ཧོར་མོའི་དེབ་གསར༼བུམ་ནང་གི་མེ་ཏོག༽ཅེས་པ་བཀྲམས་པ།


 

  དེ་སྔ་བོད་སྐད་ཡིག་ཟིན་བྲིས་སུ་སྐད་གྲགས་ཆེ་མྱོང་བའི་བུད་མེད་རྩོམ་པ་པོ་དགེ་རྒན་ཧོར་མོའམ་རྡོར་དབྱིངས་ལགས་ཀྱི་འབོལ་རྩོམ་དེབ་༼བུམ་ནང་གི་མེ་ཏོག༽ཞེས་པ་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམས་སྤེལ་བྱས་པའི་གནས་ཚུལ་ཐོན་འདུག
   གནས་ཚུལ་ཐོས་གསལ་ལྟར་ན་མོས་འབོལ་རྩོམ་དེབ་དེ་གཙོ་བོ་མིག་ཁའི་གནད་དོན་འབའ་ཞིག་ལ་རེ་བ་དང་སུན་འབྱིན་བྱས་པའི་འབོལ་རྩོམ་བརྩམས་ཆོས་ཡིན་པས། རྩོམ་པ་པོ་ནས་ཀྱང་༼རང་རེའི་རིག་གནས་དང་མི་རིགས་འདི་ཉིད་མི་ཉམས་རྒྱུན་གནས་དང་མཐུན་སྒྲིལ་གྱི་གོང་བུ་གཅིག་ཏུ་བསྒྲིལ་བར་རེ་འབོད་ཞུ་བ་ཡིན་པས། དགའ་སྐྱོ་ཆགས་སྡང་གི་ཕུང་པོ་རུ་གྲུབ་པའི་ཀློག་མཁན་དག་ལ་དགའ་སྐྱོའི་ཚོར་བ་ཅི་ཡང་སྦྱིན་སྲིད་ན་ངའི་རེ་བ་གྲུབ་པ་ཡིན་ལ། ངའི་ནར་མ་སོན་པའི་བསམ་བློ་དང་པིར་འགྲོས་རྩུབ་མོས་ཀློག་མཁན་ཚོ་ལ་ཞེན་ལོག་དང་སྐྱུག་བྲོ་ལྡང་སོང་ན་སུན་འབྱིན་དགག་རྒྱག་གི་ཕུང་པོ་བྱོ་སའི་བྲང་གཞུང་ཡངས་མོར་ཕྱེས་ནས་ཡོད༽ཅེས་དྲང་པོ་དྲང་བཞག་གི་སྐད་ཆ་ཤོད་ནས་ཡོད་པ་རེད། །

རྩོམ་ཁུངས། དགེ་ཆོས་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧོར་མོའི་དེབ་གསར༼བུམ་ནང་གི་མེ་ཏོག༽ཅེས་པ་བཀྲམས་པ།

2011-04-19 སྒྲ་སྙན། ཀློག་གྲངས། མཆན ཡོད།


 

  དེ་སྔ་བོད་སྐད་ཡིག་ཟིན་བྲིས་སུ་སྐད་གྲགས་ཆེ་མྱོང་བའི་བུད་མེད་རྩོམ་པ་པོ་དགེ་རྒན་ཧོར་མོའམ་རྡོར་དབྱིངས་ལགས་ཀྱི་འབོལ་རྩོམ་དེབ་༼བུམ་ནང་གི་མེ་ཏོག༽ཞེས་པ་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམས་སྤེལ་བྱས་པའི་གནས་ཚུལ་ཐོན་འདུག
   གནས་ཚུལ་ཐོས་གསལ་ལྟར་ན་མོས་འབོལ་རྩོམ་དེབ་དེ་གཙོ་བོ་མིག་ཁའི་གནད་དོན་འབའ་ཞིག་ལ་རེ་བ་དང་སུན་འབྱིན་བྱས་པའི་འབོལ་རྩོམ་བརྩམས་ཆོས་ཡིན་པས། རྩོམ་པ་པོ་ནས་ཀྱང་༼རང་རེའི་རིག་གནས་དང་མི་རིགས་འདི་ཉིད་མི་ཉམས་རྒྱུན་གནས་དང་མཐུན་སྒྲིལ་གྱི་གོང་བུ་གཅིག་ཏུ་བསྒྲིལ་བར་རེ་འབོད་ཞུ་བ་ཡིན་པས། དགའ་སྐྱོ་ཆགས་སྡང་གི་ཕུང་པོ་རུ་གྲུབ་པའི་ཀློག་མཁན་དག་ལ་དགའ་སྐྱོའི་ཚོར་བ་ཅི་ཡང་སྦྱིན་སྲིད་ན་ངའི་རེ་བ་གྲུབ་པ་ཡིན་ལ། ངའི་ནར་མ་སོན་པའི་བསམ་བློ་དང་པིར་འགྲོས་རྩུབ་མོས་ཀློག་མཁན་ཚོ་ལ་ཞེན་ལོག་དང་སྐྱུག་བྲོ་ལྡང་སོང་ན་སུན་འབྱིན་དགག་རྒྱག་གི་ཕུང་པོ་བྱོ་སའི་བྲང་གཞུང་ཡངས་མོར་ཕྱེས་ནས་ཡོད༽ཅེས་དྲང་པོ་དྲང་བཞག་གི་སྐད་ཆ་ཤོད་ནས་ཡོད་པ་རེད། །

རྩོམ་ཁུངས། དགེ་ཆོས་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།