༼ སྲོག་མདུད ༽ཅེས་པའི་མིང་བརྡ་གསར་བའི་འགྲན་བསྡུར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་ཚོགས་པ།

ཏིང་འཛིན་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-09

  
    ང་ཚོའི་བོད་མི་རིགས་ཀྱི་ཕ་མེས་ཡང་མེས་རིང་ནས་བླ་རུ་བསྟད་ཅིང་སྲོག་ཏུ་བཀུར་བའི་ཕ་སྐད་མ་ཡིག་གཙང་མ་དེ། ང་ཚོའི་མི་རབས་འདིའི་ངག་ནས་ཕ་སྐད་རིན་ཆེན་གསེར་ནག་གྱི་གཟི་མདངས་ཉམས་ཤིང་། མ་ཡིག་དྭངས་གཙང་འོ་མའི་གསུང་ཞིམ་ཡལ་གྱིན་འདུག་ལ། ཕ་སྐད་མ་ཡིག་འདི་མི་ཞིག་ཡིན་པའི་དབང་དུ་བཏང་ན། འཕེལ་རྒྱས་ཀྱི་རླུང་འཚུབ་དྲག་ཏུ་རྒོད་པའི་དུས་གསར་འདིར་ཁོང་རང་རྐང་རྡུམ་ལག་ཞ་དང་ཁ་ཆག་སྣ་རལ་ཞིག་ཏུ་བཏང་ཚར་ནས་འདུག་པའི་སྐབས་འདིར། མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་ཕ་སྐད་མ་ཡིག་གསོང་བོར་སྨྲ་བའི་ ༼ སྲོག་མདུད ༽ཅེས་པའི་མིང་བརྡ་གསར་བའི་འགྲན་བསྡུར་ཐེངས་ཤིག་སྤེལ་བ་རེད།
   ཐེངས་འདིའི་འགྲན་བསྡུར་ལ་བོད་སྐད་ཡིག་གཅིག་གྱུར་ལ་གཞོལ་བ་དང་བོད་སྐད་སྨྲ་བ་ཐམས་ཅད་ཀྱིས་ཕ་སྐད་གཙང་མ་ཞིག་སྨྲ་བའི་ཆེད་དུ་རྩོམ་སྒྲིག་མཛད་པའི་༼ རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད ༽གཞི་བྱས་ཤིང་༼ ང་ཚོས་མཉམ་དུ་ཕ་སྐད་བཤད  ༽དང་༼ ཕ་སྐད་སྨྲ་བའི་ལྷན་གྲོགས།  ༽༼ རྒྱུན་བཀོལ་ཐ་སྙད་ཕྱོགས་སྒྲིག  ༽སོགས་ཀྱིས་ཟུར་རྒྱན་བྱས་པ་རེད།
    ཐེངས་འདིའི་འགྲན་བསྡུར་འདི་བརྒྱུད་ནས་བོད་རིགས་སློབ་མ་ཡོངས་ཀྱིས་བསྲེས་སྐད་དམ་སྦྲགས་སྐད་བཤད་རྒྱུ་ལས་རིང་དུ་གྱེས་ནས་ཕ་སྐད་མ་ཡིག་གཙང་མ་ཞིག་བཤད་རྒྱུར་དམིགས་པ་ཡིན་ཞིང་། བོད་མིའི་བླ་སྲོག་འདི་རྒྱུད་འཛིན་དང་སྔར་ལས་དར་སྤེལ་གཏོང་ཆེད་སྤེལ་བའང་ཡིན་པས། འདིའང་བོད་སྐད་བོད་ཡིག་གི་དྭངས་གཙང་ལྷད་མེད་ཀྱི་རང་གཤིས་དྭངས་མ་སྲུང་བ་ཡིན་ཕྱིན་དགེའོ།།
                                                                                                                                                      ༢༠༡༡ལོའི་ཟླ༦པའི་ཚེས༢
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼ སྲོག་མདུད ༽ཅེས་པའི་མིང་བརྡ་གསར་བའི་འགྲན་བསྡུར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་ཚོགས་པ།

2011-06-09 ཏིང་འཛིན་བཀྲ་ཤིས། ཀློག་གྲངས། མཆན ཡོད།

  
    ང་ཚོའི་བོད་མི་རིགས་ཀྱི་ཕ་མེས་ཡང་མེས་རིང་ནས་བླ་རུ་བསྟད་ཅིང་སྲོག་ཏུ་བཀུར་བའི་ཕ་སྐད་མ་ཡིག་གཙང་མ་དེ། ང་ཚོའི་མི་རབས་འདིའི་ངག་ནས་ཕ་སྐད་རིན་ཆེན་གསེར་ནག་གྱི་གཟི་མདངས་ཉམས་ཤིང་། མ་ཡིག་དྭངས་གཙང་འོ་མའི་གསུང་ཞིམ་ཡལ་གྱིན་འདུག་ལ། ཕ་སྐད་མ་ཡིག་འདི་མི་ཞིག་ཡིན་པའི་དབང་དུ་བཏང་ན། འཕེལ་རྒྱས་ཀྱི་རླུང་འཚུབ་དྲག་ཏུ་རྒོད་པའི་དུས་གསར་འདིར་ཁོང་རང་རྐང་རྡུམ་ལག་ཞ་དང་ཁ་ཆག་སྣ་རལ་ཞིག་ཏུ་བཏང་ཚར་ནས་འདུག་པའི་སྐབས་འདིར། མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་ཕ་སྐད་མ་ཡིག་གསོང་བོར་སྨྲ་བའི་ ༼ སྲོག་མདུད ༽ཅེས་པའི་མིང་བརྡ་གསར་བའི་འགྲན་བསྡུར་ཐེངས་ཤིག་སྤེལ་བ་རེད།
   ཐེངས་འདིའི་འགྲན་བསྡུར་ལ་བོད་སྐད་ཡིག་གཅིག་གྱུར་ལ་གཞོལ་བ་དང་བོད་སྐད་སྨྲ་བ་ཐམས་ཅད་ཀྱིས་ཕ་སྐད་གཙང་མ་ཞིག་སྨྲ་བའི་ཆེད་དུ་རྩོམ་སྒྲིག་མཛད་པའི་༼ རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད ༽གཞི་བྱས་ཤིང་༼ ང་ཚོས་མཉམ་དུ་ཕ་སྐད་བཤད  ༽དང་༼ ཕ་སྐད་སྨྲ་བའི་ལྷན་གྲོགས།  ༽༼ རྒྱུན་བཀོལ་ཐ་སྙད་ཕྱོགས་སྒྲིག  ༽སོགས་ཀྱིས་ཟུར་རྒྱན་བྱས་པ་རེད།
    ཐེངས་འདིའི་འགྲན་བསྡུར་འདི་བརྒྱུད་ནས་བོད་རིགས་སློབ་མ་ཡོངས་ཀྱིས་བསྲེས་སྐད་དམ་སྦྲགས་སྐད་བཤད་རྒྱུ་ལས་རིང་དུ་གྱེས་ནས་ཕ་སྐད་མ་ཡིག་གཙང་མ་ཞིག་བཤད་རྒྱུར་དམིགས་པ་ཡིན་ཞིང་། བོད་མིའི་བླ་སྲོག་འདི་རྒྱུད་འཛིན་དང་སྔར་ལས་དར་སྤེལ་གཏོང་ཆེད་སྤེལ་བའང་ཡིན་པས། འདིའང་བོད་སྐད་བོད་ཡིག་གི་དྭངས་གཙང་ལྷད་མེད་ཀྱི་རང་གཤིས་དྭངས་མ་སྲུང་བ་ཡིན་ཕྱིན་དགེའོ།།
                                                                                                                                                      ༢༠༡༡ལོའི་ཟླ༦པའི་ཚེས༢
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།