མེ་ལྕེ་ལགས་ཀྱིས་གཙོ་སྒྲིག་བྱས་པའི《ཐོལ་རྩོམ་དཔེ་ཚོགས》དངོས་སུ་བཀྲམ་ཡོད་པ།
ཉེ་ལམ་བོད་ཀྱི་རྩོམ་པ་པོ་གྲགས་ཆེན་ནམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་སྐུ་ཞབས་མེ་ལྕེ་ལགས་ཀྱིས་གཙོ་སྒྲིག་བྱས་པའི་ཐོལ་རྩོམ་དཔེ་ཚོགས་ཡོངས་སུ་བཀྲམ་ཡོད་འདུག ཐོལ་རྩོམ་དཔེ་ཚོགས་སུ་དཔེ་དེབ་ལྔ་ཡོད་དེ། སེང་རྡོར་གྱི<<སོ་སྐྱེས་སྐད་སྒྲ>>དང་། ཚ་བ་མདའ་སྨྱུག་གི<<ཕྱིར་རྟོག>>མི་ལ་ཙི་ཙི་ཡི<<རྡོ་ལྕགས་གཙུབ་བརྡར>>ར་རྫ་འཇམ་དབྱངས་སྐྱིད་ཀྱི<<སྐྱེས་མའི་གནས་སྟངས་ཟུར་བལྟས་ལེབ་མཐོང>>ཨོཾ་འབར་གྱི<<དཀར་བཟློག་དམར་བཟློག>>བཅས་རེད།
རྩོམ་ཁུངས། ན་གཞོན་གསར་བའི་དྲ་བ།