༼ཚངས་མགུར༽རྒྱ་འགྱུར་མའི་པར་གཞི་ཞིག་ལས་རྩོད་ཉོག་ཤོར་བ།

                  
       ཉེ་ལམ། རྒྱ་ཡིག་གི་ཞིན་ལའང་པོད་འཕྲིན་དུ་ལོ་ཙཱ་བ་ལུང་ཏུང(龙冬)ཞེས་པས་གསར་དུ་བསྒྱུར་བའི<<ཚངས་དབྱངས་རྒྱ་མཚོའི་མགུལ་གླུ>>ཞེས་པའི་ཁ་བྱང་གི་སྐོར་ནས་སྒྱུར་བ་བོ་སྐུ་ཞབས་ལུང་ཏུང་ལགས་དང་བོད་ཀྱི་ན་གཞོན་ཤེས་ཡོན་པ་འགའི་བར་དུ་རྩོད་པ་ཤོར་འདུག དེའང་ལུང་ཏུང་ལགས་ཀྱིས་༡༩༡༥ལོའི་ལྷ་སའི་ཤིང་པར་གྱི<<རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུལ་གླུ་སྙན་འགྲུགས་ཀྱིས་བཀོད་པ་བཞུགས་སོ>>ཞེས་པའི་དེབ་རྙིང་ཞིག་ཡོད་ཚུལ་དང་དེར་གཞི་བཅོལ་ནས་མགུལ་གླུ་ཞེས་བྲིས་པ་ཡང་དག་པ་ཡིན་པར་བཤད་ཅིང་ཚངས་དབྱངས་རྒྱ་མཚོའི་མགུར་གྱི་ལུས་ནི་དམངས་གཞས་ལྟར་བྱས་ཡོད་པས་དེའི་ཆེ་བ་འདོན་ཕྱིར་མགུལ་གླུ་ཞེས་བྲིས་ན་འགྲིག་པ་དང་། དེ་ཉིད་རྒྱ་ཡིག་ཏུ་圣歌ཞེས་བསྒྱུར་དགོས་ཚུལ་བཤད་ཡོད། དེ་བཞིན་བོད་ཀྱི་ན་གཞོན་ཤེས་ཡོན་པ་མཚོ་བུ་དགའ་བདེ་དང་། སྒྱིས་ཚང་གཅོད་པ། འཆིང་གྲོལ་ཚུལ་ཁྲིམས་རྒྱ་མཚོ། བསོད་ནམས་དབང་རྒྱལ། སྐྱབས་ཆེན་བདེ་གྲོལ། བྱམས་ཕྲུག་བན་ཏེ་མཁར་སོགས་ཀྱིས་མགུལ་གླུ་ཞེས་བྲིས་ན་ཡིག་ནོར་ཡིན་པ་དང་། འབྲི་སྟངས་དེ་འདྲའི་ཁུངས་ཏུན་ཧོང་གཏེར་ཡིག་དུའང་མེད་ཚུལ་སོགས་རང་རང་གི་རིག་པས་བསྒྲུབས་ཡོད་པར་མ་ཟད་བོད་ཀྱི་དེང་རབས་རྩོམ་པ་པོ་འདས་པོ་དོན་གྲུབ་རྒྱལ་མཆོག་གིས<<མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས>>སུའང་མགུལ་གླུ་ཞེས་བྲིས་ན་ཡིག་ནོར་ཡིན་པའི་སྐོར་བཀོད་ཡོད་པ་ལུང་དུ་དྲངས་འདུག ད་ལྟའང་ཕྱོགས་གཉིས་ཀའི་རྩོད་པའི་མཚམས་བཞག་མེད་ལ་ལུང་ཏུང་ལགས་ཀྱིས་འབྲེལ་ཡོད་ཡིག་ཆ་དང་རིག་གཞུང་ལ་མང་པོ་བལྟས་ནས་ད་དུང་དཔྱད་དགོས་པ་ལས་འཕྲལ་མར་སྐྱོན་ངོས་ལེན་རྒྱུ་མིན་ཚུལ་གླེང་འདུག
            དེའི་སྐོར་ལ་གཟིགས་འདོད་ན་དྲ་གནསweibo.com/1210148957/wr4n1Rs7wgསོགས་ནས་གཟིགས་ཐུབ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼ཚངས་མགུར༽རྒྱ་འགྱུར་མའི་པར་གཞི་ཞིག་ལས་རྩོད་ཉོག་ཤོར་བ།

2011-04-18 ངེད་དྲ་བ། ཀློག་གྲངས། མཆན ཡོད།

                  
       ཉེ་ལམ། རྒྱ་ཡིག་གི་ཞིན་ལའང་པོད་འཕྲིན་དུ་ལོ་ཙཱ་བ་ལུང་ཏུང(龙冬)ཞེས་པས་གསར་དུ་བསྒྱུར་བའི<<ཚངས་དབྱངས་རྒྱ་མཚོའི་མགུལ་གླུ>>ཞེས་པའི་ཁ་བྱང་གི་སྐོར་ནས་སྒྱུར་བ་བོ་སྐུ་ཞབས་ལུང་ཏུང་ལགས་དང་བོད་ཀྱི་ན་གཞོན་ཤེས་ཡོན་པ་འགའི་བར་དུ་རྩོད་པ་ཤོར་འདུག དེའང་ལུང་ཏུང་ལགས་ཀྱིས་༡༩༡༥ལོའི་ལྷ་སའི་ཤིང་པར་གྱི<<རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུལ་གླུ་སྙན་འགྲུགས་ཀྱིས་བཀོད་པ་བཞུགས་སོ>>ཞེས་པའི་དེབ་རྙིང་ཞིག་ཡོད་ཚུལ་དང་དེར་གཞི་བཅོལ་ནས་མགུལ་གླུ་ཞེས་བྲིས་པ་ཡང་དག་པ་ཡིན་པར་བཤད་ཅིང་ཚངས་དབྱངས་རྒྱ་མཚོའི་མགུར་གྱི་ལུས་ནི་དམངས་གཞས་ལྟར་བྱས་ཡོད་པས་དེའི་ཆེ་བ་འདོན་ཕྱིར་མགུལ་གླུ་ཞེས་བྲིས་ན་འགྲིག་པ་དང་། དེ་ཉིད་རྒྱ་ཡིག་ཏུ་圣歌ཞེས་བསྒྱུར་དགོས་ཚུལ་བཤད་ཡོད། དེ་བཞིན་བོད་ཀྱི་ན་གཞོན་ཤེས་ཡོན་པ་མཚོ་བུ་དགའ་བདེ་དང་། སྒྱིས་ཚང་གཅོད་པ། འཆིང་གྲོལ་ཚུལ་ཁྲིམས་རྒྱ་མཚོ། བསོད་ནམས་དབང་རྒྱལ། སྐྱབས་ཆེན་བདེ་གྲོལ། བྱམས་ཕྲུག་བན་ཏེ་མཁར་སོགས་ཀྱིས་མགུལ་གླུ་ཞེས་བྲིས་ན་ཡིག་ནོར་ཡིན་པ་དང་། འབྲི་སྟངས་དེ་འདྲའི་ཁུངས་ཏུན་ཧོང་གཏེར་ཡིག་དུའང་མེད་ཚུལ་སོགས་རང་རང་གི་རིག་པས་བསྒྲུབས་ཡོད་པར་མ་ཟད་བོད་ཀྱི་དེང་རབས་རྩོམ་པ་པོ་འདས་པོ་དོན་གྲུབ་རྒྱལ་མཆོག་གིས<<མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས>>སུའང་མགུལ་གླུ་ཞེས་བྲིས་ན་ཡིག་ནོར་ཡིན་པའི་སྐོར་བཀོད་ཡོད་པ་ལུང་དུ་དྲངས་འདུག ད་ལྟའང་ཕྱོགས་གཉིས་ཀའི་རྩོད་པའི་མཚམས་བཞག་མེད་ལ་ལུང་ཏུང་ལགས་ཀྱིས་འབྲེལ་ཡོད་ཡིག་ཆ་དང་རིག་གཞུང་ལ་མང་པོ་བལྟས་ནས་ད་དུང་དཔྱད་དགོས་པ་ལས་འཕྲལ་མར་སྐྱོན་ངོས་ལེན་རྒྱུ་མིན་ཚུལ་གླེང་འདུག
            དེའི་སྐོར་ལ་གཟིགས་འདོད་ན་དྲ་གནསweibo.com/1210148957/wr4n1Rs7wgསོགས་ནས་གཟིགས་ཐུབ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།