༼དྲིན་གྱི་བུ་ལོན༽ཞེས་པའི་དེབ་ཁྲོམ་རར་འགྲེམ་འཆར་ཡོད་པ།


   མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་ན་གཞོན་དགེ་རྒན་གུར་མགོན་སྐྱབས་ལགས་ཀྱིས་ལོ་དུ་མར་བོད་ཀྱི་ལོ་རྒྱུས་རིག་གཞུང་ཞིབ་འཇུག་དང་འཆད་ཁྲིད་གནང་བའི་གོ་རིམ་ཁྲོད་བོད་ཆེན་པོའི་སྲིད་ལུགས་གཅེར་གཟུགས་སུ་ཕུད་པ།བཙན་པོའི་རིག་གནས་སྙིང་སྟོབས་ཀྱི་གཏམས་པའི་དགེ་ཆོས་ཀྱི་༼དེབ་དཀར༽འདི་ཉིད་ཏག་ཏག་དེང་གི་དུས་འདིར་མི་བུ་ཚུགས་ཐུབ་དུ་འགྲེང་བར་བྱེད་པ་ལ་རིན་ཐང་ཆེ་བར་སེམས་ནས།གཞུང་འདིའི་གསང་བརྡ་ཡོད་ཚད་ཞུན་མཐར་བཅད་ཅིང་བོགས་ཐོན་པར་བྱས་ལ།ལོ་རྒྱུས་རིག་པའི་ངོས་ནས་གཞུང་འདིའི་གནད་འགག་གི་སྐོར་ལ་ཕྱི་ནང་གི་རྒྱལ་རབས་བསྡུར་ནས་གོ་བསྐོན་བློ་འགུགས་བྱས་ཡོད་པས།བོད་ཡིག་ཀློག་མཁན་ཚོར་མཁོ་སོད་པ་དང་ཡིད་ཚིམས་པ།མགུ་བཀང་བ་ཞིག་སྤྱན་ལམ་དུ་བསྟར་བ་ལ་ཐེ་ཚོམ་མེད་དེ།ཁོ་བོ་འཐེས་པའི་རྩོམ་མཁན་གྱི་སློབ་མར་གྱུར་བ་དག་ནི༼དྲིན་གྱི་བུ་ལོན༽སྟེ་མཁས་དབང་དགེ་ཆོས་དང་ལྷན་དུ་དེབ་དཀར་བཀླགས་པ་ཞེས་པ།མ་བཀླགས་མི་འཆི་ལ་འཆེས་པའི་དེབ་འདི་ལ་རེ་ཞིང་སྒུག་ནས་ཡུན་རིང་ཕྱིན་པས་ད་ནི་སྒོར་འབུད་ལ་ཡོད་པའི་གཏམ༼རྡོ་འབུམ་དྲ་ཚིགས༽སུ་མཐོང་བས་དགའ་བ་འབུམ་དང་སྤྲོ་བ་སྟོང་གིས་ཁེངས་ནས་ཡོད་དོ།།
                                                             ༢༠༡༡ལོའི་ཟླ༡༡པའི་ཚེས༢༠ཉིན།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼དྲིན་གྱི་བུ་ལོན༽ཞེས་པའི་དེབ་ཁྲོམ་རར་འགྲེམ་འཆར་ཡོད་པ།

2011-11-26 གཅན་མེ་སོན། ཀློག་གྲངས། མཆན ཡོད།


   མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་ན་གཞོན་དགེ་རྒན་གུར་མགོན་སྐྱབས་ལགས་ཀྱིས་ལོ་དུ་མར་བོད་ཀྱི་ལོ་རྒྱུས་རིག་གཞུང་ཞིབ་འཇུག་དང་འཆད་ཁྲིད་གནང་བའི་གོ་རིམ་ཁྲོད་བོད་ཆེན་པོའི་སྲིད་ལུགས་གཅེར་གཟུགས་སུ་ཕུད་པ།བཙན་པོའི་རིག་གནས་སྙིང་སྟོབས་ཀྱི་གཏམས་པའི་དགེ་ཆོས་ཀྱི་༼དེབ་དཀར༽འདི་ཉིད་ཏག་ཏག་དེང་གི་དུས་འདིར་མི་བུ་ཚུགས་ཐུབ་དུ་འགྲེང་བར་བྱེད་པ་ལ་རིན་ཐང་ཆེ་བར་སེམས་ནས།གཞུང་འདིའི་གསང་བརྡ་ཡོད་ཚད་ཞུན་མཐར་བཅད་ཅིང་བོགས་ཐོན་པར་བྱས་ལ།ལོ་རྒྱུས་རིག་པའི་ངོས་ནས་གཞུང་འདིའི་གནད་འགག་གི་སྐོར་ལ་ཕྱི་ནང་གི་རྒྱལ་རབས་བསྡུར་ནས་གོ་བསྐོན་བློ་འགུགས་བྱས་ཡོད་པས།བོད་ཡིག་ཀློག་མཁན་ཚོར་མཁོ་སོད་པ་དང་ཡིད་ཚིམས་པ།མགུ་བཀང་བ་ཞིག་སྤྱན་ལམ་དུ་བསྟར་བ་ལ་ཐེ་ཚོམ་མེད་དེ།ཁོ་བོ་འཐེས་པའི་རྩོམ་མཁན་གྱི་སློབ་མར་གྱུར་བ་དག་ནི༼དྲིན་གྱི་བུ་ལོན༽སྟེ་མཁས་དབང་དགེ་ཆོས་དང་ལྷན་དུ་དེབ་དཀར་བཀླགས་པ་ཞེས་པ།མ་བཀླགས་མི་འཆི་ལ་འཆེས་པའི་དེབ་འདི་ལ་རེ་ཞིང་སྒུག་ནས་ཡུན་རིང་ཕྱིན་པས་ད་ནི་སྒོར་འབུད་ལ་ཡོད་པའི་གཏམ༼རྡོ་འབུམ་དྲ་ཚིགས༽སུ་མཐོང་བས་དགའ་བ་འབུམ་དང་སྤྲོ་བ་སྟོང་གིས་ཁེངས་ནས་ཡོད་དོ།།
                                                             ༢༠༡༡ལོའི་ཟླ༡༡པའི་ཚེས༢༠ཉིན།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།