འཇུ་མི་ཕམ་སྐུ་འདས་ནས་ལོ་བརྒྱ་ལོན་པར་རྗེས་དྲན་བྱས་པ།

 མི་ཕམ་རྗེས་དྲན་ལྷ་ཁང་ཅན་གྱི་མཆོད་རྟེན་བྱང་ཆུབ་ཆེན་པོའི་སྤྱི་དབྱིབས་བཞུགས།
 དེ་རིང་སྟེ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཡོས་ཟླ་བ་ལྔ་བའི་ཡར་ཚེས་བཅུ་ཉིན་གྱི་ཉི་ཤར་ལ། མགོ་ལོག་ཨ་སྐྱོང་ཁང་སར་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་དུ་༧ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་ཆིབས་བསྒྱུར་གནང་སྐབས། སྔོན་བྱོན་གྱི་མཁས་གྲུབ་ཅོག་སྟེང་མདོ་སྤྲུལ་གྱི་ལུང་དོན་སོགས་དགོས་པ་དུ་མ་ཡོད་པ་ཞལ་གྱིས་བཞེས་པ་དང་། སྐུ་དངོས་ཀྱིས་ས་འདུལ་བྱིན་རླབས་ནས་བཟུང་རྟེན་བཞེངས་ལུགས་དང་། མཆོད་རྟེན་བུམ་སྒོ་སྐོར་ཕྱོགས་སོགས་ལ་ཐུགས་བཀོད་ཞིབ་རྒྱས་གནང་བ་ལྟར་སྨིན་ཐང་འཇུ་མཁན་པོ་ཉི་མ་ལགས་ཀྱིས་བཞེངས་པའི་མཆོད་རྟེན་བྱང་ཆུབ་ཆེན་པོ་ལེགས་གྲུབ་རབ་གནས་དང་འབྲེལ། གངས་རིའི་ཁྲོད་ཀྱི་མཁས་མཆོག་དམ་པ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་གི་དགོངས་པ་ཆོས་དབྱིངས་སུ་བསྡུས་ནས་ལོ་འཁོར་བརྒྱ་འདས་པའི་རྗེས་དྲན་སྨོན་ལམ་གྱི་མཛད་སྒོ་སྤེལ། སྨོན་ལམ་མཛད་སྒོ་སྤེལ་མཁན་ནི་ཁང་སར་སྨིན་ཐང་དགོན་པ། ཁང་སར་སྟག་ལུང་དགོན། ཁང་སར་ཉིན་ཡུལ་གསར་མ་དགོན། ཁང་སར་ཇོ་ནང་དགོན། ཁང་སར་རྨ་ཉིན་བཙུན་མའི་དགོན། མདོ་ལྷོ་རྨ་ཆུའི་མུ་ར་དགོན་རྣམས་ཀྱི་བླ་སྤྲུལ་མཁན་གསུམ་གྱི་གཙོས་གྲྭ་ཚང་ཆེད་ཞུས་དང་། མདོ་ལྷོ་དངུལ་རྭ་དགོན། སི་ཁྲོན་འཇུ་མང་དང་འཇུ་ཉུང་དགོན།་ མགོ་ལོག་སྦྲ་སར་ཁྲ་ཡངས་དགོན། གསེར་ལྗོངས་ལྔ་རིག་ནང་བསྟན་སློབ་གླིང་སོགས་ཀྱི་སྤྱི་ཚབ་མི་སྣ་སོགས་ཕྱོགས་སོ་སོ་ནས་ཕེབས་པའི་གྲྭ་བ་ལྔ་བརྒྱ་ཙམ་གྱིས་མི་ཕམ་རྗེས་དྲན་ལྷ་ཁང་གི་སྒོ་འབྱེད་ནས་བརྩམས་རྗེས་དྲན་སྨོན་ལམ་གཟབ་རྒྱས་དང་། རྒྱང་རིང་ས་གནས་མི་འདྲ་བ་ནས་ཕེབས་པའི་རྒྱ་ནག་གི་ནང་བསྟན་ཆོས་དད་པ་དང་། སྨིན་ཐང་ས་གནས་ཀྱི་མང་ཚོགས་དད་ལྡན་པ་ལྷན་རྒྱས་ཀྱིས་ཕྱག་མཆོད་སྨོན་ལམ་རྒྱ་ཆེན་མཛད།
  འཇུ་མི་ཕམ་རྗེས་དྲན་ལྷ་ཁང་བཞེངས་པ་པོ་འཇུ་བླ་མ་དར་འཕན་ལགས་ཀྱིས་མཛད་སྒོ་འདིར་ཆེད་དུ་དམིགས་ཏེ། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་བྱིན་རླབས་ཅན་གསུང་འབུམ་རིན་པོའི་ཁྲོད་དུ་འཁོད་མ་མྱོང་ཡང་། ཀུན་མཁྱེན་བླ་མའི་ཕྱག་དཔེ་དངོས་མ་འཁྲུལ་མེད་ཡིན་ཞེས་དིལ་མགོ་མཁྱེན་རྩེ་རིན་པོ་ཆེའི་ཞལ་འདོན་ཁྲོད་ན་ཁ་གསལ་གྱི་ཟུར་མཆན་བཅས་བཞུགས་པའི<<འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་གྱི་མཆན་འགྲེལ་ཟབ་དོན་འབྱེད་པའི་ལྡེའུ་མིག>>དང་། ཀུན་མཁྱེན་མི་ཕམ་དང་སྐུ་དུས་མཉམ་ཞིང་རྗེ་གང་གི་མཛད་འཕྲིན་ལ་རྒྱུས་ཤིན་ཏུ་ཆེ་བའི་རཀ་ར་བཀྲས་མཐོང་ལགས་ཀྱིས་བྲིས་པའི<<གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་འཇམ་མགོན་མི་ཕམ་རྒྱ་མཚོའི་རྣམ་ཐར་སྙིང་པོ་བསྡུས་པ།>>(འཇུ་མི་ཕམ་གྱི་རྣམ་ཐར་སྔ་ཤོས་ཁུངས་དག་རྩོམ་མཁན་བཀྲས་མཐོང་བ་འགྱུར་མེད་རྒྱ་མཚོ་ཞུ་བ་དེ་ནི། ༡༨༩༠ ལོར་བོད་གཙང་ཕྱོགས་གཞིས་ཀ་རྩེའི་བཀྲས་མཐོང་གཞིས་ཀར་འཁྲུངས་ཤིང་། བོད་ཀྱི་ལོ་རྒྱུས་སྟེང་གོ་གནས་ཆེས་མཐོའི་རང་བཞིན་གྱི་མི་སྣ་རླབས་ཆེན་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༣༨ ལ་འདས་པ་ཞིག་ཡིན་འདུག་ལོ་རྒྱུས་རྒྱས་པ་གཞན་དུ་གཟིགས) དང་། སྔོན་བྱོན་གྱི་མཁས་གྲུབ་དམ་པ་ཁམས་ཀོང་སྤྲུལ་རིན་པོ་ཆེ། སི་ཏུ་ཆོས་ཀྱི་རྒྱ་མཚོ། རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ། ༧ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་ཀྱིས་ཀུན་མཁྱེན་མི་ཕམ་ལ་བསྟོད་པའི་སྐོར་དང་། གཞན་ད་ལྟ་འཚོ་ཞིང་བཞུགས་པའི་འཕགས་བོད་གཉིས་བཞུགས་ཀྱི་སྐྱེས་ཆེན་དང་རྩོམ་པ་པོ་མི་ཉུང་བ་ཞིག་གིས་ཆེད་བྲིས<<འཇུ་མི་ཕམ >>ཞེས་ཁོང་གངས་ལྗོངས་འདི་ནས་དགོངས་པ་རྫོགས་ཏེ་ལོ་ངོ་བརྒྱ་འདས་པར་ཆེད་བྲིས་ཀྱི་རྩོམ་སྣ་སོགས་འདུས་པའི་རྩོམ་དེབ་འགྲེམ་སྤེལ་གནང་བ་དང་མཛད་སྒོ་འདིའི་མགོ་འཛིན་གཙོ་འགན་མཛད་པ་ནི་ཡ་རབས་ཀྱི་མཛད་སྤྱོད་ཅིག་དང་། ཡང་ན་རང་རེ་བོད་ཀྱི་མེས་པོ་གོང་མ་བཀའ་དྲིན་ཅན་དག་ལ་ཕྱོགས་འཛིན་མེད་པར་འདི་ལྟར་རྗེས་དྲན་གུས་འདུད་དགོས་པའི་སྐུལ་མའམ་རུ་འདྲེན་ཞིག་ཀྱང་རེད་སྙམ་མོ། །

རྩོམ་ཁུངས། སེང་རྡོར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇུ་མི་ཕམ་སྐུ་འདས་ནས་ལོ་བརྒྱ་ལོན་པར་རྗེས་དྲན་བྱས་པ།

2011-07-10 སྨིན་དབུས་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།