བོད་ཀྱི་གློག་བརྙན༼དབུས་ལམ་གྱི་ཉི་མ༽པེ་ཅིང་ནས་བརྙན་ཞེན་པའི་ལོངས་སྤྱོད་དུ་ཕུལ་བ།

གསར་འགོད་པ་གཡག་བུ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-11-21

   
  ཉེ་སྔོན་ཝན་ཁུ་ཝུར་རྒྱལ་སྤྱིའི་གློག་བརྙན་དུས་ཆེན(Vancouver International Film Festival, VIFF)དུ་སྟག་འབྲུག་གཟེངས་རྟགས་ཐོབ་པའི་བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན《དབུས་ལམ་གྱི་ཉི་མ》ཞེས་པ་དེ་པེ་ཅིང་གི་པེ་ལའོ་ཧི་གློག་བརྙན་ལྟེ་བ(百老汇电影中心)ནས་བཤམས་སྟོན་བྱས། གློག་བརྙན་ལྟེ་བ་འདི་ནི་ཚོང་ལས་ཀྱི་ལམ་གར་ཕྱིན་མེད་པར་སྒྱུ་རྩལ་ཤས་ཆེ་བའི་གློག་བརྙན་དག་བཤམས་སྟོན་ལ་ལྡིང་ཆ་སྤྲོད་པའི་གློག་བརྙན་ལྟེ་བ་ཞིག་ཡིན་ལ། སྔོན་ཆད་པད་མ་ཚེ་བརྟན་གྱི་གློག་བརྙན་དག་ཀྱང་འདི་ནས་བསྟན་མྱོང་།
  ཟླ་འདིའི་ཚེས༡༨རེས་གཟའ་པ་སངས་ཉིན། པེ་ལའོ་ཧིའི་ཚོམས་དང་པོ་རུ་མི་ཚོགས་ཀྱིས་གང་འདུག་ལ། ཁོང་ཚོ་ནི་ཆེད་དུ་ན་གཞོན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན《དབུས་ལམ་ཀྱི་ཉི་མ》ལ་བལྟ་རུ་འོང་བ་རེད། དུས་ཚོད་གཅིག་དང་ཕྱེད་ཀའི་རིང་གི་གློག་བརྙན་བསྟན་ཚར་རྗེས་མི་ཚོགས་ཡུན་རིང་བོ་ཞིག་ལ་ལྷིང་འཇགས་སུ་གྱུར་སོང་ལ། ཐ་ན་ཚོམས་ཀྱི་གློག་སྒྲོན་དག་བཀར་ཀྱང་འགྲོ་བར་བྲེལ་མཁན་ཕལ་ཆེར་མི་འདུག འདི་ནི་རྒྱལ་ནང་གི་གློག་བརྙན་ཕལ་བ་ཞིག་གི་བཤམས་སྟོན་སྣང་ཚུལ་དང་བསྡུར་ན་ཅུང་ཟད་བློ་ཡུལ་ལས་འདས་པ་ཞིག་རེད། མཐར་གློག་བརྙན་གྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་དང་པར་སྐྲུན་པ་ལི་ཤིན།རོལ་མོ་བཟོ་མཁན་གདུགས་དཀར་ཚེ་རིང་། མཛེས་རིས་བ་འཕགས་པ་སྐྱབས་བཅས་སྟེགས་བུར་བགྲོ་གླེང་གི་ཕྱིར་དུ་ཕེབས་དུས་མི་ཚོགས་ཀྱིས་ཐལ་མོ་ཡུན་རིང་བོར་བརྡབས་སོང་།
  བགྲོ་གླེང་གི་གོ་རིམ་དུ་ལྟད་མོ་བ་མང་པོས་དྲི་བ་དྲིས་ཤིང་། སོ་སོ་གློག་བརྙན་འདི་རུ་ཆོས་ལུགས་དང་འཚོ་བའི་འབྲེལ་བའི་སྐོར་དང་། འགྱོད་བཤགས་མཚོན་པའི་བརྗོད་བྱ་འདི་བོད་ཀྱི་རིག་གནས་ཞེས་པའི་རྒྱབ་ལྗོངས་སུ་ག་འདྲ་མཚོན་ན་འོས་མིན། གཞུང་ལམ་གློག་བརྙན་འདི་ལ་གཞུང་ལམ་གློག་བརྙན་གཞན་གྱིས་ཤུགས་རྐྱེན་ཐེབས་ཡོད་མེད། ཐ་ན་གློག་བརྙན་འདི་ལ་འགྲོ་སོང་དང་ཚེགས་ག་འདྲ་ཞིག་བཏང་ཡོད་པ་སོགས་ལ་དུས་ཡུན་ཕལ་ཆེར་དུས་ཚོད་གཅིག་ལ་ཉེ་བའི་ཁ་བརྡ་བྱས་སོང་།
   གནས་ཚུལ་རྒྱུས་ལོན་པ་ལྟར་ན་པེ་ལའོ་ཧི་གློག་བརྙན་ལྟེ་བ་ནས་བཤམས་སྟོན་བྱས་པ་འདི་ནི《དབུས་ལམ་གྱི་ཉི་མ》འགྲེམ་སྟོན་བྱེད་པའི་མུ་སྦྲེལ་བྱེད་སྒོ་ཁག་གི་ཆ་ཤས་ཡིན་ལ། ད་དུང་པེ་ཅིང་དུ་ཟླ་བ་ཁ་ཤས་ཀྱི་འགྲེམ་སྟོན་འཆར་གཞི་ཡོད་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་གློག་བརྙན༼དབུས་ལམ་གྱི་ཉི་མ༽པེ་ཅིང་ནས་བརྙན་ཞེན་པའི་ལོངས་སྤྱོད་དུ་ཕུལ་བ།

2011-11-21 གསར་འགོད་པ་གཡག་བུ། ཀློག་གྲངས། མཆན ཡོད།

   
  ཉེ་སྔོན་ཝན་ཁུ་ཝུར་རྒྱལ་སྤྱིའི་གློག་བརྙན་དུས་ཆེན(Vancouver International Film Festival, VIFF)དུ་སྟག་འབྲུག་གཟེངས་རྟགས་ཐོབ་པའི་བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན《དབུས་ལམ་གྱི་ཉི་མ》ཞེས་པ་དེ་པེ་ཅིང་གི་པེ་ལའོ་ཧི་གློག་བརྙན་ལྟེ་བ(百老汇电影中心)ནས་བཤམས་སྟོན་བྱས། གློག་བརྙན་ལྟེ་བ་འདི་ནི་ཚོང་ལས་ཀྱི་ལམ་གར་ཕྱིན་མེད་པར་སྒྱུ་རྩལ་ཤས་ཆེ་བའི་གློག་བརྙན་དག་བཤམས་སྟོན་ལ་ལྡིང་ཆ་སྤྲོད་པའི་གློག་བརྙན་ལྟེ་བ་ཞིག་ཡིན་ལ། སྔོན་ཆད་པད་མ་ཚེ་བརྟན་གྱི་གློག་བརྙན་དག་ཀྱང་འདི་ནས་བསྟན་མྱོང་།
  ཟླ་འདིའི་ཚེས༡༨རེས་གཟའ་པ་སངས་ཉིན། པེ་ལའོ་ཧིའི་ཚོམས་དང་པོ་རུ་མི་ཚོགས་ཀྱིས་གང་འདུག་ལ། ཁོང་ཚོ་ནི་ཆེད་དུ་ན་གཞོན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན《དབུས་ལམ་ཀྱི་ཉི་མ》ལ་བལྟ་རུ་འོང་བ་རེད། དུས་ཚོད་གཅིག་དང་ཕྱེད་ཀའི་རིང་གི་གློག་བརྙན་བསྟན་ཚར་རྗེས་མི་ཚོགས་ཡུན་རིང་བོ་ཞིག་ལ་ལྷིང་འཇགས་སུ་གྱུར་སོང་ལ། ཐ་ན་ཚོམས་ཀྱི་གློག་སྒྲོན་དག་བཀར་ཀྱང་འགྲོ་བར་བྲེལ་མཁན་ཕལ་ཆེར་མི་འདུག འདི་ནི་རྒྱལ་ནང་གི་གློག་བརྙན་ཕལ་བ་ཞིག་གི་བཤམས་སྟོན་སྣང་ཚུལ་དང་བསྡུར་ན་ཅུང་ཟད་བློ་ཡུལ་ལས་འདས་པ་ཞིག་རེད། མཐར་གློག་བརྙན་གྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་དང་པར་སྐྲུན་པ་ལི་ཤིན།རོལ་མོ་བཟོ་མཁན་གདུགས་དཀར་ཚེ་རིང་། མཛེས་རིས་བ་འཕགས་པ་སྐྱབས་བཅས་སྟེགས་བུར་བགྲོ་གླེང་གི་ཕྱིར་དུ་ཕེབས་དུས་མི་ཚོགས་ཀྱིས་ཐལ་མོ་ཡུན་རིང་བོར་བརྡབས་སོང་།
  བགྲོ་གླེང་གི་གོ་རིམ་དུ་ལྟད་མོ་བ་མང་པོས་དྲི་བ་དྲིས་ཤིང་། སོ་སོ་གློག་བརྙན་འདི་རུ་ཆོས་ལུགས་དང་འཚོ་བའི་འབྲེལ་བའི་སྐོར་དང་། འགྱོད་བཤགས་མཚོན་པའི་བརྗོད་བྱ་འདི་བོད་ཀྱི་རིག་གནས་ཞེས་པའི་རྒྱབ་ལྗོངས་སུ་ག་འདྲ་མཚོན་ན་འོས་མིན། གཞུང་ལམ་གློག་བརྙན་འདི་ལ་གཞུང་ལམ་གློག་བརྙན་གཞན་གྱིས་ཤུགས་རྐྱེན་ཐེབས་ཡོད་མེད། ཐ་ན་གློག་བརྙན་འདི་ལ་འགྲོ་སོང་དང་ཚེགས་ག་འདྲ་ཞིག་བཏང་ཡོད་པ་སོགས་ལ་དུས་ཡུན་ཕལ་ཆེར་དུས་ཚོད་གཅིག་ལ་ཉེ་བའི་ཁ་བརྡ་བྱས་སོང་།
   གནས་ཚུལ་རྒྱུས་ལོན་པ་ལྟར་ན་པེ་ལའོ་ཧི་གློག་བརྙན་ལྟེ་བ་ནས་བཤམས་སྟོན་བྱས་པ་འདི་ནི《དབུས་ལམ་གྱི་ཉི་མ》འགྲེམ་སྟོན་བྱེད་པའི་མུ་སྦྲེལ་བྱེད་སྒོ་ཁག་གི་ཆ་ཤས་ཡིན་ལ། ད་དུང་པེ་ཅིང་དུ་ཟླ་བ་ཁ་ཤས་ཀྱི་འགྲེམ་སྟོན་འཆར་གཞི་ཡོད་འདུག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།