དུས་དེབ༼རི་བོ་ཉི་ཟླ༽ཡི་རྩོམ་སྐུལ་བརྡ་ཐོ།

༼རི་བོ་ཉི་ཟླ༽རྩོམ་སྒྲིག་ཁང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-07-25

 ༄༅།།རྩོམ་རིག་གི་ལས་ལ་ཤི་འཐམ་རོ་འཐམ་བྱེད་དང་བྱེད་བཞིན་པའི་གངས་ཀྱི་སྨྱུག་འཛིན་པ་ལ་རྣམས་ལ་ཞུ་རྒྱུ།
  དེ་ཡང་《རི་བོ་ཉི་ཟླ》་དུས་དེབ་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་བོད་ཀྱི་སྐད་ཡིག་ལས་ཁུང་གིས་གཙོ་གཉེར་བྱེད་བཞིན་ཡོད་ཅིང༌། དུས་དེབ་འདི་ཉིད་མཚོ་སྔོན་གྱི་<<སྦྲང་ཆར>>་དུས་དེབ་དང་<<གངས་རྒྱན་མེ་ཏོག>>་སོགས་ དུས་མཉམ་དུ་འཁྲུངས་ཡོད་ནའང་ཕྱི་ནང་གི་རྒྱུ་རྐྱེན་དབང་གིས་ཀློག་པ་པོ་རྣམས་ཀྱིས་ཐུགས་འདུན་དང་མཐུན་པའི་ཀློག་དེབ་ཅིག་ད་སྔ་ཡན་ཆོད་དུ་ཀློག་པོ་རྣམས་ཀྱི་སྤྱན་སྔར་ཕུལ་མྱོང་མེད། ཡིན་ཡང༌། དུས་དེབ་འདི་ཉིད་བཀྲམ་སྔ་ཡང་གྲུབ་འབྲས་ཀྱི་ཆ་ནས་ལྗིད་ཏིག་པོ་ཞིག་མེད་ཀྱང༌། ད་ལོ་མཚོན་ན་རྩོམ་སྒྲིག་པས་19121ལོ་ནས་2011བར་གྱི་བརྩམས་ཆོས་ལེགས་པོ་སྐོར་འདེམས་དེ་རྩོམ་སྒྲིག་བྱས་ཡོད། དེབ་འདི་ལ་  མཚོན་ན་རྩོམ་སྒྲིག་པས་ཡུན་རིང་གི་བརྩོན་འགྲུས་དང་ཀློག་པ་པོ་རྣམས་ཀྱིས་ཐུགས་འཁུར། གོང་རིམ་མགོ་ཁྲིད་སོགས་ཀྱིས་རྒྱབ་སྐྱོར་འོག་ནས་འགྲེལ་སྤེལ་བྱས་པ་ཞིག་ཡིན་པས་ཀློག་རིན་ཡོད་པ་ཞིག་ཡིན་ནོ །།
  ཀུན་ལ་བག་ཆགས་ཆེ་བའི་དུས་དེབ་འདི་ཉིད་དུས་ད་ལྟ་ཡང་རྒྱུན་མ་ཆད་པར་མུ་རྒྱུན་འགྲེམ་སྤེལ་བྱེད་བཞིན་ཡོད་ཅིང༌། དུས་དེབ་སྒྲུབ་སྟངས་ཐད་དུ་སྔོན་མ་དང་མི་འདྲ་བར་ཐོད་བརྒལ་ཅན་གྱི་ཕྱོགས་སུ་བརྩོན་བཞིན་མཆིས་པས་ཀློག་པོ་རྣམས་ཀྱིས་རྩོམ་ཡིག་གི་རྒྱབ་སྐྱོར་དང་དུས་དེབ་སྒྲུབ་སྟངས་ཐད་དུ་བློ་འཆར་འདོན་པར་རེ་བ་ཡང་ཞོར་ཏུ་ཞུ་བ་ཡིན།
   ཕྱི་ནང་གི་རྐྱེན་དུ་མའི་དབང་གིས་སྔོན་ཆད་རྩོམ་མཁན་རྣམས་ལ་རྩོམ་ཡོན་སྟེར་མ་ཐུབ་པའི་དགོངས་དག་དང་2010ལོ་ནས་དེབ་སྟེང་བཀོད་ཡོད་པའི་བརྩམས་ཆོས་དག་ལ་རྩོམ་ཡོན་སྟེར་བའི་གཏན་འབེབ་བྱས་པ་ཡིན་པས་ཀློག་མཁན་དག་གིས་ཐུགས་སུ་གཅགས་རོགས།
   དུས་ད་ལྟ་ཡང་དུས་དེབ་དཔར་བའི་དུས་སུ་ཁེལ་ཡོད་པས་རྒྱ་ཆེ་བའི་རྩོམ་མཁན་རྣམས་ལ་རྩོམ་བརྡ་བཏང་བ་ཡིན་ཞིང༌། རྩོམ་ལུས་ཐད་དུ་བརྩམས་སྒྲུང་དང༌། ལྷུག་རྩོམ། སྙན་ངག  བཅར་འདྲི། རྩོམ་རིག་དཔྱད་བརྗོད་སོགས་གང་རུང་སྤྱད་དེ་བསྐུར་ཆོག་ལ་དུས་དེབ་སྟེང་བཀོད་ཡོད་པའི་བརྩམས་ཆོད་དག་ལ་རྩོམ་ཡོན་ངེས་ཅན་རེ་ཡོད་ཅིང༌། རྩོམ་མཁན་རྣམས་ཀྱིས་རང་གི་དངོས་མིང་དང་བསྡོད་གནས་སོགས་གསལ་བོར་འབྲི་དགོས།རྩོམ་མཁན་རྣམས་ཀྱིས་ཡིག་ཟམ་འདི་བརྒྱུད་དེ་བསྐུར་ཆོག
                 rwndzc@163.com
                   《རི་བོ་ཉི་ཟླ》་རྩོམ་སྒྲིག་པ་ནས།
                   ཕྱི་ལོ2011/ 6/11ཉིན་གྲུབ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་དེབ༼རི་བོ་ཉི་ཟླ༽ཡི་རྩོམ་སྐུལ་བརྡ་ཐོ།

2011-07-25 ༼རི་བོ་ཉི་ཟླ༽རྩོམ་སྒྲིག་ཁང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།