༼རང་གྲོལ་ཞིབ་འཇུག༽འདོན་ཐེངས་གཉིས་པ་པར་ཟིན་པ།
ཟླ་འདིའི་ཚེས་བཅུ་བདུན་ཉིན་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་རང་གྲོལ་ཞིབ་འཇུག་དེབ་ཕྲེང་གཉིས་པ་དཔར་སྐྲུན་བྱས་ཚར་ཏེ།ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་དུས་ཐོག་ཏུ་འགྲེམ་སྤེལ་བྱས།
དེབ་འདིའི་ནང་དུ་དཔལ་དོན་རྒྱལ་གྱིས་ཁ་བ་རི་བའི་སྤུན་ཟླ་རྣམས་ལ་བཞག་པའི་ཞལ་ཆེམས་དེ་མ་ཡིག་༼རྒྱ་ཡིག༽དང་འགྱུར་ཡིག་གཉིས་པར་རིས་དང་སྦྲགས་ནས་མགོ་མཇུག་ཆ་ཚང་བར་བཀོད་ཡོད།གཞན་དེང་གི་བོད་ཀྱི་སློབ་ཆེན་སློབ་མའི་སེམས་ནང་གི་དཔལ་དོན་གྲུབ་རྒྱལ་ནི་ཅི་ལྟ་བུ་ཞིག་ཡིན་པ་གཙོ་བྱས་ཏེ་རེབ་འདིའི་ཞིབ་འཇུག་གི་ལས་ཀ་ཡོངས་སུ་འཐུས་པར་བྱས་ཡོད།
དཔེ་དེབ་ཀྱི་བརྗོད་སྙིང་།
བོད་ཀྱི་དེང་རབས་རྩོམ་རིག་གི་ཡབ་ཆེན་དམ་པ་སྐུ་ཞབས་རང་གྲོལ་ལགས་ཀྱི་མི་ཚུལ་དགོངས་པ་དང་། རྩོམ་རིག་གསར་གཏོད། དམངས་དོན་ལྷུར་ལེན་གྱི་མཛད་པ་ཁག ༼མི་ཡུལ་དུ་བཞག་པའི་ཁ་ཆེམས༽དང་། ༼རང་དབང་མི་རིགས་རིང་ལུགས༽ ༼བློ་འབྱེད་ཤེས་ཡོན་ཅན༽ ༼སྐྱོ་གར་སྙིང་སྟོབས་ཀྱི་དར་ཆ༽ ༼ཀུན་རྟོག་བསྲེས་སྦྱོར་རིག་པ༽ ༼བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་ང༽ ༼རིག་གནས་ཀྱི་དྲན་པ༽ ༼རང་གྲོལ་དང་མི་རབས་ཤིག་གི་བར་ཐག༽བཅས་ས་བཅད་དུ་མའི་ཕྲེང་ཐག་ལ་བརྒྱུས་ཏེ། རང་གྲོལ་སྙིང་སྟོབས་ཀྱི་རང་གཟུགས་འཚོལ་བའི་ལས་སུ་གཞོལ་བ་ཤུགས་ཆེའོ།།
—གཙོ་སྒྲིག་པས།
རྩོམ་ཁུངས། ངེད་དྲ་བ།