མཚོ་བུ་དགའ་བདེ་ལགས་ཉིས་སྟོང་བཅུ་གཅིག་ལོའི་ཀྲུང་གོའི་ན་གཞོན་སྙན་ངག་པ་རྩེ་གྲས་བཅུའི་གྲས་སུ་ཚུད་པ།


  ཉེ་ལམ། ཀྲུང་གོ་སྨྱན་བྱད་དྲ་ཚོགས་ཀྱིས་གཙོ་སྒྲུབ་མཛད་ཅིང་།༼རི་ཧི༽རྩོམ་རིག་དུས་དེབ་ཁང་དང་ཀྲུང་གོ་རྒྱལ་སྤྱིའི་རིག་གནས་ཐོན་ལས་དྲ་བ།༼ལོ་རབས་བརྒྱད་ཅུ་བའི་མཇུག་གི་མི་རབས་ཀྱི་སྒེའུ་ཁུང༽ ༼རི་ཧི༽དྲ་བ་བཅས་ཀྱིས་རོགས་སྒྲུབ་བྱས་པའི་ཉིས་སྟོང་བཅུ་གཅིག་ལོའི་ཀྲུང་གོའི་ན་གཞོན་སྙན་ངག་པ་རྩེ་གྲས་བཅུའི་དཔྱད་འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས་ཤིང་།བོད་ཀྱི་ན་གཞོན་སྙན་ངག་པ་མཚོ་བུ་དགའ་བདེ(ནག་པོ)ལགས་དེའི་གྲས་སུ་ཚུད་པའི་གནས་ཚུལ་ཡོད་འདུག
  ཐེངས་འདིའི་དཔྱད་འདེས་པ་བུན་ལེ་ཡིས་བཤད་རྒྱུར།མཚོ་བུ་དགའ་བདེ་ནི་ལོ་རབས་བརྒྱད་ཅུ་བའི་ནང་དུ་སྐྱེས་ཤིང་སྤྱི་ཚོགས་ཀྱི་དཔལ་འབྱོར་ལ་འགྱུར་བ་འབྱུང་གིན་པའི་དུས་བབ་གསར་བའི་ནང་དུ་ནར་སོན་པ་ཡིན་པས།བཟོ་ལས་མཐོ་རླབས་ཀྱིས་བྱབས་ཁྲུས་བྱས་པའི་མི་ཞིག་ཡིན།རང་བྱུང་ཁམས་དང་དེ་ལ་བཅངས་པའི་རྣམ་དག་གི་འདང་བརྩེ་དེས།ལྟ་སྐོར་ཙམ་གྱི་ཆེད་དུ་རྩྭ་ཐང་ཉམས་སུ་མྱོང་བའམ་བདེ་ཐང་དང་ཡང་ན་སྣང་རྟོག་ཙམ་གྱི་ཕྱིར་དུ་རང་བྱུང་ཁམས་ལ་དགའ་གུས་བྱེད་ཁུལ་བྱེད་མཁན་དག་གི་སྒེར་སེམས་ཀྱི་འགྲམ་པར་འགྲམ་ལྕག་ཚ་བེར་བ་ཞིག་བཏབ་ཡོད།ཁོང་གི་“ང་ལ་གུ་ཡངས་གཏོང་རོགས།ངས་ཁྱེད་ཀྱི་རེ་བཞག་སྟོང་ཟད་དུ་བཏང་སོང་།”ཞེས་པའི་ཚིག་དེས་ང་ཚོར་བཟོ་ལས་དཔལ་ཡོན་གྱི་ཞན་ཆའི་ལྕི་ལ་ཡང་བ་འདྲ་བའི་དགག་པ་དེ་མཐོང་དུ་བཅུག་ཡོད།ཅེས་ཟེར།དཔྱད་འདེམས་པ་ཧོ་ཅོན་མེན་ན་རེ།མཚོ་བུ་དགའ་བདེའི་་སྙན་ངག་གིས་ང་ལ་སྤྱི་ཚོགས་རིང་ལུགས་རྗེས་མའི་དུས་སྐབས་ལ་མཚོན་ན་ཆ་ཚང་བའི་སྙན་ངག་གི་མངའ་ཐང་ནི་ཅི་འདྲའི་རིན་ཆེན་དང་དཀའ་སྡུག་ལྡན་པ་ཞིག་ཡིན་པ་ཤེས་སུ་བཅུག་སོང་།ཞེས་ཟེར།
                                                                                           འཆིང་གྲོལ་གྱིས་བོད་མིའི་རིག་གནས་དྲ་བ་ལས་བཏུས་ཏེ་བསྒྱུར་སྒྲིག་བྱས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་བུ་དགའ་བདེ་ལགས་ཉིས་སྟོང་བཅུ་གཅིག་ལོའི་ཀྲུང་གོའི་ན་གཞོན་སྙན་ངག་པ་རྩེ་གྲས་བཅུའི་གྲས་སུ་ཚུད་པ།

2011-08-11 འཆིང་གྲོལ། ཀློག་གྲངས། མཆན ཡོད།


  ཉེ་ལམ། ཀྲུང་གོ་སྨྱན་བྱད་དྲ་ཚོགས་ཀྱིས་གཙོ་སྒྲུབ་མཛད་ཅིང་།༼རི་ཧི༽རྩོམ་རིག་དུས་དེབ་ཁང་དང་ཀྲུང་གོ་རྒྱལ་སྤྱིའི་རིག་གནས་ཐོན་ལས་དྲ་བ།༼ལོ་རབས་བརྒྱད་ཅུ་བའི་མཇུག་གི་མི་རབས་ཀྱི་སྒེའུ་ཁུང༽ ༼རི་ཧི༽དྲ་བ་བཅས་ཀྱིས་རོགས་སྒྲུབ་བྱས་པའི་ཉིས་སྟོང་བཅུ་གཅིག་ལོའི་ཀྲུང་གོའི་ན་གཞོན་སྙན་ངག་པ་རྩེ་གྲས་བཅུའི་དཔྱད་འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས་ཤིང་།བོད་ཀྱི་ན་གཞོན་སྙན་ངག་པ་མཚོ་བུ་དགའ་བདེ(ནག་པོ)ལགས་དེའི་གྲས་སུ་ཚུད་པའི་གནས་ཚུལ་ཡོད་འདུག
  ཐེངས་འདིའི་དཔྱད་འདེས་པ་བུན་ལེ་ཡིས་བཤད་རྒྱུར།མཚོ་བུ་དགའ་བདེ་ནི་ལོ་རབས་བརྒྱད་ཅུ་བའི་ནང་དུ་སྐྱེས་ཤིང་སྤྱི་ཚོགས་ཀྱི་དཔལ་འབྱོར་ལ་འགྱུར་བ་འབྱུང་གིན་པའི་དུས་བབ་གསར་བའི་ནང་དུ་ནར་སོན་པ་ཡིན་པས།བཟོ་ལས་མཐོ་རླབས་ཀྱིས་བྱབས་ཁྲུས་བྱས་པའི་མི་ཞིག་ཡིན།རང་བྱུང་ཁམས་དང་དེ་ལ་བཅངས་པའི་རྣམ་དག་གི་འདང་བརྩེ་དེས།ལྟ་སྐོར་ཙམ་གྱི་ཆེད་དུ་རྩྭ་ཐང་ཉམས་སུ་མྱོང་བའམ་བདེ་ཐང་དང་ཡང་ན་སྣང་རྟོག་ཙམ་གྱི་ཕྱིར་དུ་རང་བྱུང་ཁམས་ལ་དགའ་གུས་བྱེད་ཁུལ་བྱེད་མཁན་དག་གི་སྒེར་སེམས་ཀྱི་འགྲམ་པར་འགྲམ་ལྕག་ཚ་བེར་བ་ཞིག་བཏབ་ཡོད།ཁོང་གི་“ང་ལ་གུ་ཡངས་གཏོང་རོགས།ངས་ཁྱེད་ཀྱི་རེ་བཞག་སྟོང་ཟད་དུ་བཏང་སོང་།”ཞེས་པའི་ཚིག་དེས་ང་ཚོར་བཟོ་ལས་དཔལ་ཡོན་གྱི་ཞན་ཆའི་ལྕི་ལ་ཡང་བ་འདྲ་བའི་དགག་པ་དེ་མཐོང་དུ་བཅུག་ཡོད།ཅེས་ཟེར།དཔྱད་འདེམས་པ་ཧོ་ཅོན་མེན་ན་རེ།མཚོ་བུ་དགའ་བདེའི་་སྙན་ངག་གིས་ང་ལ་སྤྱི་ཚོགས་རིང་ལུགས་རྗེས་མའི་དུས་སྐབས་ལ་མཚོན་ན་ཆ་ཚང་བའི་སྙན་ངག་གི་མངའ་ཐང་ནི་ཅི་འདྲའི་རིན་ཆེན་དང་དཀའ་སྡུག་ལྡན་པ་ཞིག་ཡིན་པ་ཤེས་སུ་བཅུག་སོང་།ཞེས་ཟེར།
                                                                                           འཆིང་གྲོལ་གྱིས་བོད་མིའི་རིག་གནས་དྲ་བ་ལས་བཏུས་ཏེ་བསྒྱུར་སྒྲིག་བྱས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།