༼རང་གྲོལ༽དེབ་དང་སློབ་ཆེན་པའི་སྙན་རྩོམ་བྱ་དགའི་སྐོར།

རྨ་ལྷོ་གསར་འགྱུར་ཁང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-12

༼རང་གྲོལ༽དུས་དེབ་འགྲེམ་སྤེལ་མཛད་སྒོ་དང་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་བོད་ཡིག་སྙན་རྩོམ་འགྲན་བསྡུར་གྱི་བྱ་དགའི་ཚོགས་འདུའི་སྐོར་གྱི་འཕྲིན་གསར།
 
  དབྱར་ཟླ་ལྔ་བའི་ཁུ་བྱུག་སྔོན་མོའི་མགྲིན་ངག་གི་དབྱངས་རྟས་ས་ཆེན་པོའི་དཀྱེལ་ཡངས་ཀྱི་འཆོར་སྒེག་ལ་མཛེས་ཚོར་གསར་བ་བསྣན་པའི་དུས་འདིར། རྨ་ལྷོ་གསར་འགྱུར་ཁང་གིས་འགན་སྒྲུབ་བྱེད་ཀྱིན་པའི་བོད་ཀྱི་ཉིང་བཏུས་རྩོམ་རིག་དུས་དེབ་༼རང་གྲོལ༽སྤྱི་ཨང་དང་པོ་འགྲེམས་སྤེལ་མཛད་སྒོ་དང་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་བོད་ཡིག་སྙན་རྩོམ་འགྲན་བསྡུར་བྱ་དགའི་ཚོགས་འདུ་དེ་སྤྱི་ཟླ6པའི་ཚེས24ནས26ཉིན་བར་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་འཚོགས་རྒྱུ་རེད།
   ཐེངས་འདིའི་མཛད་སྒོ་ནི་བོད་ཁམས་ཀྱི་འདུ་ཚོགས་གཞན་དང་མི་འདྲ་བར་དམིགས་གསལ་དོད་པོ་ལྡན་པ་ནི་༼རང་གྲོལ༽དུས་དེབ་ལ་ཆེད་དམིགས་སྒོས་ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་བགྲོ་གླེང་ཚོགས་འདུ་ཐེངས་བཞི་ལ་བསྡུས་ཤིང་། སློབ་གྲྭ་ཆེན་མོའི་སྙན་རྩོམ་འགྲན་བསྡུར་གྱི་དཔྱད་འདེམས་པར་ཡང་གོ་ཐོབ་དང་སྙན་གྲགས་སོགས་ལ་བལྟས་པ་མེད་པར་བོད་ཀྱི་དེང་རབས་སྙན་ངག་ལ་གཞོགས་འདེགས་ཀྱི་ནུས་པ་བླ་ལྷག་གིས་འདོན་གྱིན་པའི་རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ་དང་། སྙན་ངག་པ་གཅན་མེ་སྟག རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་གསུམ་བཞག་ཐོག་ཟླ་ངོ་གསུམ་གྱི་རིང་ལ་དཔྱད་བསྡུར་བྱས་པ་བརྒྱུད་ཐག་བཅད་པ་ཞིག་དང་། བྱ་དགའ་ཐོབ་མཁན་གྱི་མི་གྲངས་ཆེས་མང་ལ་ལྟོས་བཅས་ཀྱིས་བྱ་དགའི་མ་དངུལ་བྱང་ཚད་མཐོ་བའི་བྱ་འགུལ་ཞིག་ཡིན་པ་མ་ཟད། རེབ་གོང་ས་ཁུལ་དུ་གཞི་རྒྱ་ཆེས་ཆེ་བའི་རྩོམ་རིག་འདུ་ཚོགས་ཐོག་མ་ཉིད་དེ་ཚོགས་ཞུགས་མི་སྟོང་ཕྲག་གཅིག་བརྒལ་བ་ནས། བོད་ཀྱི་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་། རྩོམ་པ་པོ། སྙན་ངག་པ་གྲགས་ཅན་སོགས་ཀྱིས་འཆད་ཁྲིད་དང་རྩོམ་རིག་བགྲོ་གླེང་བྱ་རྒྱུ་ཡིན་ལ། སློབ་མའི་རིག་རྩལ་འཁྲབ་སྟོན་དང་སྙན་ཚིག་གྱེར་འདོན་སོགས་ནང་དོན་ཕུན་སུམ་ཚོགས་པ་ཞིག་བཀོད་སྒྲིག་བྱས་ཡོད།
ཚོགས་འདུའི་ལས་རིམ།
སྤྱི་ཟླ་༦པའི་ཚེས་༢༤ཉིན་གྱི་ཕྱི་དྲོ་རང་གྲོལ་དུས་དེབ་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་རྒྱུ།
སྤྱི་ཟླ་༦པའི་ཚེས་༢༥ཉིན་གྱི་སྔ་དྲོ་《རང་གྲོལ》དུས་དེབ་འགྲེམ་སྤེལ་མཛད་སྒོ་དང་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་བོད་ཡིག་སྙན་རྩོམ་འགྲན་བསྡུར་གྱི་བྱ་དགའི་ཚོགས་འདུ་འཚོགས་རྒྱུ།
སྤྱི་ཟླ་༦པའི་ཚེས་༢༥ཉིན་གྱི་ཕྱི་དྲོ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་གྱིས་རྩོམ་རིག་འཆད་ཁྲིད་དང་སྙན་ངག་པ་གཅན་མེ་སྟག་སོགས་ཀྱི་རྩོམ་རིག་བགྲོ་གླེང་ཚོགས་འདུ(ཚན་ཆུང་གཉིས)འཚོགས་རྒྱུ།
སྤྱི་ཟླ་༦པའི་ཚེས་༢༦ཉིན་རྩོམ་པ་པོ་དོན་གྲུབ་རྒྱལ་གྱི་ཕ་ཡུལ་ན་ཡོད་པའི་“ལང་ཚོའི་རྦབ་ཆུའི་”ཉེ་གམ་དུ་སྙན་ངག་གྱེར་འདོན་བྱེད་པ།
གནས་སྐོར་དུ་འགྲོ་བ།
ས་གནས། རོང་བོ་དགོན་ཆེན། སྒོ་དམར་མཆོད་རྟེན། རེབ་གོང་སྒྱུ་རྩལ། ཁམས་ར་ནགས་ཚལ་སྤྱི་གླིང་། སྣང་རའི་དཔོན་ཁྱིམ་སོགས།
གདན་ཞུས་སྐུ་མགྲོན་གྱི་མཚན་ཐོ།
བདུད་ལྷ་རྒྱལ། ནུབ་བྱང་མི་རིགས་སློབ་ཆེན། རྩོམ་རིག་དཔྱད་བརྗོད་པ།
གཅན་མེ་སྟག མགོ་ལོག་ཁུལ་སློབ་གསོ་ཅུའུ། སྙན་ངག་པ།
སྐྱབས་ཆེན་བདེ་གྲོལ། རྨ་ཆུ་རྫོང་སློབ་གསོ་ཅུའུ། རྩོམ་པ་པོ།
སངས་རྒྱས། མཚོ་སྔོན་མི་རིགས་སློབ་ཆེན། རྒྱལ་ཁབ་རིམ་པའི་ཆེད་མཁས་པ།
ཟླ་བ་བློ་གྲོས། <<སྦྲང་ཆར>>རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཟུར་བ།
ནག་པོ་སྐལ་བཟང་། <<གངས་རྒྱན་ན་ཆུང་ཚགས་པར>>ཁང་གི་གཙོ་སྒྲིག་པ།
རྡོ་རྗེ་ཚེ་བརྟན། རྨ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟུར་བ།
ཚེ་རྒྱལ། <<མང་ཚོགས་སྒྱུ་རྩལ>>རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་གཞོན་པ།
མཚོ་སྐྱེས། མཚོ་སྔོན་དགེ་ཐོན་སློབ་ཆེན། སྙན་ངག་པ།
དཔའ་རྩེ། ནུབ་བྱང་མི་རིགས་སློབ་ཆེན། སྙན་ངག་པ།
སྟག་ལྷ་ཚེ་བརྟན། ནུབ་བྱང་མི་རིགས་སློབ་ཆེན། རི་མོ་བ།
འཕགས་པ་ཐར། <<གངས་རྒྱན་མེ་ཏོག>>རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ།
སྟག་འབུམ་རྒྱལ། ཀོས་ནན་ས་ཁུལ་གྱི་དགེ་རྒན། རྩོམ་པ་པོ།
འབྲོང་། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་། སྙན་ངག་པ།
ལུང་རིན་ཆེན། མཚོ་སྔོན་བཪྙན་འཕྲིན་ཁང་། རྩོམ་པ་པོ།
གངས་ཞུན། ཧི་མ་ལ་ཡ་གློག་བཪྙན་ཀུང་ཟི། སྙན་ངག་པ།
པདྨ་ཚེ་བརྟན། ཧི་མ་ལ་ཡ་གློག་བཪྙན་ཀུང་ཟི། གློག་བཪྙན་འཁྲབ་ཁྲིད་པ།
ཕག་མོ་བཀྲ་ཤིས། མཚོ་སྔོན་བཪྙན་འཕྲིན་ཁང་། རྩོམ་པ་པོ།
དཔལ་མོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། སྙན་ངག་པ།
ཨ་ལྡོང་དཔའ་རྡོ་ཐར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྙན་ངག་པ།
རིག་ལྡན་རྒྱ་མཚོ། རྩོམ་པ་པོ།
ཆོས་སྐྱོང་། <<སྦྲང་ཆར>>རྩོམ་སྒྲིག་ཁང་། རང་གྲོལ་ཞིབ་འཇུག་པ།
ངལ་རྫི། མཚོ་སྔོན་དགེ་ཐོན་སློབ་ཆེན། སྙན་ངག་པ།
ཁྲི་སེམས་དཔའ། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་། སྙན་ངག་པ།
མཚོ་བུ་དགའ་བདེ། <<ཟླ་ཟེར>>རྩོམ་སྒྲིག་ཁང་། སྙན་ངག་པ།
གཞན་ཡང་། རྨ་ལྷོ་ཁུལ་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གསེར་འོད་རྒྱལ་མཚན་དང་། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པའི་སློབ་གཙོ་ལོ་པེ་སོགས་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་དང་། རང་ས་ཁུལ་གྱི་རྩོམ་པ་པོ་ཚེ་རིང་དོན་གྲུབ་དང་ཨ་ལོ་རིན་ཆེན་རྒྱལ་པོ་སོགས་བོད་ཀྱི་ཆེད་མཁས་པ་དང་རྩོམ་པ་པོ་མི་སྣ་ལྔ་བཅུ་ལྷག་ཚོགས་འདུ་ལ་གདན་ཞུ་ཞུས་ཡོད། །
གསར་འགྱུར་སྨྱན་བྱེད་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། མཚོ་སྔོན་བརྙན་འཕྲིན་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་སོགས་ཀྱི་གསར་འགོད་པ་ཉི་ཤུ་ལྷག

རྩོམ་ཁུངས། དགེ་ཆོས་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼རང་གྲོལ༽དེབ་དང་སློབ་ཆེན་པའི་སྙན་རྩོམ་བྱ་དགའི་སྐོར།

2011-06-12 རྨ་ལྷོ་གསར་འགྱུར་ཁང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།