང་གི་ཟླ༤བའི་ཚེས༡༥ཉིན་གྱི་ཉི་བཟང་སྐར་བཟང་གི་དུས་འདི་དང་བསྟུན་ནས་ཙོང་ཆུའི་དྲ་བ་དེ་མདོ་སྨད་ཨ་མདོའི་ཡུལ་ནས་སྐུ་བལྟམས་པ་རེད།


ཙོང་ཆུའི་དྲ་བའི་མདུན་ཤོག

        ཙོང་ཆུའི་དྲ་བ་འདི་ནི་མི་སྒེར་གྱིས་མ་དངུལ་བཏང་ཏེ་བཟོས་པའི་བོད་ཡིག་གི་དྲ་ཚིགས་ཅིག་ཡིན་ལ། ཕྱིའི་རྣམ་པའི་ཐད་ནས་སྟབས་བདེ་བ་གཙོ་བོར་བཟུང་ཞིང་། ནང་དོན་གྱི་ཐད་ནས་འཕྲིན་གསར་དང་། ལོ་རྒྱུས། ནང་བསྟན། བསྟོད་ཚོགས། བསླབ་བྱ། སློབ་གསོ། མི་སྣ། གནས་བཤད། འཆད་ཁྲིད། དཔྱད་རྩོམ། ལྷུག་རྩོམ། འགྱུར་མ། པར་མཛོད། ཡུལ་སྲོལ། བྱམས་སྙིང་། ཐོར་བུ། ཡིག་གཟུགས་བཅས་བསྡོམས་པས་ལེ་ཚན་བཅུ་བདུན་གྱིས་གྲུབ་ཏེ་ནང་དོན་ཕལ་ཆེར་མ་འདུས་པ་མེད་པ་ལྟ་བུར་ཆགས་ཏེ་ཅུང་གཞི་རྒྱ་ཆེ་བའི་དྲ་ཚིགས་ཅིག་ཏུ་བསྒྲུབ་རྩིས་ཀྱི་འདུན་པ་མཆིས།

        མིག་སྔར་ཙོང་ཆུའི་དྲ་བའི་ལེ་ཚན་ཁག་ཏུ་རྩོམ་ཡིག་གི་རྒྱུ་ཆ་དཀོན་པའི་གནད་དོན་ལྷགས་ཡོད་མོད། འོན་ཀྱང་མ་འོངས་པར་ང་ཚོས་འབད་པ་ལྷོད་མེད་བགྱིས་ཏེ་སྔར་ལས་ཁ་ཚང་ཞིང་དོན་སྙིང་ལྡན་པའི་རྩོམ་ཡིག་སྐོར་ཞིག་འཇོག་རྩིས་ཡོད་པས་རྒྱ་ཆེ་བའི་ཀློག་པ་པོ་དག་གིས་ངེད་དྲ་བར་ཐུགས་འཁུར་དང་རྒྱབ་སྐྱོར་གང་ལེགས་ཡོང་བའི་རེ་འདུན་དང་བཅས།

ཙོང་ཆུའི་དྲ་བ་ནས།
སྤྱི་ལོ༢༠༡༠ལོའི་ཟླ༥བའི་ཚེས༢༨ཉིན།

རྩོམ་ཁུངས། ཙོང་ཆུའི་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཙོང་ཆུའི་དྲ་བ་ཤར་གཏོང་ཐུབ་པ་བྱུང་བའི་གནས་ཚུལ་མདོར་བསྡུས།

2010-05-28 གསར་འགོད་པ་གླིང་སྨྱོན། ཀློག་གྲངས། མཆན ཡོད།

        (ཙོང་ཆུའི་དྲ་བ་ནས་འབྱོར་བའི་འཕྲིན) དེ་ཡང་སྤྱི་ལོ༢༠༡༠ལོའི་ཟླ༥བའི་ཚེས༢༨ཉིན་ཏེ་ལུགས་རྙིང་གི་ཟླ༤བའི་ཚེས༡༥ཉིན་གྱི་ཉི་བཟང་སྐར་བཟང་གི་དུས་འདི་དང་བསྟུན་ནས་ཙོང་ཆུའི་དྲ་བ་དེ་མདོ་སྨད་ཨ་མདོའི་ཡུལ་ནས་སྐུ་བལྟམས་པ་རེད།


ཙོང་ཆུའི་དྲ་བའི་མདུན་ཤོག

        ཙོང་ཆུའི་དྲ་བ་འདི་ནི་མི་སྒེར་གྱིས་མ་དངུལ་བཏང་ཏེ་བཟོས་པའི་བོད་ཡིག་གི་དྲ་ཚིགས་ཅིག་ཡིན་ལ། ཕྱིའི་རྣམ་པའི་ཐད་ནས་སྟབས་བདེ་བ་གཙོ་བོར་བཟུང་ཞིང་། ནང་དོན་གྱི་ཐད་ནས་འཕྲིན་གསར་དང་། ལོ་རྒྱུས། ནང་བསྟན། བསྟོད་ཚོགས། བསླབ་བྱ། སློབ་གསོ། མི་སྣ། གནས་བཤད། འཆད་ཁྲིད། དཔྱད་རྩོམ། ལྷུག་རྩོམ། འགྱུར་མ། པར་མཛོད། ཡུལ་སྲོལ། བྱམས་སྙིང་། ཐོར་བུ། ཡིག་གཟུགས་བཅས་བསྡོམས་པས་ལེ་ཚན་བཅུ་བདུན་གྱིས་གྲུབ་ཏེ་ནང་དོན་ཕལ་ཆེར་མ་འདུས་པ་མེད་པ་ལྟ་བུར་ཆགས་ཏེ་ཅུང་གཞི་རྒྱ་ཆེ་བའི་དྲ་ཚིགས་ཅིག་ཏུ་བསྒྲུབ་རྩིས་ཀྱི་འདུན་པ་མཆིས།

        མིག་སྔར་ཙོང་ཆུའི་དྲ་བའི་ལེ་ཚན་ཁག་ཏུ་རྩོམ་ཡིག་གི་རྒྱུ་ཆ་དཀོན་པའི་གནད་དོན་ལྷགས་ཡོད་མོད། འོན་ཀྱང་མ་འོངས་པར་ང་ཚོས་འབད་པ་ལྷོད་མེད་བགྱིས་ཏེ་སྔར་ལས་ཁ་ཚང་ཞིང་དོན་སྙིང་ལྡན་པའི་རྩོམ་ཡིག་སྐོར་ཞིག་འཇོག་རྩིས་ཡོད་པས་རྒྱ་ཆེ་བའི་ཀློག་པ་པོ་དག་གིས་ངེད་དྲ་བར་ཐུགས་འཁུར་དང་རྒྱབ་སྐྱོར་གང་ལེགས་ཡོང་བའི་རེ་འདུན་དང་བཅས།

ཙོང་ཆུའི་དྲ་བ་ནས།
སྤྱི་ལོ༢༠༡༠ལོའི་ཟླ༥བའི་ཚེས༢༨ཉིན།

རྩོམ་ཁུངས། ཙོང་ཆུའི་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།