བོད་ཀྱི་བརྙན་ཐུང་འགྲེམ་ཚོགས་དང་པོ་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་བསྡུས་པ།

    ཕྱི་ལོ་༢༠༡༡ལོའི་ཟླ༣པའི་ཚེས༢༡ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་པར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་མའི་བརྙན་ཐུང་འགྲེམས་སྟོན་ཚོགས་འདུ་ཚོགས་ཤིང་། ཚོགས་ཐོག་ནས་སློབ་གླིང་འདི་ག་ནས་ཡིན་པའི་སློབ་བུ་འགས་ཕབ་པའི་བརྙན་ཐུང་གསུམ་འགྲེམ་སྟོན་དང་སྦྲགས་ཆེད་ལས་མི་སྣ་གདན་འདྲེན་སྒོས་གློག་བརྙན་གསུམ་གར་དཔྱད་བརྗོད་སྤེལ་བ་སོགས་ཀྱི་བྱ་འགུལ་སྤེལ།
   
     བརྙན་ཐུང་གསུམ་གྱི་འགྲེམས་བསྒྲགས་བརྡ་ཁྱབ།
      གློག་བརྙན་ལས་རིགས་ཀྱི་ཧམ་སེམས་གོ་ལ་རིལ་མོའི་སྟེང་སྟོབས་ཀྱིས་འཕྱུར་བ་ནས་རང་རེའི་བོད་ཀྱི་སྔོན་བསྐྱོད་པ་འགའ་རེ་ཡང་གློག་བརྙན་གྱི་མཛེས་པས་བསླུས་ཅིང་བརྡབ་གསིག་རིགས་དེར་གདོང་ཁ་མཇལ་ཕྱིར་པར་མིག་ཐོགས་པའི་ལས་ལ་ཞུགས་ཤིང་། མི་རིགས་གློག་བརྙན་གྱི་དར་ཆ་བསྒྲེངས་ཕྱིར་སྔ་ཕྱིར་བོད་པ་རང་གིས་འཁྲབ་ཁྲིད་སྒྲིག་སྦྱོར་བྱས་པའི་གློག་བརྙན་འགའ་རྒྱལ་སྤྱིའི་བརྙན་ཡོལ་ངོས་སུ་བསྐྱལ་བ་དེ། ཕྱོགས་གཅིག་ནས་བོད་པ་རང་ལ་གློག་བརྙན་དང་འཁྲབ་ཁྲིད་པ་མེད་པའི་ལོ་རྒྱུས་ལ་བཞི་ཤད་བཀོད། འཁྱེར་སོའི་འགྱུ་ཕྱོགས་དང་གོ་རྟོགས་ཀྱི་དངངས་སད་དང་འགྲོགས་སྟེ་བོད་ཀྱི་ཡུལ་ཚོ་ལུང་པ་སོ་སོ་ནས་ཡང་གཟུགས་སུ་ཕབ་ཚད་ཐམས་ཅད་ལ་གློག་བརྙན་གྱི་དཔུང་རྟགས་བརྒྱབ་སྟེ། འགྲོ་གྲོན་ཁེ་པོ་དང་ལག་ཐོགས་ཕབ་ཆས། གཙོ་འཁྲབ་རྐྱ་འཐབ་པར་སོང་བའི་རིང་ཐུང་ཅི་རིགས་ཀྱི་གློག་བརྙན་ཐོན་ཡོང་གིན་འདུག དེ་ཡང་སྤྱིའི་ཆ་ནས་ལོ་རབས་བཞི་བཅུ་བའི་ཧྥ་རན་སིའི་རླབས་རྒྱུན་གསར་བ་དང་འདྲ་ཤས་སུ་སོང་བའི་ལས་འགུལ་ཞིག་དར་ནས་ཡོང་གིན་འདུག
   
    འཁྲབ་ཁྲིད་པ་བཞི་བོ་དང་མདོ་འཛིན་པ།
     ད་རེས་ཀྱི་བྱེད་སྒོ་འདི་ནི་གློག་བརྙན་ལ་དགའ་མོས་ཡོད་པའི་ན་གཞོན་འཁྲབ་ཁྲིད་པ་གསུམ་གྱི་བརྙན་ཐུང་བརྩམས་ཆོས་སློབ་གྲྭའི་ནང་ནས་སྤྱི་བར་འགྲེམས་བསྒྲགས་བྱས་པ་ཡིན་ཞིང་།  བརྩམས་ཆོས་ཕུད་ཚར་རྗེས་འཁྲབ་ཁྲིད་པ་དང་ལྟད་མོ་བ་གཉིས་ངོ་ལ་ངོ་ཐུག་གིས་གློག་བརྙན་གསུམ་པོའི་ཕྱོགས་ནས་ཁ་བརྡ་གློད་ཅིང་། ལྟ་ཚུལ་བརྗེ་རེས་དང་སྦྲགས་དཔྱད་བརྗོད་པའི་ངོས་ཐད་ནས་བསམ་ཚུལ་གང་ཡོད་སྨྲས་པ་སྟེ་གློག་བརྙན་འགྲེམས་ཚོགས་ཀྱི་ཆོ་ག་དང་བཅས་ཆ་ཚང་བར་འདུག་པས་ན་བོད་ཀྱི་བརྙན་ཐུང་འགྲེམས་ཚོགས་ཐེངས་དང་པོ་ལྟ་བུར་ཡང་འགྲོ་ཞིང་། ན་གཞོན་འཁྲབ་ཁྲིད་པ་འདི་དག་དང་བཅས་པའི་ཚོགས་རའི་སློབ་གྲོགས་ཡོངས་ལས་རིགས་འདིར་དགའ་མོས་ཞེ་དྲགས་ཡོད་པའི་ཆ་ནས་བོད་ཀྱི་གློག་བརྙན་ལས་རིགས་ཀྱི་ཚ་རླབས་ཀྱང་མི་འགྱངས་པར་འཕྱུར་མི་ཡོང་ངམ་སྙམ་པའི་བློ་བསྐྱེད་སྟེར་ངེས་སྟེ། འདི་ནི་གོམ་པ་དང་པོའི་ཚུལ་ཙམ་དུ་ཡོད་པས་སོ།
འགྲེམས་ཚོགས་སྟེང་ནས་བསྟན་པའི་བརྙན་ཐུང་ཁག་ནི། ན་གཞོན་འཁྲབ་ཁྲིད་པ་དབང་མཆོག་འབུམ་གྱི<<ལུག་རྫི་ཕག་ལོ>>དང་། ན་གཞོན་འཁྲབ་ཁྲིད་པ་ལྷ་མོ་བཀྲ་ཤིས་ཀྱི<<གཟའ་ཉི་མ>>ན་གཞོན་འཁྲབ་ཁྲིད་པ་དཔའ་རྩལ་དང་ལྷ་མོ་ཚེ་བརྟན་གཉིས་ཀྱི<<ཤེས་རབ་ཀྱི་འཛུམ་མདངས>>བཅས་སོ།
   
    ཚོགས་རའི་ཟུར་ཞིག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་བརྙན་ཐུང་འགྲེམ་ཚོགས་དང་པོ་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་བསྡུས་པ།

2011-03-22 བྱམས་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།