༼སེམས་འགྱུ་བན་བུན་དང་ཚོར་བ་ཟ་ཟི༽ཞེས་པའི་སྟག་རིག་འབྲུག་ཐར་གྱི་སྙན་དེབ་གཉིས་པ་ངོ་སྤྲོད་མདོར་བསྡུས།

    སྟག་རིག་འབྲུག་ཐར། དངོས་མིང་ལ་འབྲུག་ཐར་རྒྱལ་ཟེར་ཞིང་། ཕ་ཡུལ་མཚོ་སྔོན་མཚོ་ལྷོ་ཁུལ་འཕྲང་དམར་ས་ཆར་སྐྱེས། ༢༠༠༤ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་ནས་སློབ་མཐར་ཕྱིན་ཅིང་། ༢༠༠༥ལོར་ཁྲི་ཀ་རྫོང་འཕྲང་དམར་མི་རིགས་བཅའ་སྡོད་སློབ་གྲྭ་རུ་ལས་བགོས་བྱས་ཏེ་ད་བར་དུ་དགེ་རྒན་གྱི་བྱ་བ་གཉེར་ནས་ལོ་ངོ་དྲུག་ཙམ་འགོར། སློབ་ཆེན་འཚོ་བའི་སློབ་གསེང་གི་ཟུར་གང་རུང་ནས་རང་གི་དགའ་མོས་ལྟར་རྩོམ་རིག་ལ་དུངས་པ་སྐྱེས་ཏེ་རྩོམ་ཡིག་ཐ་ཐོར་འབྲི་བའི་མགོ་བརྩམས་པ་དང་། ༢༠༠༨ལོར་ཁོའི་སྙན་དེབ་ཐོག་མ་འོད་ཀྱི་གཤོག་རླབས་ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པས་དགེ་སློབ་གང་མང་གིས་བསྟོད་པའི་མེ་ཏོག་གཏོར་ཅིང་། སྤུན་ཟླ་ཇི་སྙེད་ཅིག་གིས་ཁོའི་མདུན་ལྗོངས་སྔར་ལས་ཀྱང་འོད་སྟོང་ལྡན་པའི་སྨོན་ལམ་གྱེར། དེར་མཐུད་ནས་ད་ལོའི་ཟླ༩པར་གསར་དུ་བསྐྲུན་པའི་ལྗགས་རྩོམ་སྙན་དེབ་གཉིས་པ《སེམས་འགྱུ་བན་བུན་དང་ཚོར་བ་ཟ་ཟི》ཞེས་པ་འདི་སྐབས༢༧པའི་དགེ་རྒན་དུས་ཆེན་གྱི་སྐལ་བཟང་ཉིན་བཟང་འདི་དང་འགྲོགས་ནས་ཁ་བ་རི་བོའི་ཀློག་མཁན་སྤུན་ཟླ་རྣམ་པའི་མིག་གི་དགའ་སྟོན་དང་སེམས་ཀྱི་ལོངས་སྤྱོད་དུ་སྨིན་ཐུབ་པ་བྱུང་།  ད་བར་དུ་ཁོས་ཞིང་ཆེན་ཕྱི་ནང་གི་ཚགས་པར་གཙོས་པའི་དུས་དེབ་ཏུ་རྩོམ་ཡིག་བརྒྱད་ཅུ་ལྷག་བཀོད་མྱོང་།   ད་ལྟ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་རུ་བོད་ཡིག་དགེ་རྒན་གྱི་བྱ་བ་གཉེར་ཞོར་རྩོམ་རིག་གི་ལས་ལ་ཤ་འབད་རུས་འབད་བྱེད་བཞིན་ཡོད་པར་མ་ཟད། ད་དུང་སྟག་རིག་སྟག་དམར་མཐུན་ཚོགས་ཀྱི་རྩོམ་རིག་ལོ་དེབ་ཕྲེང་བ་དམར་པོཡི་རྩོམ་སྒྲིག་པའི་འགན་ཡང་དང་དུ་བླངས་ཡོད།  སྙན་དེབ་འདིར་ཁྱོན་བསྡོམས་ལེ་ཚན་ལྔ་རུ་བགོས་ཡོད་ཅིང་།  ལེ་ཚན་དང་པོ་འཚོ་བའི་འོ་ཟེའུ་ཞེས་པའི་ནང་སྤྱི་ཚོགས་དང་ཁོར་ཡུག་ལ་འབྲེལ་ཅིང་འདྲིས་པའི་སྒྲུང་གཏམ་ལྔ་ཙམ་བཀོད་སྒྲིག་བྱས་ཡོད་ཅིང་།  ལེ་ཚན་གཉིས་པ་ཚིགས་དྲུག་སྨྱུག་མ་ཞེས་པའི་ནང་ཚེག་བར་མི་འདྲ་ཞིང་སྙན་ངག་གི་རྒྱན་སྦྱོར་ལུགས་མི་འདྲ་བ། ནང་དོན་ཕུན་སུམ་ཚོགས་པའི་སྙན་རྩོམ་བཅོ་བརྒྱད་ཙམ་ཀུན་གྱི་ཡིད་ངོར་སྲོལ་རྒྱུན་སྙན་ངག་གི་རོ་བྲོ་མ་ཡལ་བའི་ཚོར་བ་ངང་ངམ་ཤུགས་ཀྱིས་སྟེར་ལ། གཙང་ཆུའི་འབབ་རྒྱུན་ཞེས་པའི་ལྷུག་རྩོམ་གྱི་ལེ་ཚན་འདིའི་ནང་དུ་རྩོམ་པ་པོའི་སེམས་ཁམས་དང་འདྲ་མིན་གྱི་ཁོར་ཡུག་ལ་སྦྱར་ནས་བརྩམས་ཆོས་སུམ་ཅུ་ཙམ་གྱིས་བློ་ཡིད་ལ་ལྷད་མ་གོས་པའི་རང་མདངས་རང་ག་བ་ཞིག་སྟེར་ཐུབ། ལེ་ཚན་གསུམ་པ་དྲི་བཞོན་བུ་མོ་ཞེས་པའི་རང་མོས་སྙན་ངག་གི་ནང་དུ《ཕ་ཡུལ》དང《མི་ཚེ》ཞེས་པའི་ཚབ་མཚོན་གྱི་སྙན་ངག་འགས་མི་ཚེ་ལྟ་བ་དང་ཕ་ཡུལ་ལ་བཅངས་པའི་འགྱུར་མེད་ཀྱི་སེམས་གཤིས་མངོན།  འཕྲེད་གླིང་རྒྱང་འབུད་ཅེས་པའི་ལེ་ཚན་བཞི་བ་འདི་ནི་བོད་ཀྱི་དམངས་ཁྲོད་རྩོམ་རིག་རོགས་མཐུན་གྱི་འབྲི་ཐབས་སྤྱད་པར་ཚིག་འབྲུ་རེ་རེ་གསལ་ཆ་དོད་ཅིང་། སྙན་འཇེབས་ལྡན་ལ་དབྱངས་རྟ་ཞིག་དང་སྤྲད་ཚེ་ངོ་མ་མཚར་སྣང་སྟེར་བའི་ལེ་ཚན་ཞིག་རེད། མཇུག་མཐའི་ལེ་ཚན་ཚངས་པའི་ཐིག་རིས་ནང་རྩོམ་པ་པོས་དུས་རྒྱུན་སློབ་གསོའི་ལས་དོན་ལ་གཞོལ་བའི་སློབ་སྦྱོང་འཚོ་བའི་ཟུར་གང་རུང་ནས་ཞུན་བརྡར་ཐོབ་པའི་ལག་ལེན་དང་ཉམས་མྱོང་རེ་འགའ་ང་ཚོའི་འདྲེན་བྱེད་བུང་བའི་དགའ་ཚལ་དུ་གདན་དྲངས་འདུག མཇུག་མཐར་སྙན་དེབ་འདིས་བོད་བསིལ་མོ་ལྗོངས་ཀྱི་ཀློག་མཁན་སྤུན་ཟླ་རྣམ་པར་སེམས་ཀྱི་རྒྱགས་ཕྱེ་ཨེན་ཙམ་དང་ཡར་འཕེལ་ལ་རྔོ་རེ་ཨེ་ཐོགས་ཀྱི་སྨོན་འདུན་ཞུ་གིན་གདའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།