༼ང་རོ༽འི་འགྲེམ་བརྡ།

  སློབ་གྲོགས་རྣམ་པ།
  ༼ང་རོ༽འདོན་ཐེངས་ལྔ་པ་དབྱར་གཞུང་འདིའི་ཚ་རྨུགས་ཀློང་དུ་ཁེ་ཉིན་གྱི་དྲག་ཆར་ནང་བཞིན་སླེབས་ཡོད། སང་ཉིན༼ང་རོའི༽འགྲེམས་སྤེལ་ཚོགས་འདུ་འཚོག་འཆར་ཡོད་པས། སློབ་གྲོགས་ཚོ་ཕེབས་རོགས་གནོང་དང་། འདི་རུ་སྐོམ་གདུང་སེལ་བྱེད་ཀྱི་ཆུ་ཀུབ་དང་ཙད་པ་འཇོམས་བྱེད་ཀྱི་ཆུ་འཁྱག དུག་གསུམ་འདུལ་བྱེད་ཀྱི༼ང་རོ༽ཡོད།
ས་གནས། བོད་རིག་པ་ཞིབ་འཇུག་གླིང་གི་གྲོས་ཚོགས་ཁང་།
དུས་ཚོད། ༢༠༡༡ལོའི་ཟླ༦པའི་ཚེས༢༦ཉིན་གྱི་ཕྱི་དྲོའི་ཆུ་ཚོད༢པ།
༼ང་རོ༽རྩོམ་སྒྲིག་ཁང་ནས།
   གོང་གི་འདི་ནི་ཁ་སང་ང་ཚོས་སྤེལ་བའི༼ང་རོ༽དེབ་ལྔ་པ་སྒོར་ཕུད་དུས་ཀྱི་འགྲེམས་སྤེལ་བརྡ་ཐོ་ཡིན།
    གཤམ་དུ་སྐབས་ཐོག་དེའི་བཤད་གཏམ་འགའ་ཡིད་ན་ཡོད་པ་དག་བཀོད་ན།
    རྩོམ་སྒྲིག་པས་བཤད་རྒྱུར།
    ༡ ༼ང་རོ༽དེབ་ལྔ་པ་ནི༼ང་རོ༽དེབ་སྔོན་མ་བཞི་བོའི་ཕྱོགས་བསྡོམས་ཐེངས་ཤིག་ཡིན།
   ༢ དེབ་འདིར་བཀོད་ཚད་ཀྱི་རྩོམ་མཐའ་དག་ལ་རྩོམ་པ་པོས་ཆོག་མཆན་ཐོབ་ཡོད།
   ༣ དེབ་འདི་དམིགས་ཡུལ་གསལ་བ་དང་ཁ་གཏོད་ས་ཡོད་པའི་སྒོ་ནས་བསྒྲིགས་ཡོད།
   ༤ དེབ་འདི་བསྒྲིགས་ཕྱིར་ང་ཚོས་ཆེད་དུ་པར་བསྒྲིགས་ལག་རྩལ་མཐའ་དག་སྦྱངས་པ་ཡིན།
    ༥ དཀར་ཆག་དབྱིན་འགྱུར་བྱས་ཏེ་དེབ་འདི་ཕྱི་ཕྱོགས་སུ་མང་ཙམ་སྤེལ་འཆར་ཡོད།
  སློབ་གྲོགས་ཀ་པས།
   ༡ ད་བར་བོད་ཁམས་ཀྱི་དུས་དེབ་མཐའ་དག་ལས་འདི་འདྲའི་དེབ་ལེགས་པོ་ཞིག་མཐོང་མྱོང་མེད།
   སློབ་གྲོགས་ཁ་པས།
   ༢ འདིས་ང་ཚོའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཆུ་ཚད་མཚོན་ཡོད་འདུག
    སློབ་གྲོགས་ག་པས།
    ༣ དེ་ཐེངས་ཀྱི༼ང་རོ༽ནི་དོན་གྱི༼ང་རོ༽རེད།
     སློབ་གྲོགས་ང་པས།
    ༤ རྩོམ་སྒྲིག་པ་ཉུང་ཐལ་འདུག ནོར་འཁྲུལ་རེ་འགའ་ཡོད་པ་དེའི་རྐྱེན་ཡིན་རྒྱུ་རེད།
      སློབ་གྲོགས་ཅ་པས།
      ༥ རྩོམ་ཡིག་རིང་པོ་དག་ཆབ་སྲིད་ཡིག་ཆ་འགོད་འགོད་བྱས་འདུག
      སློབ་གྲོགས་ཆ་པས།
      ༦ པར་ངོས་བསྒྲིགས་སྟངས་རེ་འགའ་ཤོག་ངོས་འཕྲོ་བརླག་བྱས་པ་ལས་མེད།
      སློབ་གྲོགས་ཇ་པས།
      ༧ འདི་ན་ཡིག་ནོར་ཞིག་འདུག
       མཇུག་མཐར་ཁོ་ཚོས་སིལ་ཏོག་འགྲངས་ཚད་ཅིག་དང་སིལ་ཁུ་དུངས་ཚད་ཅིག་འཐུང་རྗེས༼ང་རོའི༽འཁྲུངས་སྐར་ལ་སྐྱེམས་ཆང་བཏེགས་ཡོད་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼ང་རོ༽འི་འགྲེམ་བརྡ།

2011-07-13 བྱམས་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།