མི་རབས་གསུམ་པའི་ཚགས་པར་འདོན་ཐེངས་གསུམ་པ་བཀྲམ་པ།

  མི་རབས་གསུམ་པའི་སྙན་ངག་པ་བྱང་སྒྲ་སྙན་གྱིས་གཙོ་སྒྲིག་བྱེད་ཀྱིན་པའི་དྲ་ལམ་པོད་ཁུག་ཚགས་པར་༼མི་རབས་གསུམ་པ༽འདོན་ཐེངས་གསུམ་པ་ཉེ་ལམ་དངོས་སུ་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད།  ཚགས་པར་དེའི་སྟེང་དུ་མི་རབས་གསུམ་པའི་སྙན་ངག་པ་དག་གི་སྙན་ངག་བརྩམས་ཆོས་གཙོས་བོད་ཀྱི་དཔྱད་གཏམ་པའི་སྡེས་མི་རབས་གསུམ་པར་བྲིས་པའི་དཔྱད་རྩོམ་དག་བཀོད་ཡོད་ལ།  ཀུན་དགའ་ལགས་ཀྱིས་ངོ་སྤྲོད་བྱས་པའི་ཧྥ་རན་སེའི་སྙན་ངག་རིང་མོ་འགའ་ཡི་གསལ་བཤད་དེ་མུ་འགོད་བྱས་ཡོད་པ་མ་ཟད།   མི་རབས་གསུམ་པའི་སྙན་ངག་པ་དག་གི་བསྒྲགས་གཏམ་ཉིང་བཏུས་ཀྱིས་བཀོད་ཡོད་པས་ན་མི་རབས་གསུམ་པར་ཞིབ་འཇུག་བྱ་མཁན་དག་ལ་ཕུན་སུམ་ཚོགས་པའི་རྒྱུ་ཆ་གལ་ཆེན་ཞིག་ཀྱང་བསྐྲུན་ནས་ཡོད།    ཚགས་པར་དེའི་མཛེས་བཟོ་བྱེད་སྟངས་ཐད་ལ་པར་ཐེངས་སྔོན་མའི་བཟོ་དབྱིབས་རྒྱུན་འཛིན་སྒོས་པར་ངོས་བཅུ་གཉིས་སུ་དབྱེ་ཐོག་པར་ངོས་བཞི་ལ་ཚོན་པར་གྱིས་ཕྱི་རྒྱལ་གྱི་རི་མོ་དང་འདྲ་པར་གྲགས་ཅན་མང་པོ་ཞིག་ཀྱང་བཀོད་ཡོད། །

རྩོམ་ཁུངས། དགེ་ཆོས་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།