༼དུས༽ཀྱི་རྩོམ་བརྡ།

དུང་བུ་དང་སྨྱུག་སྲས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-04-14

  འུ་ཅག་བོད་ལ་བསམ་བློ་གསར་བའི་མྱུ་གུ་འབུས་ནས་མང་པོ་ཞིག་སོང་མེད་པའི་ཁ་སང་དེ་རིང་གི་དུས་འདིར།གཞུང་སྒེར་གྱི་དུས་དེབ་དང་ཚགས་ཤོག་སྣ་ཚོགས་རྒྱ་མཚོའི་རླབས་ལྟར་གཅིག་འཇགས་གཅིག་ལངས་ཀྱི་ཚུལ་དུ་ཐོན་དང་ཐོན་བཞིན་ཡོད་ནའང་།འདི་དང་གན་ཞེས་ཤུགས་རྐྱེན་ཅན་ཞིག་དང་གྲུབ་འབྲས་ཅན་ཞིག་ངོམ་རྒྱུ་ཡོད་པ་ནི་༼ ཤར་དུང་རི༽དང་༼ ན་གཞོན་གསར་བ༽སོགས་རེ་གཉིས་ཤིག་ལས་བགྲང་རྒྱུ་མེད་པ་ནི་བཤད་མ་དགོས་བཤམས་ནས་ཡོད་པ་ཞིག་རེད།༼ སྤྱི་ཕྱོགས་ནས་བཤད་པས་མ་གཏོགས་དུས་དེབ་དང་ཚགས་ཤོག་གཞན་དག་ལའང་རང་རང་གི་ནུས་པ་དང་གྲུབ་འབྲས་རེ་སྟོན་རྒྱུ་ཡོད་ན་ཐང༽ཡང་ཕྱོགས་གཞན་ཞིག་ནས་བཤད་ན།འུ་ཅག་གི་མི་རིགས་འདིས་ཀྱང་ཤེས་རིག་ལ་འཚོལ་སྙེག་དང་དཔལ་ཡོན་ལ་རྒྱང་འབོད་བྱེད་པའི་མགོ་བརྩམས་པ་ཡང་མཚོན་ཐུབ།འདི་ནི་འུ་ཅག་གི་མི་རབས་གསར་བ་འདིར་དཔའ་སྙིང་རྒྱས་བྱེད་ཅིག་དང་སྙིང་ཕུར་གདབ་བྱེད་ཅིག་རེད་ཅེ་ནའང་མི་ཆོག་པ་གང་ཡང་མི་འདུག
        ཁྲ་ཁྲ་རིག་རིག་དང་རབ་རིབ་མག་མོག་གི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སོ་མཚམས་འདི་ནས། སློབ་སྦྱོང་ལ་དེ་ཙམ་མི་ངར་ཞིང་རྩོམ་རིག་ལ་ཧ་ཅང་དགའ་བའི་ལག་སྟོང་མཆན་ལ་བཙིར་བའི་གཞོན་ནུ་རྐྱལ་སྟོང་གཉིས་ཀྱིས་༼ཁ་ཆུང་དབང་ཆུང་ཡིན་རུང་།ཁ་ཞིག་གྲགས་ན་འདོད་པས༽༼དུས་༽ཞེས་པའི་ལོ་དེབ་ཅག་པར་དུ་བསྐྲུན་ནས།བསམ་བློ་གསར་བའི་ཁ་དབུགས་བཙོག་པའི་བོད་ཀྱི་འབྲིང་རིམ་སློབ་གྲྭ་དག་གཙོར་བྱས་ནས་སྤྱི་ཚོགས་ལས་རིགས་སོ་སོར་བཀྲམ་རྒྱུ་ཡིན།དེ་བས། མི་རིགས་ཀྱི་ལས་དབང་ལ་བློ་སེམས་རྣལ་མས་ཐུགས་ཁུར་བྱེད་ཅིང་བསམ་གཞིག་གི་མེ་སྟག་དྲག་པོ་སྨྱུག་རྩེ་རུ་སྦྲུམ་པའི་རི་ཁ་བ་ཅན་གྱི་སྨྱུག་ཐོགས་པ་ཡོངས་ཀྱིས་སྨག་འཇོམས་ཀྱི་དཔྱོད་ཤེས་དང་དགག་བཞག་རྣོ་བའི་འབོལ་རྩོམ་རེ་ཟུང་གིས་རྒྱབ་སྐྱོར་གནང་རྒྱུ་རེ་བ་ཤིན་ཏུ་ཆེའོ། །
           ཆ་རྐྱེན།
                   ༡ ནང་དོན་ཆབ་སྲིད་དང་འགལ་མི་རུང་།
                   ༢ རྩོམ་ལུས་འབོལ་རྩོམ་ཡིན་དགོས།
                   ༣ རྩོམ་བསྡུའི་དུས་ཡུན་ནི་ད་ལོའི་ལུགས་གསར་གྱི་
                     ཟླ་༦པའི་ཚེས་༢༠ཉིན་བསྡུ་མཚམས་འཇོག་རྒྱུ་ཡིན།
                    ༤ རྩོམ་པ་པོའི་མིང་དང་སྡོད་གནས། འབྲེལ་གཏུགས་ཨང་གྲངས་
                        གསལ་བོར་འབྲི་དགོས།
                    ༥  ཡིག་ཟམ shidaifengbao2011@163.com
                    ༦ འབྲེལ་གཏུགས་མི་སྣ
                        དུང་བུ་ཆོས་འབུམ་རྒྱལ།  ༡༥༩༠༩༧༣༩༠༩༣
                        ཨ་བུ་མི་འགྱུར་རྡོ་རྗེ།    ༡༣༣༨༩༧༣༥༩༤༠
                           ༢༠༡༡ ༠༤ ༡༠ཉིན་དུང་བུ་དང་སྨྱུག་སྲས་གཉིས་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼དུས༽ཀྱི་རྩོམ་བརྡ།

2011-04-14 དུང་བུ་དང་སྨྱུག་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།