རི་མོ་བ་གྲགས་ཅན་ལོའུ་ཞེན་ཧྥུ་རཱོ་རྡི་མཆོག་སྐུ་གཤེགས་པ།

   ཉེ་ལམ། ཨིན་ཇིའི་རི་མོ་བ་གྲགས་ཅན་ལོའུ་ཞེན་ཧྥུ་རཱོ་རྡི་མཆོག་ལན་ཌན་གྱི་རང་ཤག་ནས་སྐུ་གཤེགས་ཤིང་དགུང་གྲངས་རེ་བརྒྱད་ལ་སོན་ཡོད།
 
 
 
 ཁོང་གི་འཁྲུངས་ཡུལ་ནི་འཇར་མན་གྱི་བྷིར་ལེན་ཡིན་པ་དང་། ཁོང་གི་ཨ་མྱེ་ནི་སེམས་ཁམས་རིག་པའི་མཁས་དབང་ཆེན་མོ་སིག་མུན་རྡི་ཧྥུ་རོ་རྡི་མཆོག་ཡིན། ཁོང་དུས་རབས་སྔོན་མའི་ལོ་རབས་སུམ་ཅུ་བ་ནས་ཨིན་ཇི་རུ་ཕེབས་ཏེ་གཞིས་སྡོད་བྱས་ཤིང་ཁོང་གི་རི་མོའི་རྩོམ་ཉམས་དེ་ཞིབ་ཚགས་ལྡན་པའི་མངོན་སུམ་རིང་ལུགས་ལས་འཕོས་ཏེ་དྲང་གཤིས་དང་ལྷོད་ཡངས་ཀྱི་ཁྱད་ཆོས་ལྡན་པར་གྱུར་ཡོད། ཁོང་ཉིད་མི་སྣའི་པར་རིས་དང་གཅེར་གཟུགས་མ་བྲིས་ཏེ་མཚན་སྙན་རྒྱས་པ་ཞིག་ཡིན་ནའང་མང་པོ་ཞིག་གིས་ཁོང་གི་བརྩམས་ཆོས་ལ་མི་སྡུག་པའི་ཉམས་ཀྱིས་ཕྱུག་པས་དེས་མི་བདེ་བའི་ཚོར་བ་སྟེར་བར་འདོད། དེ་ལྟ་ནའང་ཁོང་གི་རི་མོ་རིན་གོང་ཤིན་ཏུ་ཁེ་བོ་ཡོད་དེ་འབོལ་ཁྲིའི་སྟེང་གི་བུད་མེད་གཅེར་བུ་མ་ཞིག་བྲིས་ཡོད་པ་དེ་༡༩༩༨ལོར་ཨ་སྒོར་བྱེ་བ་གསུམ་དུ་བརྗེས་པ་རེད། ད་ལྟ་ནེའུ་ཡོག་ཏུ་ཡོད་པའི་ཁོང་གི་ཚོང་བཀོད་པ་ན་རེ། ལོའུ་ཞེན་ཧྥུ་རཱོ་རྡི་མཆོག་ནི་འཇིག་རྟེན་འདིར་རི་མོ་བྲི་བར་འོང་བ་སྟེ། ཁོང་གིས་སྐུ་ཚེ་རྫོགས་ཉིན་དེར་ཡང་རི་མོ་འབྲི་བཞིན་འདུག
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་མོ་བ་གྲགས་ཅན་ལོའུ་ཞེན་ཧྥུ་རཱོ་རྡི་མཆོག་སྐུ་གཤེགས་པ།

2011-07-22 འཛོམས་སྐྱིད། ཀློག་གྲངས། མཆན ཡོད།

   ཉེ་ལམ། ཨིན་ཇིའི་རི་མོ་བ་གྲགས་ཅན་ལོའུ་ཞེན་ཧྥུ་རཱོ་རྡི་མཆོག་ལན་ཌན་གྱི་རང་ཤག་ནས་སྐུ་གཤེགས་ཤིང་དགུང་གྲངས་རེ་བརྒྱད་ལ་སོན་ཡོད།
 
 
 
 ཁོང་གི་འཁྲུངས་ཡུལ་ནི་འཇར་མན་གྱི་བྷིར་ལེན་ཡིན་པ་དང་། ཁོང་གི་ཨ་མྱེ་ནི་སེམས་ཁམས་རིག་པའི་མཁས་དབང་ཆེན་མོ་སིག་མུན་རྡི་ཧྥུ་རོ་རྡི་མཆོག་ཡིན། ཁོང་དུས་རབས་སྔོན་མའི་ལོ་རབས་སུམ་ཅུ་བ་ནས་ཨིན་ཇི་རུ་ཕེབས་ཏེ་གཞིས་སྡོད་བྱས་ཤིང་ཁོང་གི་རི་མོའི་རྩོམ་ཉམས་དེ་ཞིབ་ཚགས་ལྡན་པའི་མངོན་སུམ་རིང་ལུགས་ལས་འཕོས་ཏེ་དྲང་གཤིས་དང་ལྷོད་ཡངས་ཀྱི་ཁྱད་ཆོས་ལྡན་པར་གྱུར་ཡོད། ཁོང་ཉིད་མི་སྣའི་པར་རིས་དང་གཅེར་གཟུགས་མ་བྲིས་ཏེ་མཚན་སྙན་རྒྱས་པ་ཞིག་ཡིན་ནའང་མང་པོ་ཞིག་གིས་ཁོང་གི་བརྩམས་ཆོས་ལ་མི་སྡུག་པའི་ཉམས་ཀྱིས་ཕྱུག་པས་དེས་མི་བདེ་བའི་ཚོར་བ་སྟེར་བར་འདོད། དེ་ལྟ་ནའང་ཁོང་གི་རི་མོ་རིན་གོང་ཤིན་ཏུ་ཁེ་བོ་ཡོད་དེ་འབོལ་ཁྲིའི་སྟེང་གི་བུད་མེད་གཅེར་བུ་མ་ཞིག་བྲིས་ཡོད་པ་དེ་༡༩༩༨ལོར་ཨ་སྒོར་བྱེ་བ་གསུམ་དུ་བརྗེས་པ་རེད། ད་ལྟ་ནེའུ་ཡོག་ཏུ་ཡོད་པའི་ཁོང་གི་ཚོང་བཀོད་པ་ན་རེ། ལོའུ་ཞེན་ཧྥུ་རཱོ་རྡི་མཆོག་ནི་འཇིག་རྟེན་འདིར་རི་མོ་བྲི་བར་འོང་བ་སྟེ། ཁོང་གིས་སྐུ་ཚེ་རྫོགས་ཉིན་དེར་ཡང་རི་མོ་འབྲི་བཞིན་འདུག
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།