༼ནུབ་བྱང་ཚང༽གི་མུ་འབྲེལ་སྙིང་སྟོབས་བསྒྲགས་གཏམ།

ཆེ་ཚང་མ་རྡོ་རྗེ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-19

                                                                -------------ཡང་ན་རྩོམ་རིག་ཚོགས་ཆུང་གི་བསྒྲགས་གཏམ། 
                               
       ཐོག་མར་“ནུབ་བྱང་ཚང་”ཞེས་པའི་མིང་གི་གདགས་གཞི་དེ་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གནས་སྙིང་སྟོབས་དང་བསམ་བློའི་སྙིང་སྟོབས་ཀྱིས་བསྐྲུན་པའི་ཁོར་ཡུག་དེའམ་དེའི་ཁྲོད་ན་འབར་གྱིན་པའི་མི་བུ་རྒྱུ་འབྲས་ཀྱི་བློ་མིག་དང་འགན་འཁྲིའི་འདུ་ཤེས།  བདེན་འཚོལ་གྱི་སྙིང་སྟོབས་སོགས་རིག་གནས་སྙིང་སྟོབས་དང་བསམ་བློའི་སྙིང་སྟོབས་ཀྱིས་ཕྱུག་པའི་མི་བུ་དག་ལ་ངོས་འཛིན་པ་ལས།  ནུབ་བྱང་མི་རིགས་སློབ་ཆེན་དུ་གནས་པའི་བསམ་བློ་དང་སྙིང་སྟོབས་ཀྱིས་དབུལ་བའི་གང་རུང་གི་མི་བུ་ཁྱི་མགོ་ཁྱི་ཚུགས་ཅན་དང་ཕག་གི་བསམ་བློ་ཅན་དག་གི་གཉུག་གཤིས་ལ་ངོས་འཛིན་རྒྱུ་མེད་པ་ནི་ཐོག་མའི་བསྒྲགས་གཏམ་ཙམ་མོ།
༢༠༠༩ལོ་ནས་བཟུང་སློབ་གྲྭ་གཞུང་གིས་ཐེ་གཏོགས་བྱས་པ་ལ་བརྟེན་ནས་ནུབ་བྱང་ཚང་གི་སྙིང་སྟོབས་རྣམ་པའི་སྟེང་ནས་མངོན་བྱེད་དུ་གྱུར་བའི་རང་མོས་གླེང་སྟེགས་མཚམས་མི་འཇོག་ཀ་མེད་དུ་གྱུར་སོང་།  ཡིན་ནའང་།  དེ་ནི་ནུབ་བྱང་ཚང་གི་སྙིང་སྟོབས་ཀྱི་རྣམ་པ་ཙམ་ལ་གཡོ་འགུལ་ཐེབས་པ་ལས།  ནུབ་བྱང་ཚང་གི་སྙིང་སྟོབས་དངོས་སམ་ནང་སྙིང་ལ་གཡོ་འགུལ་ཁྱི་སྤུ་ཙམ་ཡང་ཐེབས་ཀྱིན་མེད།  རྒྱུ་མཚན་ནི། ནུབ་བྱང་ཚང་གི་སྙིང་སྟོབས་ཞེས་པ་ནི་མི་བུ་སྒལ་ཚིགས་ཅན་དང་མི་བུ་འགན་འཁྲིའི་འདུ་ཤེས་ཅན།  མི་བུ་བདེན་འཚོལ་གྱི་སྙིང་སྟོབས་ཅན།   མི་བུ་རྒྱུ་འབྲས་ཀྱི་བློ་མིག་ཅན་དག་གི་བསམ་བློའི་སྙིང་སྟོབས་དང་རིག་གནས་སྙིང་སྟོབས་ཀྱིས་བསྐྲུན་པའི་སྙིང་སྟོབས་དག་ལ་བརྟེན་ཡོད་པ་ལས་གླེང་སྟེགས་ཙམ་མམ་འཚོགས་འདུ་ཙམ།     ཡང་ན་བགྲོ་གླེང་ཙམ་བརྟེན་མེད་པའོ།  ཡང་གཅིག་བཤད་ན་རང་མོས་གླེང་སྟེགས་ནི་ནུབ་བྱང་ཚང་གི་སྙིང་སྟོབས་ཀྱི་སྤྲུལ་བའི་རྣམ་པ་བརྒྱ་འགྱེད་སྟོང་འགྱེད་ནང་གི་རྣམ་པ་གཅིག་ཙམ་མོ།  དེར་བརྟེན་༢༠༠༩ལོ་ནས་བཟུང་ནུབ་བྱང་ཚང་གི་རྒན་དཔའ་རྩེ་གཙོ་བྱས་ནས་ན་གཞོན་སྙིང་སྟོབས་ཅན་ཞོགས་ལྗང་དང་ཐེའུ་རང་སོགས་ཀྱིས་དཀའ་ངལ་གང་རུང་ལ་མ་འཛེམ་པར།  ནུབ་བྱང་ཚང་གི་སྙིང་སྟོབས་སྤྲུལ་བའི་རྣམ་པ་གཞན་ཞིག་གི་སྟེང་ནས་མངོན་པར་བྱས་ཡོད་དེ།  དེ་ནི་ད་ཡོད་ཀྱི་ནུབ་བྱང་ཚང་གི་“རང་མོས་གླེང་སྟེགས་”གཞན་ཞིག་སྟེ་རྩོམ་རིག་ཚོགས་ཆུང་ཡིན་ནོ། །
སྐྱོ་གདུང་གི་སེམས་པ་འདོམས་ལ་བཙིར་ནས་ཀི་འདེབས་དགོས་པ་ཞིག་ལ་སྙིང་སྟོབས་ཀྱི་མགོ་བོ་རུལ་བའི་མི་བུ་ཁྱི་མགོ་ཕག་མགོ་ཅན་སྐོར་ཞིག་གིས་ནུབ་བྱང་ཚང་ན་“རང་མོས་གླེང་སྟེགས་”མེད་ཚེ་ནུབ་བྱང་ཚང་གི་སྙིང་སྟོབས་འཚོ་ཐབས་མེད་ཚུལ་བཤད་བཞིན་འདས་སོང་དང་ལོ་རྒྱུས་ཀྱི་མེ་ལོང་མདུན་ན་ངོ་གདོང་སྐྱག་པར་གྱུར་ནས་ངུ་འབོད་རྒྱག་མཁན་དག་གི་ཡོད་སྐྱོ་ཞིང་དགད་བྲོ་བའི་སྣང་བརྙན་དག་རེད། དོན་དམ་དུ་མི་བུ་དེ་དག་ནི་རང་ཉིད་དངོས་ཡོད་དང་ནུབ་བྱང་ཚང་གི་རིག་གནས་སྙིང་སྟོབས་དང་བསམ་བློའི་སྙིང་སྟོབས་ཀྱི་ཁོར་ཡུག་དེ་ནས་འཚོ་ཐབས་མ་བྱུང་བའི་མི་བུ་ཁྱི་ཡི་རང་ཚུགས་འཛིན་མཁན་དག་རེད།
རྩོམ་རིག་ཚོགས་ཆུང་གིས་ཀྱང་“རང་མོས་གླེང་སྟེགས་”ལྟར་དུ་ནུབ་བྱང་ཚང་གི་སྙིང་སྟོབས་ཆེན་མོ་ལ་མུ་སྦྲེལ་ཏེ་རྒྱང་བསྐྱོད་བྱེད་བཞིན་ཡོད་པ་མ་ཟད། བསམ་བློའི་སྙིང་སྟོབས་དང་རིག་གནས་སྙིང་སྟོབས་མཉམ་འགྲོ་སྒོས་གཟའ་འཁོར་རེ་ལ་རྩོམ་རིག་བགྲོ་གླེང་དང་གཟའ་འཁོར་རེ་ལ་བསམ་བློའི་བགྲོ་གླེང་གི་ཚོགས་འདུ་སྤེལ་དང་སྤེལ་བཞིན་མཆིས།  དེ་ཡི་དགེ་བས་ན་གཞོན་སྒལ་ཚིགས་ཅན་དང་རྒྱུ་འབྲས་བློ་མིག་ཅན།  བདེན་འཚོལ་གྱི་སྙིང་སྟོབས་ཅན།   འགན་འཁྲིའི་འདུ་ཤེས་ཅན་མང་བོ་ཞིག་ཀྱང་བསྐྱེད་སྲིང་བྱས་དང་བྱེད་བཞིན་ཡོད་དེ།  དཔེར་ན།   གསར་སྐྱེས་ན་གཞོན་སྙིང་སྟོབས་ཅན་ཁ་བ་སྙིང་ལྕགས་དང་གངས(འཇམ་དཔལ་རྡོ་རྗེ།)གླག(ལྷ་རྗེ་དཔལ།)འོད་ནག  སྤྱན་དུངས།  གཞི་བདག  གནའ་གྲོང(ཆེ་ཚང་མ་རྡོ་རྗེ་ཚེ་རིང་།)གསོམ་བུ(ལྷ་མོ་སྐྱབས།)དཔལ་འབར(ཕྱག་རྡོར་ཚེ་རིང་།)སྟག་མིག(ཆོས་སྐྱོང་ཚེ་རིང་།)ཐུབ་པ།  རྣོ་ཟུར།  ཐོག་མདའ་སོགས་ཀྱིས་མཚོན་པའི་ན་གཞོན་ཤེས་ཡོན་ཅན་དག་རེད།  ན་གཞོན་འདི་དག་གིས་བོད་ཀྱི་རིག་གནས་གར་སྟེགས་དང་སྙིང་སྟོབས་གར་སྟེགས་ལ་ཐེབས་ཀྱིན་པའི་ཤུགས་རྐྱེན་ཡང་བརྗོད་རིན་དང་བརྩི་རིན་ཡོད་པ་ཞིག་རེད། 
    རྩོམ་རིག་ཚོགས་ཆུང་གི་རྐང་འཛིན་ཚོགས་མི་འདི་ཚོས་བོད་ཀྱི་རིག་གནས་རྩོམ་སྟེགས་ལ་ཐེབས་པའི་ནུས་པ་ནི་རང་དགར་གྱི་མི་དཀྱུས་མ་ཞིག་ཧ་ལས་དགོས་པའི་ཚད་དུ་མཐོང་སྟེ།  ཏག་ཏག་རྩོམ་རིག་ཚོགས་ཆུང་བཙུགས་ནས་ལོ་ཧྲིལ་བོ་གཉིས་ལྷག་གི་རིང་ལ་མིག་མཐོང་ལག་ཟིན་གྱི་འབྲས་བུ་བཟང་བོ་ཞིག་ལོན་ཐུབ་ཡོད་དེ།  འོད་ནག་དང་གླག  ཁ་བ་སྙིང་ལྕགས།  སྤྱན་དུངས་སོགས་ཀྱིས་བྲིས་པའི་འབོལ་རྩོམ་དག་དང་ལྷུག་རྩོམ་དག  གངས་ལགས་ཀྱི་སྒྱུ་རྩལ་གྱི་ཚད་མཐོ་བའི་རང་མོས་སྙན་ངག་དང་སྒྲུང་གཏམ་སྙན་ངག  བརྩམས་སྒྲུང་།  གནའ་གྲོང་ལགས་ཀྱི་སྒྱུ་རྩལ་རྐྱང་བའི་ལམ་ནས་བྲིས་པའི་རང་མོས་སྙན་ངག་གི་སྐོར། ད་དུང་དཔལ་འབར་དང་གསོམ་བུ་ལགས་ཀྱི་སྙན་ངག  སྟག་མིག་གིས་བྲིས་པའི་གླུ་ཚིག  ཆུ་ཐིགས་ལགས་ཀྱིས་བརྩམས་སྒྲུང་སོགས་དང་ཁོ་ཚོས་ནང་འདྲེན་གྱི་སྙིང་སྟོབས་ལས་ཐོན་པའི་བསྒྱུར་རྩོམ་དག་ནི་བོད་ཀྱི་རྩོམ་རིག་གར་སྟེགས་ཀྱི་སྟེང་ན་གོ་གནས་གལ་ཆེན་བཟུང་ཡོད་པའི་རྩོམ་རིག་བརྩམས་ཆོས་དག་རེད།
   ལྷག་པར་དུ་།   ནུབ་བྱང་ཚང་གི་སྙིང་སྟོབས་ཀྱི་མཚོན་བྱེད་དུ་གྱུར་བའི་བླ་འབོད་སྙན་ངག་སྟེ།  ཁ་བ་སྙིང་ལྕགས་དང་གླག   གནའ་གྲོང་གསུམ་གྱིས་བྲིས་པའི་སྙན་ངག་《ཁོ་མོའི་མོ་མཚན་གྱི་ནང་ན་ཟུངས་ཁྲག་སེར་བོ་འབབ་ཀྱིན་འདུག》《སྨྱོས་ཤིག》《ཀི་འདེབས་སྟངས་ཤིག》འདི་གསུམ་ནི་བོད་ཧྲིལ་བའོ་རྩོམ་རིག་གི་ལོ་རྒྱུས་སྟེང་ནས་བལྟས་ན་ཡང་བརྗོད་རིན་དང་གླེང་རིན་ཡོད་པ་ཞིག་སྟེ།  སྙན་ངག་འདི་གསུམ་རྩོམ་སྟངས་ཀྱི་ཆ་ནས་བོད་རང་གི་སྲོལ་རྒྱུན་དུ་གྱུར་ཡོད་པའི་རང་མོས་སྙན་ངག་འབྲི་ཚུལ་གྱི་སྒྲོམ་གཞི་ཆེན་པོ་གཏོར་ཏེ།  སྒྱུ་རྩལ་རྩོམ་ཐབས་གསལ་བ་ཞིག་གི་སྒོ་ཕྱེ་ཡོད་པ་དང་ནང་དོན་གྱི་ཐད་ནས་རང་དབང་དང་བདེ་སྐྱིད་ལ་འཚོལ་སྙེག་བྱེད་ཀྱིན་པའི་འདུན་པ་དྲག་པོ་དེ་གསལ་ཁ་དོད་པོས་མཚོན་པར་བྱས་ཡོད།  སྒྱུ་རྩལ་རྩོམ་ཐབས་དང་ནང་དོན་ཁོ་ནའི་སྟེང་ནས་བལྟས་ནའང་རྩོམ་འདི་གསུམ་ནི་ནུབ་བྱང་ཚང་གི་རིག་གནས་དང་བསམ་བློའི་སྙིང་སྟོབས་ཀྱི་ཁོར་ཡུག་འདི་ལྟ་བུའི་འོག་ནས་མ་གཏོགས་གསར་བཞེངས་བྱེད་མི་ཐུབ་པའི་སྙན་ངག་གསུམ་རེད།
   མདོར་དྲིལ་ནས་བཤད་ན།  རྩོམ་རིག་ཚོགས་ཆུང་ནི་གནས་སྐབས་ཀྱི་ནུབ་བྱང་ཚང་གི་བསམ་བློའི་སྙིང་སྟོབས་དང་རིག་གནས་སྙིང་སྟོབས་ཀྱི་དེད་དཔོན་གཅིག་པུ་དེ་ཡིན་པ་དང་།   ང་ཚོ་དཔུང་བ་མཉམ་མཐུན་གྱི་རིགས་ཞེན་ན་གཞོན་ཚོའི་བསྡོངས་གྲོགས་ཁེར་བགྲོད་པ་དེ་ཡིན་པས།  རྩོམ་རིག་ཚོགས་ཆུང་གིས་ཀྱང་རང་ས་ནས་མ་སྐུལ་དང་བླང་གིས་རང་ལ་དབང་འོས་པའི་བསམ་བློའི་གར་སྟེགས་ཤིག་དང་རིག་གནས་ཀྱི་གར་སྟེགས་ཤིག་ལ་བདག་རྒྱག་རྒྱུ་བརྗེད་ཀིན་མེད་དོ།
    སྤྱིར་རྩོམ་རིག་ཚོགས་ཆུང་གི་འགན་འཁྲིའི་འདུ་ཤེས་དང་བདེན་འཚོལ་གྱི་སྙིང་སྟོབས་འདི་ལྟ་བུ་ནི། ང་ཚོ་བོད་མི་རེ་རེའི་ཕྲག་ལ་འབབ་དགོས་པའི་ཁ་ཚ་དགོས་གཏུག་གི་འོས་འགན་ཞིག་ཡིན་པ་ཁོག་ན་སྙིང་ཡོད་ཅིང་ཤ་གསེབ་ན་རུས་པ་ལྡན་པའི་གངས་ཕྲུག་ཅིག་ཡིན་ཕྱིན་གསལ་འདེབས་བྱེད་དགོས་པ་ཞིག་གཏན་ནས་མ་ཡིན་ནོ།  དེར་བརྟེན།   ང་ཚོ་རིགས་ཞེན་གྱི་དུངས་པ་ཟབ་པའི་ན་གཞོན་ཚོས་རང་རང་ས་ནས་མི་རང་ཉིད་མེ་རུ་འབར་བར་གྱིས་ཤིག་དང་།   ནུབ་བྱང་ཚང་གི་སྙིང་སྟོབས་ནམ་ཡིན་ཡང་ཁྱེད་ཚོའི་བློས་ཐུབ་ཀྱི་ལམ་རྒྱགས་དྲོན་མོ་དེ་ཡིན།།
 
ཞར་བཀོད།
《ཁོ་མོའི་མོ་མཚན་གྱི་ནང་ན་ཟུངས་ཁྲག་སེར་བོ་འབབ་ཀྱིན་འདུག》ཁ་བ་སྙིང་ལྕགས། www.tibetcm.com/html/list_22/201103122972.html
《སྨྱོས་ཤིག》གླག   http://tibetcm.com/html/list_22/201104293146.html
《ཀི་འདེབས་སྟངས་ཤིག》གནའ་གྲོང་།tibetcm.com/html/list_22/201104303150.html                                    
                                         ༢༠༡༡ལོའི་ཟླ༥པའི་ཚེས༡༦ཉིན་ནུབ་བྱང་ཚང་ནས་སྦྱར། 
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼ནུབ་བྱང་ཚང༽གི་མུ་འབྲེལ་སྙིང་སྟོབས་བསྒྲགས་གཏམ།

2011-05-19 ཆེ་ཚང་མ་རྡོ་རྗེ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།