སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་དཔྱད་གླེང་གི་བརྡ་སྦྱོར།

  ༄༅།།སྐད་ཡིག་སློབ་ཁྲིད་ཀྱི་ལས་ཀར་བརྩོན་པའི་སྤུན་ཟླ་རྣམ་པ།
        ད་ལྟར་མདོ་དབུས་ཁམས་གསུམ་ནས་མི་རིགས་སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་གསར་པའི་སྐོར་ལ་བསམ་འཆར་གང་མང་འདོན་བཞིན་འདུག་ལ། སྐད་ཡིག་མཁན་པོ་དང་ལས་ཐོག་དགེ་རྒན་གང་མང་ཞིག་གིས་ཀྱང་འདིའི་སྐོར་ལ་དཔྱད་བརྗོད་གནང་ཡོད་པ་རེད། གོ་ཐོས་སུ་ཉེ་ལམ་ལྗོངས་ཞིང་ལྔའི་སློབ་དེབ་ཀྱང་མི་རིགས་གཞན་པའི་སློབ་དེབ་དང་འདྲ་བར་ལེགས་བཅོས་བྱེད་གྲབས་ཡོད་པས།  མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས(http://www.bodrigs.com)སྐད་ཡིག་དང་སློབ་དེབ། འཁྲིད་ཐབས་ཐད་ཀྱི་མཁས་པ་དང་སློབ་ཆུང་གི་བོད་ཡིག་དགེ་རྒན་ཁག་ཅིག་ལ་ཆེད་དུ་སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་བགྲོ་གླེང་ཡོང་བར་བསྐུལ་བ་ཡིན།  བགྲོ་གླེང་གི་དཔྱད་རྩོམ་ཐད་དུ།  
        དང་པོ།  དམིགས་ཡུལ།
   ལྗོངས་ཞིང་ལྔའི་སློབ་ཆུང་རིམ་པའི་བོད་ཡིག་སློབ་དེབའི་ཁྱད་ཆོས་དང་དགེ་མཚན། སྐྱོན་ཆའམ་མི་འདང་ས་བཅས་ལ་དབྱེ་ཞིབ་རྟོག་དཔྱོད་བྱེད་པ་དང་། ཡུལ་ཕྱོགས་སོ་སོའི་ སློབ་གསོ་བ་དང་སྐད་ཡིག་མཁན་པོ།  སྐད་ཡིག་དགེ་རྒན་བཅས་ནས་སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་ཐད་ལྟ་ཚུལ་དང་བསམ་འཆར་ག་འདྲ་ཡོད་པ་བཅས་ལ་དཔྱད་པ་བཏང་སྟེ། རྗེས་རབས་པ་རྣམས་སློབ་ཆུང་རིམ་པར་སྐད་ཡིག་རྨང་གཞི་ལེགས་པོ་ཆགས་པར་ཐབས་ལམ་འཚོལ་བར་དམིགས་ནས་དཔྱད་རྩོམ་བསྡུ་རྒྱུ།
   གཉིས་པ། དཔྱད་རྩོམ་གྱི་དང་དོན།
སློབ་ཆུང་གི་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་བརྗོད་བྱར་བཟུང་ནས་དཔྱད་རྩོམ་བྲི་བ་སྟེ།
༡  སློབ་ཆུང་རིམ་པའི་བོད་ཡིག་སློབ་དེབ་ཀྱི་ཁྱད་ཆོས་དང་དགེ་སྐྱོན། ཡུན་རིང་རྒྱུན་མཐུད་ཡོང་བ།
༢  ད་ལྟ་སྤྱོད་བཞིན་པའི་སློབ་ཆུང་བོད་ཡིག་སློབ་དེབ་ཀྱི་གནད་དོན་ཁག
༣  སློབ་ཆུང་བོད་ཡིག་འཁྲིད་ཐབས་དང་ཉམས་མྱོང་དཔྱད་ཞིབ།
༤ སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་སྐོར་གྱི་འཆར་སྒོ་དང་རིགས་ལམ། གྲོས་གཞི་སྐོར།
༥ བོད་སྐད་ཡིག་གི་ཁྱད་ཆོས་དང་དེ་འབྲེལ་མིང་ཚིག་ཡི་གེའི་ཚོགས་གསུམ་ལ་འཇུག་པའི་གོ་རིམ་དང་ཐབས་ཤེས།
༦ ཆ་འཕྲིན་གྱི་དུས་རབས་གསར་པ་ནང་བོད་ཀྱི་སློབ་ཆུང་སློབ་མ་ཚོར་རན་པའི་ལྟ་ཀློག་རྩོམ་ཡིག་ལེགས་པོ་ག་འདྲ་ཡོད་པ་དང་། བསླབ་དེབ་ནང་དེང་རྩོམ་གང་དག་བསྡུས་ན་ལེགས་པ་ལྟ་བུ་སོགས་བྱེ་བྲག་གི་དཔྱད་བརྗོད།
   གསུམ་པ། གྲུབ་འབྲས།
༡  ཆེད་མཁས་མི་སྣ་ཞུས་ནས་ཐེངས་འདིར་བསྡུས་པའི་དཔྱད་རྩོམ་ལེགས་ཤོས་འདེམ་པ་དང་།  བདམ་གསེས་གནང་བ་བརྒྱུད་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ངོས་ནས་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་པར་དུ་གདབ་རྒྱུ།
 ༢  དཔྱད་རྩོམ་ཕྱོགས་བསྒྲིགས་དེ་སློབ་དེབ་རྩོམ་སྒྲིག་དང་པར་སྐྲུན་ལས་ཁུངས་དེ་མིན་འབྲེལ་ཡོད་ལས་ཁུངས་གཞན་སོགས་ལ་ཆེད་མངགས་ཀྱིས་འབུལ་རྒྱུ་དང་།  ཁོང་ཚོ་ནས་ཕྱོགས་སོ་སོའི་སློབ་ཁྲིད་ཉམས་མྱོང་དང་ཞིབ་འཇུག་གྲུབ་འབྲས་དག་དངོས་སུ་སློབ་དེབ་ལེགས་བཅོས་ཀྱི་འཕྲལ་ཡུན་གང་གི་ལག་ལེན་ཐོག་ཡོང་ཐུབ་པར་བརྩོན་རྒྱུ།
༣ དེ་ལས་དཔྱད་རྩོམ་་ལེགས་ཤོས་རྣམས་ཚོགས་དེབ་མཚོ་སྔོན་བོད་རིགས་ཞེས་པ་སྟེང་དུ་དགོད་པ་དང་། དེ་མིན་མཚོ་སྔོན་ཟི་ལིང་གི《བོད་ཀྱི་སློབ་གསོ་གསོ》དང་དབུས་ལྷ་སའི《བོད་ལྗོངས་སློབ་གསོ》སོགས་སུ་འོས་སྦྱོར་བྱ་རྒྱུ།  
   བཞི་བ། དཔྱད་རྩོམ་འབྲི་ཐབས།
༡  དཔྱད་རྩོམ་རྣམས་བོད་ཡིག་སྒྲིགས་ཨང་རྒྱལ་སྤྱིའི་ཚད་གཞི་ཅན་གྱིས་གཏག་དགོས་ཏེ། རབ་ཡིན་ན་Vis taཡན་གྱི་མ་ལག་ནང་ཧི་གཟུགས་འཇུག་ཐབས་བཀོལ་ན་ལེགས་པ་དང་།(基于Vis ta以上 操作系统平台的Himalaya 藏文输入法,采用藏文编码国际标准) སྤྱིར་ཤོག་བུA4ཅན་ངོ་གྲངས་བཅུ་ལས་མི་བརྒལ་བ་དགོས།
༢  དཔྱད་རྩོམ་ཆ་ཚང་དང་མ་མཐའ་ཡང་ནང་དོན་ཉིང་བསྡུས་ལ་བརྗོད་སྙིང་དང་རང་གི་ལྟ་བ་གཙོ་བོ་གསལ་བོར་ཡོད་པ་གལ་ཆེ་ལ། གནད་དོན་གཅིག་ལ་ཆེད་དུ་དཔྱད་ཞིབ་ཟབ་མོ་གནང་བ་གལ་ཆེ་བས། ཟུར་བཀོད་ཀྱི་མ་དཔེ་ལ་བལྟས་ནས་བྲི་བའི་རེ་བ་ཞུ། མ་ཟད་ནང་དོན་ཉིང་བསྡུས་དེ་རེའུ་མིག་ནང་ཁ་སྐོང་དགོས།
༣ དཔྱད་རྩོམ་གསར་བ་བྲི་རྒྱུ་གལ་ཆེ། འདི་ནི་ཆེད་དོན་དཔྱད་ཐེངས་དང་པོ་ཡིན་པས་དཔྱད་རྩོམ་ལེགས་པོ་ཡོད་ན་སྔོན་ཆད་བྲིས་པའམ་པར་དུ་བསྐྲུན་པ་དང་ཡང་ན་དྲྭ་ངོས་སུ་ཕུད་པ་སོགས་གང་ཡིན་རུང་ཆོག
   ལྔ་བ། དུས་ཚོད་བཀོད་སྒྲིག
༡  དཔྱད་རྩོམ་དང་ཡང་ན་དཔྱད་རྩོམ་གྱི་ནང་དོན་ཉིང་བསྡུས་དང་། ཟུར་བཀོད་༣ མ་དཔེ་ཡིན་པའི་རང་གི་གནས་ཚུལ་དང་འབྲེལ་ལམ་བཅས་ནི་མ་མཐའ་ཡང་ཕྱི་ཟླ་༡༢པའི་ཚེས༢༠ཉིན་གྱི་སྔོན་ལ་བསྐུར་དགོས། དེ་མཚུངས་དཔྱད་རྩོམ་བསྐུར་བའི་རེའུ་མིག་ཡོད་པའང་མཉམ་དུ་བསྐུར་དགོས། འདི་ནི་དཔྱད་རྩོམ་དེ་ངེད་ཀྱི་བགྲོ་གླེང་ངམ་ཕྱོགས་བསྒྲིགས་ཆེད་དེབ་ནང་བསྡུ་མིན་ཐག་གཅོད་པར་གཞི་འཛིན་ས་ཡིན།  རྗེས་སོར་རྩོམ་ཡིག་ཧྲིལ་བོ་འབྱོར་བ་ལ་བལྟས་ནས་བགྲོ་གླེང་ཆེད་དེབ་ནང་ཚུད་པའི་དཔྱད་རྩོམ་དངོས་སུ་བདམ་རྒྱུ།
༢  ངེད་ཚོགས་པས་ཆེད་མཁས་པ་ཞུས་ནས་ཟླ་ཕྱེད་རིང་གི་དུས་ཚོད་བེད་སྤྱད་དེ་དཔྱད་རྩོམ་ལ་བདམ་གསེས་གནང་བ་དང་།  དེ་ལས་བགྲོ་གླེང་གི་རྩོམ་ཡིག་གམ་མི་སྣ་དངོས་སུ་གཏན་འཁེལ་བྱ་རྒྱུ། བདམ་ཐོན་ཡོང་བ་ལ་དངོས་སུ་བརྡ་སྦྱོར་གཏོང་བ་དང་། བརྡ་མ་ཐོན་པ་ཡིན་ན་དཔྱད་རྩོམ་འདེམ་མ་ཐུབ་པར་ངོས་འཛིན་དགོས།
༣ བདམ་ཐོན་བྱུང་བའི་རྩོམ་པ་པོ་དག་གིས་ཕྱི་ལོ1012ལོའི་སྤྱི་ཟླ་དང་པོའི་ཚེས10ཡི་སྔོན་ལ་ རྩོམ་ཡིག་ཆ་ཚང་བསྐུར་དགོས་པ་དང་། དེ་མཚུངས་སུ་རྩོམ་ཡིག་བདམ་ཐོན་བྱུང་བ་ལ་བགྲོ་གླེང་གི་བརྡ་ཐོ་དངོས་སུ་གཏོང་རྒྱུ།
  དྲུག་པ། འགྲོ་སོང་།
  དཔྱད་རྩོམ་འདི་བསྡུ་བ་དང་དཔྱད་རྩོམ་པར་བསྐྲུན་སོགས་ཀྱི་འགྲོ་སོང་ཡོངས་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི(http://www.bodrigs.com)ངོས་ནས་ཁས་ལེན་བྱས་པ་ཡིན་པས། རྩོམ་པ་པོ་རང་གིས་འགན་ཁུར་མི་དགོས་ལ། སྤྱི་ཚོགས་སྟེང་ཞལ་འདེབས་སོགས་ཀྱང་མི་བསྡུ། ཆེད་དེབ་དང་བགྲོ་གླེང་འདིའི་ངོས་ནས་ཞལ་འདེབས་སློང་བ་སོགས་ཡོད་ན་རྫུན་མ་ཡིན་པས་གཟབ་པར་འཚལ།
   བདུན་པ།  དཔྱད་རྩོམ་བསྐུར་ཡུལ་དང་བསྐུར་ཚུལ།
   མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དུས་དེབ་རྩོམ་སྒྲིག་ཁང་གི་ཡིག་སྒམ bodyul@126.com   དང་དེ་མཚུངས pmlz97@yahoo.com.cn, དེ་མིན་ད་དུང་ssgroup@vip.sina.com བཅས་ལ་བསྐུར་རོགས།  ཡི་གེའི་བརྗོད་སྙིང(主题) ནང“ཆེད་སྒྲིགས། སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས”ཞེས་བྲི་དགོས།
ཡིག་སྒམ་སྟབས་མི་བདེ་ན་བརྙན་བསྐྱེལ་ལམ་འཕྲིན་ཡིག་བསྐུར་ན་འགྲིག
བརྙན་བསྐྱེལ་ཁ་པར། 传真:0971--6315078
འཕྲིན་ཡིག་བསྐུར་ས་ཟི་ལིང་གྲོང་ཁྱེར་ཡིན་པས།   གཤམ་གྱི་རྒྱ་ཡིག་ལྟར་བྲི་དགོས་པ་དང་དེ་མཚུངས་ཡིག་ཤུབས་ཀྱི་རྒྱབ་ཏུ་བོད་ཡིག་གིས“ཆེད་སྒྲིགས། སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས”ཞེས་བྲི་དགོས།
地址: 青海省西宁市城中区北大街北玉井巷2号
青海藏族研究会项目部  论文征集组 收
邮编:810000

ཁ་པར།   0971-8251323
འབྲེལ་གཏུགས་པ།     རིན་ཆེན་སྐྱིད།  ཁ་པར།  15597695261
ཡིག་སྒམ།  ssgroup@vip.sina.com
གཞན་པ་དཔྱད་རྩོམ་འབྲི་ཚུལ་སོགས་ཀྱི་ཐད་དོགས་གཞི་ཡོད་ན་གཤམ་གསལ་རྩོམ་སྒྲིག་པ་གཉིས་ལ་འབྲེལ་གཏུགས་བྱེད་རོགས།
པདྨ་ལྷུན་གྲུབ། ཁ་པར18609715097,0971-8245626
ཚེ་རིང་འབུམ། ཁ་པར13997176337,0971-8453261
དཔྱད་རྩོམ་གང་ལེགས་འབྱོར་བའི་རེ་བ་དང་བཅས།

    མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་ནས།
    སྤྱི་ལོ༢༠༡༡ལོའི་ཟླ༡༡པར་ཕུལ།

ཟུར་བཀོད།  
༡  དཔྱད་རྩོམ་ཆ་ཚང་གི་མ་དཔེ།
མགོ་བྱང་། སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས།
ཁ་བྱང་།                   སློབ་ཆུང་སྐད་ཡིག་སློབ་གཞིའི་རྩོམ་སྒྲིག་གནད་དོན་ཁ་ཤས་ལ་དཔྱད་པ།
-----སློབ་ཆུང་སྐད་ཡིག་སློབ་དེབ་གསར་པའི་མིང་ཚིག་བརྟག་དཔྱད་ལས་འཕྲོས་པའི་གཏམ།
རྩོམ་པ་པོ།                                          ༬༬༬༬༬༬༬༬།
གཞུང་དངོས་ལ་ཚན་པ་གསུམ་ཡོད་དེ།   
   དང་པོ།  སློབ་གཞིར་དཔྱད་ཐབས་གསར་པ་བོད་སྐད་ཡིག་ཐད་སྤྱད་པའི་དགེ་མཚན།
   འདིའི་ནང་དུ་༡༠༡༠ཡི་ལོ་མཇུག་ལ།  སློབ་གསོ་པུའུ་སྐད་ཡིག་ཆ་འཕྲིན་དོ་དམ་ཟི་ནས་བཏོན་ཞིང་རྒྱལ་ཁབ་སྐད་ཡིག་བྱ་བའི་ཨུ་ལྷན་ནས་བསྒྲགས་པའི༢༠༠༩ལོར་ཀྲུང་གོའི་སྐད་ཆའི་གནས་སྟངས་སྙན་ཞུ་སྨད་ཆ་ནང་བཀོད་པའི་བོད་ཀྱི་སློབ་ཆུང་སྐད་ཡིག་སློབ་དེབ་གསར་པའི་མིང་ཚིག་བརྟག་དཔྱད་བྱེད་པ་ཞེས་པའི་དཔྱད་རྩོམ་སྐོར་ལས་དྲངས་ནས་། རིག་གཞུང་གསར་པ་དང་བསམ་གཞིག་གཏོང་ཐབས་གསར་བ་སློབ་དཔྱོད་ལག་ལེན་ཐད་བཀོལ་བའི་དགེ་མཚན་བརྗོད་ཡོད།
   གཉིས་པ།  སློབ་དེབ་གསར་པའི་རྩོམ་སྒྲིག་སྐྱོན་ཆ་ཐད་ཀྱི་ལྟ་ཚུལ།
   ཁོ་བོས་སྐད་ཡིག་སློབ་དེབ་གསར་པ་རྩོམ་སྒྲིག་ཐད་སྐྱོན་ཆེན་པོ་བཞི་མཆིས་སྙམ་སྟེ། ༡  འགྱུར་རྩོམ་མང་དྲགས་པས་སྐད་ཡིག་བཀོལ་སྤྱོད་ནུས་པ་བསྐྱེད་པར་ཤན་ཤུགས་ཐེབས་པ། སྡོམ་པས་རྩོམ་ཡིག 274 བསྡུས་ཡོད་པ་ལས་རྩོམ་ཡིག91ནི་འགྱུར་མ་སྟེ།  སློབ་ཆུང་དེབ12པོའི་རྩོམ་ཡོངས་ཀྱི33.22%ཟིན་ཡོད་པ་རེད།  ༢  བོད་རྒྱའི་སྐད་ཡིག་སློབ་དེབ་ནང་སློབ་ཚན་བསྐྱར་བཟློས་ཡིན་ཚད20%ལ་སླེབས་པས་སློབ་ཡུན་ལ་ཆུད་ཟོས་བཏང་བ།<<语文>>ནང་སློབ་ཚན54ཡོད་པས།  སློབ་ཚན་ཡོངས་ཀྱི་ 19.71% ནི་བོད་རྒྱའི་སྐད་ཡིག་སློབ་ཁྲིད་གཉིས་ནང་བསྐྱར་བཟློས་བྱས་པ་རེད། ༣  ཡིག་ཚོགས་འགོད་སྐབས་བོད་སྐད་ཀྱི་ཁྱད་ཆོས་ལ་རྐང་ཚུགས་ཐུབ་མེད་པས་མིང་ཚིག་གི་བཀོད་སྒྲིག་ཐད་ཆོས་ཉིད་དབེན་པ། བོད་ཀྱི་སྐད་ཡིག་སློབ་དེབ 12 ནང་སློབ་ཚན་གྱི་ཡིག་གསར2255ཞེས་བཀོད་ཡོད་པ་ནི་རྒྱའི་སློབ་ཆུང་སྐད་ཡིག་ནང་རྒྱ་ཡིག་བྱུང་གྲངས་ལ་ཉེ་པ་ལས། སྒྲ་སྦྱོར་ཡི་གེའི་ཁྱད་ཆོས་ཐོན་མེད། ༤  ཡིག་གསར་གཙོ་བྱས་རུང་སློབ་ཚན་ལ་སྤྱད་མིང་ཤིན་ཏུ་མང་པས་མིང་བརྡ་ཐ་སྙད་མང་ཤོས་སློབ་མས་ངེས་ཐུབ་མེད་པ་འདྲ།  སློབ་དེབ12ནང་མིང་བརྡ་ཐ་སྙད(词种མིང་སྣ)9 224ཡོད་པ་པས།  ཐ་སྙད75%ཙམ་ཡིག་གསར་ལྟར་སྦྱངས་མེད་པ་ཨེ་ཡིན་ནམ་སྙམ།
   གསུམ།  སྐད་ཡིག་སློབ་དེབ་ཇེ་ལེགས་སུ་གཏོང་བའི་དྲན་ཚུལ་ཐར་ཐོར།  
  རྩོམ་པ་པོའི་འཆར་སྒོའམ་ལྟ་བ།   ༡     ༢     ༣ རྒྱ     ༤    ༥
       དཔྱད་གཞིའི་ཡིག་ཆ།
   རྩོམ་པ་པོ། རྩོམ་མིང་། པར་གནས། དུས་ཚོད།
 ༢   ནང་དོན་ཉིང་བསྡུས་ཀྱི་མ་དཔེ།   
རྩོམ་ཡིག་འདིར་གཙོ་བོར་སློབ་ཆུང་གི་བོད་ཡིག་སློབ་དེབ་ཁྲོད་བསླབ་ཚན་དང་མིང་ཚིག་ཡི་གེ་བཀོད་སྒྲིག་ཐད་གནས་པའི་གནད་དོན་ཁག་ལ་རང་གི་ལྟ་བ་བཏོན་ཡོད། ཉིད་ཀྱིས་བལྟས་ན། སློབ་མའི་བོད་ཡིག་ཆུ་ཚད་ཞན་པའམ་ཇེ་སྡུག་ཡིན་པའི་གནད་ཅིག་ནི་སློབ་གཞིའི་གནད་དོན་ཡིན་པའམ་མ་མཐའ་ཡང་སློབ་གཞི་ལ་འབྲེལ་བ་ཆེ་བར་བསམ།  དེ་ཡང་གཙོ་བོར་རྒྱ་ཡིག་བསླབ་ཚན་འགྱུར་མ་མང་དྲགས་པ་དང་། བོད་སྐད་ཀྱི་ཁྱད་ཆོས་ལ་རྐང་ཚུགས་ཐུབ་མེད་པས་མིང་ཚིག་གི་བཀོད་སྒྲིག་ཐད་ཆོས་ཉིད་དབེན་པ་དེ་ཡིན་ནམ་སྙམ། འདིའི་དཔྱད་གཞི་ནི་ལྗོངས་ཞིང་ལྔའི་སྐད་ཡིག་སློབ་གཞི་རྩོམ་སྒྲིག་ཚན་ཆུང་གིས་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2009ལོའི་ཟླ5པར་པར་དུ་བསྐྲུན་པའི་སྐ་ཡིག་སློབ་དེབ་རེད།
  ༣  རྩོམ་པ་པོའི་གནས་ཚུལ་དང་འབྲེལ་ལམ།
  ཐོབ་ཐང་འཛིན་ཡིག(身份证)སྟེང་གི་མིང་།  བོད་ཡིག    ཚེ་རིང་རྒྱལ།  汉文:次仁杰
  ལས་གནས།   མཚོ་སྔོན་༮༮༮༮༮༮སློབ་ཆུང་།  དགེ་རྒན།  
   གོ་གནས་དང་ཐོབ་ཐང་། (དགེ་རྒན་ཆེན་མོ། ཞུ་ཆུང་ལོ་ཙཱ་བ། སློབ་གཙོ་ལྟ་བུ)
ཡིག་ཨང་།      823000
ཡི་གེ་བསྐུར་སའི་ས་གནས།           (འདི་ལ་རྒྱ་ཡིག་ཡོད་དགོས  单位和地址)
ཁ་པར་ཨང་གྲངས      ལག་ཁྱེར་དང་བརྙན་བསྐྱེལ་ཁ་པར(传真)ཡོད་ན་བཟང་།  
ཡིག་སྒམ།   ####@126.com   ལྟ་བུ།  
 རེའུ་མིག

“སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་དཔྱད་གླེང”
གི་ཡིག་ལན་རེའུ་མིག

མཚན
བོད་ཡིག                                                   རྒྱ་ཡིག
སྡོད་དམངས་ཐོབ་ཐང་ཨང་གྲངས

འབྲེལ་ལམ
ཁ་པར
ལག་ཁྱེར།
 བརྙན་བསྐྱེལ་ཁ་པར
E-mail:
ལས་ཁུངས།
བོད་ཡིག
རྒྱ་ཡིག
ས་གནས།
བོད་ཡིག
རྒྱ་ཡིག地址
སྦྲགས་ཨང
 
རྩོམ་བྱང།
ནང་དོན་ཉིང་བསྡུས།(ཡིག་གྲངས500ཡས་མས)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།