བོད་ཀྱི་རྩིས་རིག་གི་དྲ་བ་ཐོག་མ་ལེགས་འགྲུབ་བྱུང་བ།
ཉེ་ལམ། བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་དགེ་རྒན་ལྷག་པ་ཚེ་རིང་ལགས་ཀྱིས་གཙོ་སྒྲུབ་གནང་བའི་བོད་ཀྱི་རྩིས་རིག་དྲ་བ་ཐོག་མ་(http://www.tibetmath.org)དེ་ཤར་གཏོང་བྱུང་ཡོད། རྩིས་རིག་དྲ་བ་འདིའི་དམིགས་ཡུལ་ནི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་སློབ་རྣམས་ལ་རྩིས་རིག་ཆེད་སྦྱོང་ཐད་སྲིད་ཞུ་ཕྲན་བུ་སྒྲུབ་ཆེད་དང་། རྩིས་རིག་སྐོར་གྱི་དཔྱད་ཡིག་དཀོན་པའི་ཞིང་འབྲོག་ཁུལ་ལ་འབྲེལ་ཡོད་དཔྱད་གཞི་མཁོ་འདོན། རྩིས་རིག་ལ་དགའ་ཞེན་ཡོད་པའི་སྐྱེ་བོ་རྣམས་ལ་རྩིས་རིག་ཤེས་བྱ་སྦྱོང་སྤྱོད་དང་ཞིབ་འཇུག་བགྲོ་གླེང་གི་གར་སྟེགས་ཤིག་བསྐྲུན་རྒྱུ་དེ་ཡིན་པ་རེད།
༄༅།།དྲ་ངོས་འདིར་སྤྱད་པའི་བོད་ཡིག་ཡིག་གཟུགས་ནི་ཧི་མ་ལ་ཡ་(microsoftHimalaya)ཅེས་པ་དེ་ཡིན་པས་དྲ་ངོས་འདི་གཟིགས་པར་ཁྱེད་ཀྱི་གློག་ཀླད་ནང་ཡིག་གཟུགས་དེ་ངེས་པར་ཡོད་དགོས།
དྲ་ཚིགས་འདི་གཉེར་བའི་དམིགས་ཡུལ་ནི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་སློབ་རྣམས་ལ་རྩིས་རིག་འཆད་སྦྱོང་ཐད་སྲིད་ཞུ་ཕྲན་བུ་སྒྲུབ་ཆེད་དང་།རྩིས་རིག་སྐོར་གྱི་དཔྱད་ཡིག་དཀོན་པའི་ཞིང་འབྲོག་ཁུལ་ལ་འབྲེལ་ཡོད་དཔྱད་གཞི་མཁོ་འདོན།རྩིས་རིག་ལ་དགའ་ཞེན་ཡོད་པའི་སྐྱེ་བོ་རྣམས་ལ་རྩིས་རིག་ཤེས་བྱ་སྦྱོང་སྤྱོད་དང་ཞིབ་འཇུག་བགྲོ་གླེང་གི་གར་སྟེགས་ཤིག་སྐྲུན་རྒྱུའོ།
དྲ་ཚིགས་འདིར་རྩིས་རིག་ཤེས་བྱ་དང་འབྲེལ་བའི་རྩོམ་ཡིག་(དཔྱད་རྩོམ། བསྒྱུར་རྩོམ།ཤེས་བྱ་གནད་བསྡུས།དོགས་ཀློང་།དཀའ་གནད་བསེལ་དཀྲོལ་སོགས།)གང་མང་སྤེལ་གནང་ཡོད་པ་ཞུ།
རྩོམ་ཡིག་སྤེལ་སྐབས་རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས་དང་།བསྒྱུར་རྩོམ་ཡིན་ན་མ་རྩོམ་གྱི་ཁུངས་དང་།ཤེས་བྱ་གནད་བསྡུས་ཡིན་ན་གང་ནས་བསྡུས་མིན་མཚམས་སྦྱོར་ཡོད་པ་ཞུ།
རྩོམ་ཡིག་བསྐུར་ཡུལ། གློག་རྡུལ་ཡིག་ཟམ། labaciren@tibetmath.org (གཙོ་སྒྲུབ་མཁན་དང་བོད་ཡིག་རྩོམ་སྒྲིག)ཡང་ན་ zexi@tibetmath.org(རྒྱ་ཡིག་རྩོམ་སྒྲིག) ཡང་ན་ wangjiusangbu@tibetmath.org (བོད་ཡིག་རྩོམ་སྒྲིག)ཡག་ཤོས་བྱུང་ན་རྩོམ་ཡིག་ཁག་གློག་རྡུལ་ཡིག་ཟམ་བརྒྱུད་ནས་བསྐུར་ཡོང་རོགས།
རྩོམ་ཡིག་གམ་ཡི་གེ་བསྐུར་ཡུལ། བོད་ལྗོངས་སློབ་གྲྭ་ཆེན་མོའི་རང་བྱུང་རིག་པའི་སློབ་གླིང་རྩིས་རིག་ཚན་ཁག ལྷག་པ་ཚེ་རིང། ཡིག་ཟམ་ཨང་གྲངས། ༨༥༠༠༠༠
寄作文或寄信地址 :(邮编:850000 地址:拉萨市江苏路36号,西藏大学理学院数学系 拉巴次仁)
རྩོམ་ཁུངས། ངེད་དྲ་བ།