བོད་སྐད་ཀྱི་ལམ་ནས་ནུབ་ཀྱི་དེང་རབས་ཕྱི་མའི་ལུགས་ཀྱི་གཞུང་ལུགས་ཁྲིད་མགོ་བརྩམས་པ།

གསར་འགོད་པ་གནམ་འབྲུག་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-29

  
   ༼མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ནམ་འབུམ་རམས་པ་ཡོན་ཏན་ལགས་ཀྱི་ཉེ་བའི་སྐུ་པར༽
   མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་ཡིག་སྡེ་ཁག་གི་དགེ་རྒན་ནམ་འབུམ་རམས་པ་ཡོན་ཏན་ལགས་ཀྱིས་འདི་གའི་སློབ་གླིང་དུ་དེང་རབས་རིང་ལུགས་དང་དེང་རབས་རིང་ལུགས་ཕྱི་མའི་རིག་གཞུང་སྐོར་གྱི་སློབ་ཁྲིད་བྱས་ཤིང་།འདི་ནི་བོད་རིགས་སློབ་མས་བོད་སྐད་ཀྱི་ལམ་ནས་གཞུང་ལུགས་དེར་རྒྱུས་ལོན་ཐོབ་པ་ཐོག་མ་ཡིན།མ་ཟད་བོད་དུ་དེང་རབས་རིང་ལུགས་དང་དེང་རབས་རིང་ལུགས་ཕྱི་མའི་གཞུང་ལུགས་སློབ་ཁྲིད་ཀྱི་སྟོང་ཆ་སྐོང་ཐུབ་པར་གྱུར།
 སློབ་སྐབས་འདིར་ཁོང་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་སློབ་མ་བརྒྱ་དང་ལྔ་བཅུ་ལྷག་ལ།ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་སྨྲ་བ་ཁཱན་ཐྲི(Immanuel Kant)དང་།ཉེ་ཁྲེ།(Friedrich Wilhelm Nietzsche) ཧྥི་རེའུད།(Sigmund Freud)ཧའེ་རྡི་ཀར།(Martin Heidegger ) མཱ་ཁི་སི་བེ་པེར།(Max Weber)ཧྥོ་ཁོལ་ཐྲི།(Foucault )དཱི་རེ་ཏ།(Derrida ) བཅས་ཀྱི་ལྟ་དགོངས་རྣམས་རིམ་གྱིས་ཁྲིད་ཅིང་། དེང་རབས་རིང་ལུགས་ཀྱི་འབྱུང་ཁུངས་དང་བྱུང་འཕེལ། དེང་རབས་རིང་ལུགས་ཕྱི་མའི་འབྱུང་ཁུངས་དང་བྱུང་འཕེལ། དེང་རབས་རིང་ལུགས་དང་དེང་རབས་རིང་ལུགས་ཕྱི་མའི་བར་གྱི་འབྲེལ་བ་ཆགས་སྟངས། མིང་བརྡ་གསར་བ་དང་ལྟ་གྲུབ། བློ་འབྱེད་བསམ་བློ་དང་མི་གཤིས་བཅིངས་འགྲོལ། སྒྲིག་གཞི་རིང་ལུགས་དང་སྒྲིག་གྲོལ་རིང་ལུགས། དེང་རབས་སྤྱི་ཚོགས་དང་ཆོས་ལུགས་ཀྱི་འབྲེལ་བ་སོགས་ནུབ་གླིང་གི་གཞུང་ལུགས་གསར་ཤོས་སྐོར་རྒྱས་འགྲེལ་བྱས་ཡོད་པ་དང་།ཞོར་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་གཤིབ་སྡུར་བྱེད་པའི་ཐབས་ལམ་སྤྱད་དེ་སློབ་མ་རྣམས་ལ་གོ་བསྐོན་བློ་འགུགས་སྒོས་སློབ་ཁྲིད་བྱས་ཡོད་པ་རེད།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་སྐད་ཀྱི་ལམ་ནས་ནུབ་ཀྱི་དེང་རབས་ཕྱི་མའི་ལུགས་ཀྱི་གཞུང་ལུགས་ཁྲིད་མགོ་བརྩམས་པ།

2011-06-29 གསར་འགོད་པ་གནམ་འབྲུག་རྒྱལ། ཀློག་གྲངས། མཆན ཡོད།

  
   ༼མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ནམ་འབུམ་རམས་པ་ཡོན་ཏན་ལགས་ཀྱི་ཉེ་བའི་སྐུ་པར༽
   མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་ཡིག་སྡེ་ཁག་གི་དགེ་རྒན་ནམ་འབུམ་རམས་པ་ཡོན་ཏན་ལགས་ཀྱིས་འདི་གའི་སློབ་གླིང་དུ་དེང་རབས་རིང་ལུགས་དང་དེང་རབས་རིང་ལུགས་ཕྱི་མའི་རིག་གཞུང་སྐོར་གྱི་སློབ་ཁྲིད་བྱས་ཤིང་།འདི་ནི་བོད་རིགས་སློབ་མས་བོད་སྐད་ཀྱི་ལམ་ནས་གཞུང་ལུགས་དེར་རྒྱུས་ལོན་ཐོབ་པ་ཐོག་མ་ཡིན།མ་ཟད་བོད་དུ་དེང་རབས་རིང་ལུགས་དང་དེང་རབས་རིང་ལུགས་ཕྱི་མའི་གཞུང་ལུགས་སློབ་ཁྲིད་ཀྱི་སྟོང་ཆ་སྐོང་ཐུབ་པར་གྱུར།
 སློབ་སྐབས་འདིར་ཁོང་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་སློབ་མ་བརྒྱ་དང་ལྔ་བཅུ་ལྷག་ལ།ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་སྨྲ་བ་ཁཱན་ཐྲི(Immanuel Kant)དང་།ཉེ་ཁྲེ།(Friedrich Wilhelm Nietzsche) ཧྥི་རེའུད།(Sigmund Freud)ཧའེ་རྡི་ཀར།(Martin Heidegger ) མཱ་ཁི་སི་བེ་པེར།(Max Weber)ཧྥོ་ཁོལ་ཐྲི།(Foucault )དཱི་རེ་ཏ།(Derrida ) བཅས་ཀྱི་ལྟ་དགོངས་རྣམས་རིམ་གྱིས་ཁྲིད་ཅིང་། དེང་རབས་རིང་ལུགས་ཀྱི་འབྱུང་ཁུངས་དང་བྱུང་འཕེལ། དེང་རབས་རིང་ལུགས་ཕྱི་མའི་འབྱུང་ཁུངས་དང་བྱུང་འཕེལ། དེང་རབས་རིང་ལུགས་དང་དེང་རབས་རིང་ལུགས་ཕྱི་མའི་བར་གྱི་འབྲེལ་བ་ཆགས་སྟངས། མིང་བརྡ་གསར་བ་དང་ལྟ་གྲུབ། བློ་འབྱེད་བསམ་བློ་དང་མི་གཤིས་བཅིངས་འགྲོལ། སྒྲིག་གཞི་རིང་ལུགས་དང་སྒྲིག་གྲོལ་རིང་ལུགས། དེང་རབས་སྤྱི་ཚོགས་དང་ཆོས་ལུགས་ཀྱི་འབྲེལ་བ་སོགས་ནུབ་གླིང་གི་གཞུང་ལུགས་གསར་ཤོས་སྐོར་རྒྱས་འགྲེལ་བྱས་ཡོད་པ་དང་།ཞོར་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་གཤིབ་སྡུར་བྱེད་པའི་ཐབས་ལམ་སྤྱད་དེ་སློབ་མ་རྣམས་ལ་གོ་བསྐོན་བློ་འགུགས་སྒོས་སློབ་ཁྲིད་བྱས་ཡོད་པ་རེད།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།