དགེ་འདུན་ཆོས་འཕེལ་དྲ་བ་དགེ་ཆོས་རྩོམ་རིག་དྲ་བར་བསྒྱུར་བ།

དགེ་ཆོས་རྩོམ་རིག་དྲ་བ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-04-05

 
     དེ་ཡང་དྲ་བའི་རིག་གནས་དར་སོ་ཤིན་ཏུ་ཆེ་བའི་དེང་གི་དུས་འདིར། སྟེང་གི་བཀོད་པའི་རིམ་འཕར་གྱི་འགྱུར་ལྡོག་སྣ་ཚོགས་པ་དེས་མིའི་རིགས་ཀྱི་མཛེས་འཛིན་ལྟ་ཚུལ་དང་འདུ་ཤེས་འཛིན་སྟངས་སོགས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་བྱུང་དང་འབྱུང་གིན་ཡོད་པ་དེ་བཞིན། ད་ལྟ་ལག་འཁྱེར་ཁ་པར་སོགས་ལས་དྲ་ཚིགས་བཀླག་ཆོག་པའི་སྐལ་བ་དང་ལྡན་པ་འདི་དུས་རབས་ཀྱིས་ང་ཚོ་ལ་སྤྲད་པའི་ཕུགས་བསམ་གྱི་ཕྱི་ཐག་ཅིག་ཡིན་ཙ་ན་ང་ཚོས་ཀྱང་སྤྱོད་ཤེས་དང་བླང་དོར་ཡོད་པས་སྒོ་ནས་དྲ་ཚིགས་ཀྱི་ཁྱབ་ངོས་སོགས་ལ་འགན་འཁུར་དགོས་པའི་དུས་ལ་བསླེབས་ནས་ཡོད།  
    ཡང་དྲ་ཐོག་རིག་གནས་ཀྱིས་བསྐྱེད་པའི་ཤེས་ལྡན་པ་མང་པོ་ཞིག་གི་ཕུགས་བསམ་ཀྱི་དམིགས་གཏད་ས་མི་འདྲ་བའི་དེ་རིང་ཤེས་ལྡན་པ་ལ་ལ་ཞིག་གིས་རང་གི་བརྩམས་ཆོས་དེ་ལ་བཀག་འགོག་དང་བཟོ་བཅོས་བྱེད་པ་ནི་དྲ་བའི་འགན་འཛིན་པ་དག་གི་མ་འཁྱོངས་པའི་ལས་ཀ་ཞིག་ཏུ་བརྩི་མཁན་ཡང་བྱུང་ཡོད་པས། ངེད་དགེ་ཆོས་དྲ་བ་ནས་ཆེད་དུ་སྔོན་གྱི་༼དགེ་འདུན་ཆོས་འཕེལ༽དྲ་བ་ཞེས་པ་༼དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ༽རུ་བསྒྱུར་ནས་དཔེ་ཐོག་རྩོམ་རིག་གིས་མི་འདང་ས་དང་མི་ཆོད་སར་ཆེད་དུ་ཁ་སྐོང་གི་འཕྲིན་ལས་འདྲ་སྐྱོང་ཁུལ་བྱ་རྒྱུ་ཡིན་ལ། འདིས་ཀྱང་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་གཙོས་བོད་ཀྱི་རྩོམ་རིག་དྲ་ཚིགས་དག་ལ་གཞོགས་འདེགས་ཀྱི་ཕན་རེ་བསྒྲུབ་ན་བསམ་པའི་ཀུན་སློང་དང་། རང་ཅག་བོད་པར་དྲ་ཚིགས་མང་པོ་མེད་ནའང་ཁ་བརྒྱག་རྒྱུ་མང་བའི་རང་རེའི་དྲ་བའི་སྣང་ཚུལ་སྐྱོ་བོ་དེར་ལམ་སློང་གི་ཕན་ནུས་འདྲ་ཐོན་པའི་དགེ་མཚན་འབྱུང་
བར་འབད་པ་ཡིན་ནོ། ། 
  
  ཟུར་དུ་ཞུ་བ། དགེ་ཆོས་དྲ་བ་རུ་གློག་བརྙན་གྱི་ལེ་ཚན་ཞིག་གསར་དུ་དབྱེ་བ་ནས་བོད་ཀྱི་གློག་བརྙན་གཙོ་བྱས་འཛམ་གླིང་གི་གློག་བརྙན་ཆེ་གྲས་དག་གི་བརྙན་ཆས་དང་ནང་དོན་གསལ་བཤད་ཀྱི་ཡི་གེ་སོགས་བགོད་ཀྱིན་ཡོད་པས་གློག་བརྙན་ལ་དགའ་ཁ་ཡོད་མཁན་དག་ལ་རང་དབང་གི་གནས་མལ་ཞིག་ཀྱང་བསྐྲུན་ནས་ཡོད་པ་རེད།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་འདུན་ཆོས་འཕེལ་དྲ་བ་དགེ་ཆོས་རྩོམ་རིག་དྲ་བར་བསྒྱུར་བ།

2011-04-05 དགེ་ཆོས་རྩོམ་རིག་དྲ་བ། ཀློག་གྲངས། མཆན ཡོད།

 
     དེ་ཡང་དྲ་བའི་རིག་གནས་དར་སོ་ཤིན་ཏུ་ཆེ་བའི་དེང་གི་དུས་འདིར། སྟེང་གི་བཀོད་པའི་རིམ་འཕར་གྱི་འགྱུར་ལྡོག་སྣ་ཚོགས་པ་དེས་མིའི་རིགས་ཀྱི་མཛེས་འཛིན་ལྟ་ཚུལ་དང་འདུ་ཤེས་འཛིན་སྟངས་སོགས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་བྱུང་དང་འབྱུང་གིན་ཡོད་པ་དེ་བཞིན། ད་ལྟ་ལག་འཁྱེར་ཁ་པར་སོགས་ལས་དྲ་ཚིགས་བཀླག་ཆོག་པའི་སྐལ་བ་དང་ལྡན་པ་འདི་དུས་རབས་ཀྱིས་ང་ཚོ་ལ་སྤྲད་པའི་ཕུགས་བསམ་གྱི་ཕྱི་ཐག་ཅིག་ཡིན་ཙ་ན་ང་ཚོས་ཀྱང་སྤྱོད་ཤེས་དང་བླང་དོར་ཡོད་པས་སྒོ་ནས་དྲ་ཚིགས་ཀྱི་ཁྱབ་ངོས་སོགས་ལ་འགན་འཁུར་དགོས་པའི་དུས་ལ་བསླེབས་ནས་ཡོད།  
    ཡང་དྲ་ཐོག་རིག་གནས་ཀྱིས་བསྐྱེད་པའི་ཤེས་ལྡན་པ་མང་པོ་ཞིག་གི་ཕུགས་བསམ་ཀྱི་དམིགས་གཏད་ས་མི་འདྲ་བའི་དེ་རིང་ཤེས་ལྡན་པ་ལ་ལ་ཞིག་གིས་རང་གི་བརྩམས་ཆོས་དེ་ལ་བཀག་འགོག་དང་བཟོ་བཅོས་བྱེད་པ་ནི་དྲ་བའི་འགན་འཛིན་པ་དག་གི་མ་འཁྱོངས་པའི་ལས་ཀ་ཞིག་ཏུ་བརྩི་མཁན་ཡང་བྱུང་ཡོད་པས། ངེད་དགེ་ཆོས་དྲ་བ་ནས་ཆེད་དུ་སྔོན་གྱི་༼དགེ་འདུན་ཆོས་འཕེལ༽དྲ་བ་ཞེས་པ་༼དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ༽རུ་བསྒྱུར་ནས་དཔེ་ཐོག་རྩོམ་རིག་གིས་མི་འདང་ས་དང་མི་ཆོད་སར་ཆེད་དུ་ཁ་སྐོང་གི་འཕྲིན་ལས་འདྲ་སྐྱོང་ཁུལ་བྱ་རྒྱུ་ཡིན་ལ། འདིས་ཀྱང་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་གཙོས་བོད་ཀྱི་རྩོམ་རིག་དྲ་ཚིགས་དག་ལ་གཞོགས་འདེགས་ཀྱི་ཕན་རེ་བསྒྲུབ་ན་བསམ་པའི་ཀུན་སློང་དང་། རང་ཅག་བོད་པར་དྲ་ཚིགས་མང་པོ་མེད་ནའང་ཁ་བརྒྱག་རྒྱུ་མང་བའི་རང་རེའི་དྲ་བའི་སྣང་ཚུལ་སྐྱོ་བོ་དེར་ལམ་སློང་གི་ཕན་ནུས་འདྲ་ཐོན་པའི་དགེ་མཚན་འབྱུང་
བར་འབད་པ་ཡིན་ནོ། ། 
  
  ཟུར་དུ་ཞུ་བ། དགེ་ཆོས་དྲ་བ་རུ་གློག་བརྙན་གྱི་ལེ་ཚན་ཞིག་གསར་དུ་དབྱེ་བ་ནས་བོད་ཀྱི་གློག་བརྙན་གཙོ་བྱས་འཛམ་གླིང་གི་གློག་བརྙན་ཆེ་གྲས་དག་གི་བརྙན་ཆས་དང་ནང་དོན་གསལ་བཤད་ཀྱི་ཡི་གེ་སོགས་བགོད་ཀྱིན་ཡོད་པས་གློག་བརྙན་ལ་དགའ་ཁ་ཡོད་མཁན་དག་ལ་རང་དབང་གི་གནས་མལ་ཞིག་ཀྱང་བསྐྲུན་ནས་ཡོད་པ་རེད།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།