བློ་བཟང་ཀུང་ཟིས་ཐོན་སྐྱེད་བྱས་པའི་བོད་ཡིག་གི་ལག་འཁྱེར་ཁ་པར་ཞིག་མི་འགྱངས་པར་ཚོར་རང་དགྲམ་འཆར་ཡོད་པ།
བློ་བཟང་ཀུང་སིས་གསར་དུ་སྤེལ་ཞིང་ཐོན་སྐྱེད་བྱས་པའི་བོད་ཡིག་ལག་འཁྱེར་ཁ་པར་ཞིག་༢༠༡༡ལོའི་ཟླ་༨པའི་ནང་ཚོང་རྭར་དགྲམ་རྒྱུ་ཡིན། ལག་འཁྱེར་ཁ་པར་དེ་ལ་གཤམ་གྱི་ཁྱད་ཆོས་དག་ལྡན་ཏེ།
༡ བརྙན་ངོས་སུ་བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་འཆར་ཐུབ་པ།
༢ བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་ཀྱིས་འཕྲིན་ཐུང་བསྐུར་ཐུབ་པ།
༣ མཉེན་ཆས་མང་པོ་རང་ཉིད་ནས་སྒྲིག་འཇུག་བྱས་ཆོག་པ།
༤ ཧི་མ་ལ་ཡ་བོད་ཡིག་དང་ཀུ་ཤུ་རྟགས་ཅན་ཁ་པར་གྱི་བོད་ཡིག་དང་མཐུན་འཇུག་ཐུབ་པ།
རྩོམ་ཁུངས། ངེད་དྲ་བ།