དཔའ་རིས་རྫོང་གིས་དཔའ་རིས་བོད་ཀྱི་དམངས་གླུའི་ཤུལ་འཛིན་བརྒྱུད་ཁྲིད་སྐོར་གྱི་བྱེད་སྒོ་སྤེལ།

རིག་སྨོན་དཀོན་མཆོག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-03-13


     ཟླ་༣པའི་ཚེས་༡༠ཉིན་གྱི་དགོང་མོ་དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་རྩ་འཛུགས་བྱས་ནས་རྫོང་སྲིད་གྲོས་ཚོགས་ཁང་དུ་༢༠༡༡ལོའི་སྐབས་གཉིས་བའི་རྒྱལ་ཁབ་རིམ་པའི་དངོས་མིན་ ཤུལ་བཞག་རིག་གནས་སྲུང་སྐྱོང་རྣམ་གྲངས་ཏེ་དཔའ་རིས་བོད་ཀྱི་དམངས་གླུའི་ཤུལ་འཛིན་བརྒྱུད་ཁྲིད་བྱེད་སྒོ་སྤེལ་བ་རེད།                                                               
    ཐེངས་འདིའི་བྱ་འགུལ་གྱིས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་དང་སྲོལ་རྒྱུན་ཤེས་རིག་ཤུལ་འཛིན་བྱེད་པ་གཙོ་བོར་བཞག་ནས།     མཚོ་སྔོན་ཡུལ་གྱི་འབྲུག་གུ་དང་རྒྱ་ཏིག་སུམ་མདོ་སོགས་དཔའ་རིས་ཡུལ་
ཁམས་གྱི་དམངས་ཁྲོད་གླུ་བ་གླུ་མ་བཅུ་ཕྲག་ལྷག་གདན་དྲངས་ཡོང་ནས་བྱ་འགུལ་དུ་ཞུགས་པ་རེད། དུས་མཉམ་དུ་རྒྱལ་ཁབ་རིམ་པའི་བརྒྱུད་ཁྲིད་པ་དཔའ་རིས་བསོད་ནམས་ཚེ་རིང་དང་ཞིང་ཆེན་རིམ་པའི་བརྒྱུད་ཁྲིད་པ་གཡུང་དྲུང་འཚོ།རྒན་རབས་སྒྱུ་རྩལ་པ་སྐོར་ཞིག། དཔའ་རིས་བོད་ཀྱི་དམངས་གླུར་དགའ་ཞེན་ཆེ་བའི་ལས་བྱེད་པ་དག་དང་སློབ་མ་སྐོར་ཞིག་ཀྱང་བརྒྱུད་ཁྲིད་ ལས་འགུལ་ལ་ཞུགས། གཞན་ད་དུང་རྫོང་རྒྱང་སྒྲགས་ཅུའི་བོད་ཡིག་སྡེ་ཁག  རྫོང་ཐད་གཏོགས་མི་རིགས་སློབ་གྲྭ་ཁག་གི་འཐུས་མི་སོགས་ཞུགས་ཡོད།  དཔའ་རིས་ནི་ས་རྒྱ་ཆེ་ཞིང་ས་ཁུལ་རང་བཞིན་གྱི་རིག་གནས་ཁྱད་ཆོས་མངོན་དུ་དོད་ལ།ལྷག་པར་དུ་དཔའ་རིས་དམངས་གླུའི་ངག་གི་དབྱངས་རྟ་ནི་བོད་ཁུལ་གཞན་དག་དང་ཐུན་མོང་མ་ཡིན་པའི་བླ་ལྷག་གི་ཁྱད་ཆོས་གང་མང་ལྡན། དཔའ་རིས་བོད་ཀྱི་དམངས་གླུ་ལ་སྲུང་སྐྱོང་བྱེད་པའི་ཆེད་དུ།ལོ་མང་རིང་ལ་བོད་སྐད་ཡིག་ལས་ཤག་གིས་སྲུང་སྐྱོང་བྱ་ཡུལ་ནི་དཔའ་རིས་ཡུལ་ཁོངས་སུ་གཏོགས་པའི་ལ་ལུང་ཡུལ་གྲུ་ཀུན་དུ་ཁྱབ་འདུག  ཐེངས་འདིར་སྤེལ་བའི་བྱ་འགུལ་ནི་བོད་སྐད་ཡིག་ལས་ཤག་གིས་ནན་ཏན་གྱི་སྒོ་ནས་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྣམ་གྲངས་དཔའ་རིས་བོད་ཀྱི་དམངས་གླུ་སྲུང་སྐྱོང་བརྒྱུད་ཁྲིད་བྱ་བ་དངོས་སུ་ལག་སྟར་བྱས་བ་རེད།མིག་སྔར།དམངས་གླུའི་འཚོལ་བསྡུ་བརྩམ་སྒྲིག་བྱ་བ་འགྲུབ་ནས་གླུ་བ་ཚོས་བླངས་བའི་ངག་ཐམས་ཅད་སྒྲར་ཕབ་ནས་འོད་སྡེར་འཕུད་རྒྱུར་འབད་བཞིན་ཡོད། ལས་དོན་འདི་འགྲུབ་ན་དཔའ་རིས་བོད་ཀྱི་རྗེས་རབས་པ་ཚོར་ལྷད་མེད་ཀྱི་སྲོལ་རྒྱུན་རིག་གནས་འདི་བརྒྱུད་ཁྲིད་བྱེད་པར་དོན་སྙིང་བརྗོད་ཀྱིས་མི་ལང་བ་ཡོད་ངེས་རེད།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔའ་རིས་རྫོང་གིས་དཔའ་རིས་བོད་ཀྱི་དམངས་གླུའི་ཤུལ་འཛིན་བརྒྱུད་ཁྲིད་སྐོར་གྱི་བྱེད་སྒོ་སྤེལ།

2011-03-13 རིག་སྨོན་དཀོན་མཆོག ཀློག་གྲངས། མཆན ཡོད།


     ཟླ་༣པའི་ཚེས་༡༠ཉིན་གྱི་དགོང་མོ་དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་རྩ་འཛུགས་བྱས་ནས་རྫོང་སྲིད་གྲོས་ཚོགས་ཁང་དུ་༢༠༡༡ལོའི་སྐབས་གཉིས་བའི་རྒྱལ་ཁབ་རིམ་པའི་དངོས་མིན་ ཤུལ་བཞག་རིག་གནས་སྲུང་སྐྱོང་རྣམ་གྲངས་ཏེ་དཔའ་རིས་བོད་ཀྱི་དམངས་གླུའི་ཤུལ་འཛིན་བརྒྱུད་ཁྲིད་བྱེད་སྒོ་སྤེལ་བ་རེད།                                                               
    ཐེངས་འདིའི་བྱ་འགུལ་གྱིས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་དང་སྲོལ་རྒྱུན་ཤེས་རིག་ཤུལ་འཛིན་བྱེད་པ་གཙོ་བོར་བཞག་ནས།     མཚོ་སྔོན་ཡུལ་གྱི་འབྲུག་གུ་དང་རྒྱ་ཏིག་སུམ་མདོ་སོགས་དཔའ་རིས་ཡུལ་
ཁམས་གྱི་དམངས་ཁྲོད་གླུ་བ་གླུ་མ་བཅུ་ཕྲག་ལྷག་གདན་དྲངས་ཡོང་ནས་བྱ་འགུལ་དུ་ཞུགས་པ་རེད། དུས་མཉམ་དུ་རྒྱལ་ཁབ་རིམ་པའི་བརྒྱུད་ཁྲིད་པ་དཔའ་རིས་བསོད་ནམས་ཚེ་རིང་དང་ཞིང་ཆེན་རིམ་པའི་བརྒྱུད་ཁྲིད་པ་གཡུང་དྲུང་འཚོ།རྒན་རབས་སྒྱུ་རྩལ་པ་སྐོར་ཞིག། དཔའ་རིས་བོད་ཀྱི་དམངས་གླུར་དགའ་ཞེན་ཆེ་བའི་ལས་བྱེད་པ་དག་དང་སློབ་མ་སྐོར་ཞིག་ཀྱང་བརྒྱུད་ཁྲིད་ ལས་འགུལ་ལ་ཞུགས། གཞན་ད་དུང་རྫོང་རྒྱང་སྒྲགས་ཅུའི་བོད་ཡིག་སྡེ་ཁག  རྫོང་ཐད་གཏོགས་མི་རིགས་སློབ་གྲྭ་ཁག་གི་འཐུས་མི་སོགས་ཞུགས་ཡོད།  དཔའ་རིས་ནི་ས་རྒྱ་ཆེ་ཞིང་ས་ཁུལ་རང་བཞིན་གྱི་རིག་གནས་ཁྱད་ཆོས་མངོན་དུ་དོད་ལ།ལྷག་པར་དུ་དཔའ་རིས་དམངས་གླུའི་ངག་གི་དབྱངས་རྟ་ནི་བོད་ཁུལ་གཞན་དག་དང་ཐུན་མོང་མ་ཡིན་པའི་བླ་ལྷག་གི་ཁྱད་ཆོས་གང་མང་ལྡན། དཔའ་རིས་བོད་ཀྱི་དམངས་གླུ་ལ་སྲུང་སྐྱོང་བྱེད་པའི་ཆེད་དུ།ལོ་མང་རིང་ལ་བོད་སྐད་ཡིག་ལས་ཤག་གིས་སྲུང་སྐྱོང་བྱ་ཡུལ་ནི་དཔའ་རིས་ཡུལ་ཁོངས་སུ་གཏོགས་པའི་ལ་ལུང་ཡུལ་གྲུ་ཀུན་དུ་ཁྱབ་འདུག  ཐེངས་འདིར་སྤེལ་བའི་བྱ་འགུལ་ནི་བོད་སྐད་ཡིག་ལས་ཤག་གིས་ནན་ཏན་གྱི་སྒོ་ནས་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྣམ་གྲངས་དཔའ་རིས་བོད་ཀྱི་དམངས་གླུ་སྲུང་སྐྱོང་བརྒྱུད་ཁྲིད་བྱ་བ་དངོས་སུ་ལག་སྟར་བྱས་བ་རེད།མིག་སྔར།དམངས་གླུའི་འཚོལ་བསྡུ་བརྩམ་སྒྲིག་བྱ་བ་འགྲུབ་ནས་གླུ་བ་ཚོས་བླངས་བའི་ངག་ཐམས་ཅད་སྒྲར་ཕབ་ནས་འོད་སྡེར་འཕུད་རྒྱུར་འབད་བཞིན་ཡོད། ལས་དོན་འདི་འགྲུབ་ན་དཔའ་རིས་བོད་ཀྱི་རྗེས་རབས་པ་ཚོར་ལྷད་མེད་ཀྱི་སྲོལ་རྒྱུན་རིག་གནས་འདི་བརྒྱུད་ཁྲིད་བྱེད་པར་དོན་སྙིང་བརྗོད་ཀྱིས་མི་ལང་བ་ཡོད་ངེས་རེད།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།