༼རང་གྲོལ་སྨྱུག་གསར་དྲ་བ༽ཡི་བརྡ་ཁྱབ།

༼རང་གྲོལ་སྨྱུག་གསར་དྲ་བ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-03-11

     ངེད་དྲ་བར་འཇུག་པའི་ཤེས་ལྡན་རྣམ་པ་ལགས།  ངེད་དྲ་བ་ཤར་གཏོང་བྱས་ནས་ཟླ་ངོ་གཉིས་མ་གཏོགས་འགོར་མེད་ཀྱང་།  ཁྱེད་ཅག་གི་ཤེས་རབ་ཀྱི་མིག་ཟུང་འདི་ལ་གཏད་དེ་བྲིས་རྩོམ་གྱི་དངོས་གྲུབ་བར་མེད་དུ་བསྩལ་བྱུང་བས།  དྲ་ཚིགས་འདི་ལ་འོ་མཆུ་སྦྱོར་མཁན་མང་ནས་མང་དུ་འགྲོ་གིན་ཡོད།  ངེད་དྲ་བའི་དམིགས་པ་གཙོ་བོ་ནི། གསར་སྐྱེས་རྩོམ་པ་པོ་སྐྱེད་སྲིང་བྱས་ཏེ།  གང་དེ་ལ་རང་དབང་གི་སྐད་ཆ་བཤད་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་དེ་ཡིན།  འདི་ཡང་སློབ་ཆེན་དང་མཐོ་འབྲིང་གི་སློབ་བུ་རྣམས་ལ་དཔྱོད་ཤེས་ཀྱི་མེ་རྟ་འཕྱུར་བའི་རྐྱེན་ལ་གཙོ་བོར་དམིགས་ཡོད།  དེ་འདྲ་ཡིན་ཙང་། གྲངས་མི་གཙོ་གྲུང་གཙོ་ཞེས་པའི་དཔེ་ལྟར།  དྲ་ཚིགས་གཞན་དུ་བཀོད་ཟིན་པའི་བྲིས་རྩོམ་བརྒྱུད་འགོད་བྱེད་ཀྱིན་མེད།   ཡིན་ནའང་།  ངེད་དྲ་བའི་རྡེག་གྲངས་དང་ཀློག་གྲངས་གཉིས་རྦད་དེ་གཅིག་པ་མིན་པས་ཁྱེད་ཅག་ལ་གསེད་དགྲོལ་ཞིག་བྱེད་འདོད་བྱུང་།   དཔེར་ན། ཁྱེད་ཀྱི་རྩིས་འཁོར་སྟེང་ངེད་དྲ་ངོས་ཀྱི་རྩོམ་ཡིག་ཅིག་གསར་དུ་བཀླགས་པ་ན།  དེ་མཐུན་གྱི་ཀློག་གྲངས་གཅིག་འཕར་མོད། བསྐྱར་ཀློག་བྱས་ཚེ།  རྡེག་གྲངས་ལས་ཀློག་གྲངས་འཕར་སྣོན་མི་འབྱུང་།  དེའི་ཕྱིར་ན། ངེད་དྲ་བའི་ཀློག་གྲངས་ནི་མི་ངོ་རེ་རེའི་ཚབ་གྲངས་ཡིན་ལ། ནམ་རྒྱུན་དྲ་ངོས་སུ་མྱུལ་ནས་རང་གི་རྩོམ་ཡིག་བསྐྱར་ཀློག་ཡང་ཀློག་བྱས་ཏེ་ཀློག་གྲངས་འཕར་སྣོར་བྱེད་པའི་ལས་སུ་ཞུགས་པའི་འུ་ཅག་གི་སྒོམ་ཆེན་པ་དག་གི་གཡོ་ཇུས་ཀྱི་མིག་ཟུང་ངེད་དྲ་བར་གཏོད་མི་ཐུབ།  གལ་ཏེ་ཁྱེད་ཀྱིས་རྩིས་འཁོར་གཞན་དུ་བསྐྱར་ཀློག་བྱས་ཚེ།  ཀློག་གྲངས་དང་རྡེག་གྲངས་གཉིས་ཀ་འཕར་ངེས་ཡིན།  དེའི་ཕྱིར་ན།  ངེད་དྲ་བའི་ཀློག་གྲངས་འཕར་ཚད་འདི་དོན་དང་ལྡན་པ་ཞིག་བཟོས་ཡོད། གང་ཡིན་ཞེ་ན།  རྗེས་མའི་ལམ་དུ་དྲ་རྩོམ་གྱི་ཀློག་གྲངས་གཙོར་བཟུང་ནས་ལེགས་འདེམས་རང་བཞིན་གྱི༼རང་གྲོལ་སྨྱུག་གསར༽ཞེས་པའི་དྲ་དེབ་ཅིག་པར་དུ་བསྐྲུན་རྩིས་ཡོད་ལ།  སྤྱི་ཟླ་དགུ་བའི་ནང་ལ་རང་གྲོལ་སྨྱུག་གསར་གྱི་འབོལ་རྩོམ་ཆེད་དེབ་ཅིག་པར་དུ་འདེབས་ངེས་ཡིན།  གོང་དུ་བསྙད་པའི་ལེགས་འདེམས་ཞེས་པ་དེ་ཀློག་གྲངས་དང་སྦྱང་བྱང་གཉིས་གཙོར་གཟུང་གིས་བསྒྲུབ་རྒྱུ་ཡིན་ཙང་། རང་གྲོལ་སྨྱུག་གསར་ཞེས་པའི“དྲ་དེབ” ཀྱི་བདག་དབང་དེ་ངེད་དྲ་བའི་ཀློག་པ་པོ་ཡོངས་ལ་ཡོད།  དེས་ན།  ཁྱེད་ཅག་གིས་ཤེས་རབ་ཀྱི་སྤྱན་ཟུང་གིས་བལྟས་ནས་དྲང་ལྡོག་གང་རུང་གི་བྲིས་རྩོམ་སྤེལ་ན་འཐུས། 

རང་གྲོལ་སྨྱུག་གསར་དྲ་བའི་དྲ་གནས། www.rangdrol.net
རྩོམ་ཡིག་སྐུར་ས། rangdrol32@gmail.com
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼རང་གྲོལ་སྨྱུག་གསར་དྲ་བ༽ཡི་བརྡ་ཁྱབ།

2011-03-11 ༼རང་གྲོལ་སྨྱུག་གསར་དྲ་བ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།