བོད་ཀྱི་འབྲོག་སྡེ་ཁག་ནས་ཅང་ཤེས་རྟ་ཕོའི་རིན་གོང་མཐོན་པོར་འཕར་ཡོད་པ།

 
 ཚན་རྩལ་དང་ཨར་ལས་ལྟེ་བར་བྱས་པའི་དེང་རབས་རིག་གནས་ཀྱིས་བོད་ཀྱི་འབྲོག་པའི་འཚོ་བར་བརྡབ་གསིག་ཆེན་པོ་བཏང་སྟེ་སྔར་གྱི་རྣམ་པ་ཅི་རིགས་ལ་འགྱུར་བ་སྣ་ཚོགས་ཐེབས་ཀྱིན་འདུག་ལ། རུ་སྐྱས་སྤོར་དང་ཁལ་བཀལ་འགེལ་སོགས་དེ་ཙམ་མི་དགོས་པར་གནས་གཅིག་ཏུ་རྩྭ་སར་ལྕགས་རར་བསྐོར་ཏེ་སྡོད་ཆོག་པའི་རྐྱེན་གྱིས་ཅང་ཤེས་རྟ་ཕོའི་ཚབ་དེ་འཕྲུལ་རྟས་བྱས་འདུག་པ་ལྟར་སྣང་ནའང་འབྲོག་པ་ཚོས་ཡབ་མེས་ནས་བརྒྱུད་པའི་ནོར་བུ་དེ་ཉིད་བློས་གཏོང་མི་ཐུབ་པའི་ཚུལ་གྱིས་གང་ས་གང་ནས་རྟ་རྒྱུགས་ཀྱི་འགྲན་སྡུར་སྣ་ཚོགས་སྤེལ་ནས་རྟ་ཡི་རྒྱུད་པ་མི་ཉམས་པའི་ཕྱོགས་ཀྱི་འདུན་པ་ཕྱིར་སྟོན་གྱི་འདུག གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། བོད་ཀྱི་འབྲོག་སྡེ་རྐ་ཁོག་དང་། མཛོད་དགེ། རྨ་ལྷོ། རྨ་ཆུ། འཛམ་ཐང་། བསང་ཁོག གཅིག་སྒྲིལ། དར་ལག རྨ་ཆེན། ནང་ཆེན། གསེར་རྟ་སོགས་སུ་ལོ་རེ་རེ་བཞིན་གཞུང་ཕྱོགས་དང་དམངས་ཁྲོད་ནས་བསྡུས་པའི་རྟ་རྒྱུགས་འགྲན་ཚོགས་ཆེ་ཆུང་ཅི་རིགས་པ་ཐེངས་སྟོང་ལ་ཉེ་བ་སྤེལ་བཞིན་པ་དང་། དེ་ཡི་རྐྱེན་པས་འབྲོག་པ་ཚོས་ཞོན་རྟ་མི་དགོས་ནའང་གཤིབ་རྟ་རེ་ཉོ་བའི་ཐབས་ལ་བརྟེན་ནས་ཅང་ཤེས་རྟ་ཕོའི་རྒྱུད་པ་སྤེལ་གྱིན་འདུག དེ་བཞིན་གཤིབ་རྟ་མགྱོགས་པའི་རིན་གོང་ཡང་སྔར་ལས་ལྷག་པར་ལྡབ་འགྱུར་གྱིས་འཕེལ་གྱིན་ཡོད་དེ། དཔེར་ན་མདོ་སྨད་ཁྲོ་ཁོའི་ཕྱོགས་ན་སྡེ་བ་གཅིག་ནང་ན་ཡང་རིན་གོང་དམངས་དངུལ་འབུམ་གཅིག་གི་ཡན་རི་བའི་རྟ་ཕོ་བཞི་ལྔ་ཙམ་ཡོད་ཅིང་སྦྲ་ཆེན་གྱི་དགེ་ལུ་ཚང་ཟེར་བའི་རྟ་ཕོ་དེ་འབྲི་མོ་བརྒྱ་ལ་མ་བརྗེས་པའི་གནས་ཚུལ་ཡང་གང་སར་ཁྱབ་འདུག་གོ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་འབྲོག་སྡེ་ཁག་ནས་ཅང་ཤེས་རྟ་ཕོའི་རིན་གོང་མཐོན་པོར་འཕར་ཡོད་པ།

2011-07-19 སྐྱིད་འཛོམས། ཀློག་གྲངས། མཆན ཡོད།

 
 ཚན་རྩལ་དང་ཨར་ལས་ལྟེ་བར་བྱས་པའི་དེང་རབས་རིག་གནས་ཀྱིས་བོད་ཀྱི་འབྲོག་པའི་འཚོ་བར་བརྡབ་གསིག་ཆེན་པོ་བཏང་སྟེ་སྔར་གྱི་རྣམ་པ་ཅི་རིགས་ལ་འགྱུར་བ་སྣ་ཚོགས་ཐེབས་ཀྱིན་འདུག་ལ། རུ་སྐྱས་སྤོར་དང་ཁལ་བཀལ་འགེལ་སོགས་དེ་ཙམ་མི་དགོས་པར་གནས་གཅིག་ཏུ་རྩྭ་སར་ལྕགས་རར་བསྐོར་ཏེ་སྡོད་ཆོག་པའི་རྐྱེན་གྱིས་ཅང་ཤེས་རྟ་ཕོའི་ཚབ་དེ་འཕྲུལ་རྟས་བྱས་འདུག་པ་ལྟར་སྣང་ནའང་འབྲོག་པ་ཚོས་ཡབ་མེས་ནས་བརྒྱུད་པའི་ནོར་བུ་དེ་ཉིད་བློས་གཏོང་མི་ཐུབ་པའི་ཚུལ་གྱིས་གང་ས་གང་ནས་རྟ་རྒྱུགས་ཀྱི་འགྲན་སྡུར་སྣ་ཚོགས་སྤེལ་ནས་རྟ་ཡི་རྒྱུད་པ་མི་ཉམས་པའི་ཕྱོགས་ཀྱི་འདུན་པ་ཕྱིར་སྟོན་གྱི་འདུག གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། བོད་ཀྱི་འབྲོག་སྡེ་རྐ་ཁོག་དང་། མཛོད་དགེ། རྨ་ལྷོ། རྨ་ཆུ། འཛམ་ཐང་། བསང་ཁོག གཅིག་སྒྲིལ། དར་ལག རྨ་ཆེན། ནང་ཆེན། གསེར་རྟ་སོགས་སུ་ལོ་རེ་རེ་བཞིན་གཞུང་ཕྱོགས་དང་དམངས་ཁྲོད་ནས་བསྡུས་པའི་རྟ་རྒྱུགས་འགྲན་ཚོགས་ཆེ་ཆུང་ཅི་རིགས་པ་ཐེངས་སྟོང་ལ་ཉེ་བ་སྤེལ་བཞིན་པ་དང་། དེ་ཡི་རྐྱེན་པས་འབྲོག་པ་ཚོས་ཞོན་རྟ་མི་དགོས་ནའང་གཤིབ་རྟ་རེ་ཉོ་བའི་ཐབས་ལ་བརྟེན་ནས་ཅང་ཤེས་རྟ་ཕོའི་རྒྱུད་པ་སྤེལ་གྱིན་འདུག དེ་བཞིན་གཤིབ་རྟ་མགྱོགས་པའི་རིན་གོང་ཡང་སྔར་ལས་ལྷག་པར་ལྡབ་འགྱུར་གྱིས་འཕེལ་གྱིན་ཡོད་དེ། དཔེར་ན་མདོ་སྨད་ཁྲོ་ཁོའི་ཕྱོགས་ན་སྡེ་བ་གཅིག་ནང་ན་ཡང་རིན་གོང་དམངས་དངུལ་འབུམ་གཅིག་གི་ཡན་རི་བའི་རྟ་ཕོ་བཞི་ལྔ་ཙམ་ཡོད་ཅིང་སྦྲ་ཆེན་གྱི་དགེ་ལུ་ཚང་ཟེར་བའི་རྟ་ཕོ་དེ་འབྲི་མོ་བརྒྱ་ལ་མ་བརྗེས་པའི་གནས་ཚུལ་ཡང་གང་སར་ཁྱབ་འདུག་གོ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།