སྒྲོན་མེ་སློབ་གསོ་དབུལ་སྐྱོར་ཚོགས་པ་མཚམས་སྦྱོར་མདོར་བསྡུས།

  
 ཟླ༢པའི་ཚེས༦ཉིན་གྱི་ཕྱི་དྲོ།  གཅན་ཚ་སློབ་ཆུང་གཉིས་པའི་ནང་ནས་སྒྲོན་མེ་སློབ་གསོ་དབུལ་སྐྱོབ་ཚོགས་པས་སྐབས་བརྒྱད་པའི་ཟབ་སྦྱོང་འཛིན་གྲྭ་མཇུག་བསྡུ་བའི་མཛད་སྒོ་དང་།  སྐབས་ལྔ་བའི་གཅན་ཚ་ཐང་ས་ཁུལ་གྱི་སློབ་ཆེན་སློབ་མར་རོགས་དངུལ་སྤྲོད་པའི་མཛད་སྒོ་རྒྱ་ཆེན་སྤེལ།  དགེ་སློབ་ཉིས་བརྒྱ་ལྷག་དང་། སློབ་ཆེན་སློབ་མ་ཉི་ཤུ་ལྷག་དང་།  ཁྱིམ་བདག་སུམ་ཅུ་ལྷག་བཅས་མཛད་སྒོ་ཞུགས།  ཚོགས་གཙོ་ཨ་ལགས་གསང་སྒྲོགས་ཚང་ཕེབས་ཏེ་གསུང་བཤད་གལ་ཆེན་གནང་། ད་ཐེངས་དགེ་རྒན་བཅུ་གསུམ་གདན་ཞུ་བྱས་པ་ལས་དགེ་རྒན་བཞི་ལ་གཟིགས་བཟོས་བྱ་དགའ་གནང་བ་དང་། སློབ་བུ་བཅུ་དྲུག་ལ་སྦྱངས་འབྲས་འབུར་ཐོན་གྱི་བྱ་དགའ་གནང་། སློབ་ཆེན་སློབ་མ་ཉི་ཤུ་ལྷག་ལ་རོགས་དངུལ་སྤྲད།  སྒྲོན་མེ་སློབ་གསོ་དབུལ་སྐྱོབ་ཚོགས་པས་གཅན་ཚའི་མི་རིགས་སློབ་གསོའི་ཕྱོགས་ལ་ཐུགས་ཁུར་དང་རོགས་སྐྱོར་ཚད་མེད་གནང་དང་གནང་གིན་འདུག་གོ།
    སྒྲོན་མེ་སློབ་གསོ་རོགས་དབུལ་སྐྱོབ་ཚོགས་པ་ནི་གཅན་ཚ་རྫོང་གི་ཆེས་ཐོག་མའི་ཁེ་གཉེར་མ་ཡིན་པའི་སྤྱི་ཚོགས་ཕན་བདེའི་རྩ་འཛུགས་ཤིག་སྟེ། སྤྱི་ལོ༢༠༠༣ལོར་དབུ་ཚུགས་ཤིང་།  སྤྱི་ལོ༢༠༠༩ལོར་རྫོང་སློབ་གསོ་སྡེ་ཁག་དང་དམངས་སྲིད་སྡེ་ཁག་ནས་ཆོག་མཆན་ཐོབ་པ་བརྒྱུད་དངོས་སུ་ཐོ་འགོད་བྱས་པ་ཞིག་ཡིན་ཞིང་། ཚོགས་པ་འདིའི་དམིགས་ཡུལ་ནི་སློབ་གསོ་དཔལ་འབྱོར་གཉིས་ཀྱི་ལས་དོན་སྣ་མང་ཐད་ལ་རམ་འདེགས་དང་མཐུན་རྐྱེན་བསྐྲུན་ཏེ་བསམ་བློ་སྔོན་ཐོན་དང་ཀུན་སྤྱོད་ཚད་ལྡན་ཡིན་ལ། ཤེས་རིག་ལག་རྩལ་འཇོམས་པ། སྟོབས་འབྱོར་མངའ་ཐང་ལྡན་པའི་ཡུལ་སྡེ་ཇི་སྙེད་པ་ཞིག་ལ་ཤེས་རིག་གི་འོད་སྣང་དང་དཔལ་འབྱོར་གྱི་དྲོད་འཁོལ་སྐྱེལ་རྒྱུ་དེ་ཡིན།  གཞན་ཡང་། ང་ཚོའི་ཡང་སྙིང་གི་རིན་ཐང་ལྟ་ཚུལ་ནི། ༡ དབུལ་ཕོངས་ལས་མ་ཐར་ན་སློབ་གསོ་རེག་དཀའ་ཞིང་སློབ་གསོར་མ་བརྟེན་ན་དབུལ་ཕོངས་ལས་ཐར་དཀའ། ༢ རང་གི་ནུས་པ་སྐྱེད་སྲིང་བྱས་ཏེ་གཞན་ལ་ཕན་གདགས་པ་ནི་བླ་ན་མེད་པའི་ཆོས་སོ།། ༣ གཅིག་སེམས་གཅིག་སྒྲིལ། སྟོབས་ཤུགས་ཆིག་སྒྲིལ། ༤ རིག་པ་ནངས་པར་འཆི་ཡང་བསླབ་བཅས་སོ།།
                                                            

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲོན་མེ་སློབ་གསོ་དབུལ་སྐྱོར་ཚོགས་པ་མཚམས་སྦྱོར་མདོར་བསྡུས།

2012-02-17 གཅན་རྣམ་ཐར། ཀློག་གྲངས། མཆན ཡོད།

  
 ཟླ༢པའི་ཚེས༦ཉིན་གྱི་ཕྱི་དྲོ།  གཅན་ཚ་སློབ་ཆུང་གཉིས་པའི་ནང་ནས་སྒྲོན་མེ་སློབ་གསོ་དབུལ་སྐྱོབ་ཚོགས་པས་སྐབས་བརྒྱད་པའི་ཟབ་སྦྱོང་འཛིན་གྲྭ་མཇུག་བསྡུ་བའི་མཛད་སྒོ་དང་།  སྐབས་ལྔ་བའི་གཅན་ཚ་ཐང་ས་ཁུལ་གྱི་སློབ་ཆེན་སློབ་མར་རོགས་དངུལ་སྤྲོད་པའི་མཛད་སྒོ་རྒྱ་ཆེན་སྤེལ།  དགེ་སློབ་ཉིས་བརྒྱ་ལྷག་དང་། སློབ་ཆེན་སློབ་མ་ཉི་ཤུ་ལྷག་དང་།  ཁྱིམ་བདག་སུམ་ཅུ་ལྷག་བཅས་མཛད་སྒོ་ཞུགས།  ཚོགས་གཙོ་ཨ་ལགས་གསང་སྒྲོགས་ཚང་ཕེབས་ཏེ་གསུང་བཤད་གལ་ཆེན་གནང་། ད་ཐེངས་དགེ་རྒན་བཅུ་གསུམ་གདན་ཞུ་བྱས་པ་ལས་དགེ་རྒན་བཞི་ལ་གཟིགས་བཟོས་བྱ་དགའ་གནང་བ་དང་། སློབ་བུ་བཅུ་དྲུག་ལ་སྦྱངས་འབྲས་འབུར་ཐོན་གྱི་བྱ་དགའ་གནང་། སློབ་ཆེན་སློབ་མ་ཉི་ཤུ་ལྷག་ལ་རོགས་དངུལ་སྤྲད།  སྒྲོན་མེ་སློབ་གསོ་དབུལ་སྐྱོབ་ཚོགས་པས་གཅན་ཚའི་མི་རིགས་སློབ་གསོའི་ཕྱོགས་ལ་ཐུགས་ཁུར་དང་རོགས་སྐྱོར་ཚད་མེད་གནང་དང་གནང་གིན་འདུག་གོ།
    སྒྲོན་མེ་སློབ་གསོ་རོགས་དབུལ་སྐྱོབ་ཚོགས་པ་ནི་གཅན་ཚ་རྫོང་གི་ཆེས་ཐོག་མའི་ཁེ་གཉེར་མ་ཡིན་པའི་སྤྱི་ཚོགས་ཕན་བདེའི་རྩ་འཛུགས་ཤིག་སྟེ། སྤྱི་ལོ༢༠༠༣ལོར་དབུ་ཚུགས་ཤིང་།  སྤྱི་ལོ༢༠༠༩ལོར་རྫོང་སློབ་གསོ་སྡེ་ཁག་དང་དམངས་སྲིད་སྡེ་ཁག་ནས་ཆོག་མཆན་ཐོབ་པ་བརྒྱུད་དངོས་སུ་ཐོ་འགོད་བྱས་པ་ཞིག་ཡིན་ཞིང་། ཚོགས་པ་འདིའི་དམིགས་ཡུལ་ནི་སློབ་གསོ་དཔལ་འབྱོར་གཉིས་ཀྱི་ལས་དོན་སྣ་མང་ཐད་ལ་རམ་འདེགས་དང་མཐུན་རྐྱེན་བསྐྲུན་ཏེ་བསམ་བློ་སྔོན་ཐོན་དང་ཀུན་སྤྱོད་ཚད་ལྡན་ཡིན་ལ། ཤེས་རིག་ལག་རྩལ་འཇོམས་པ། སྟོབས་འབྱོར་མངའ་ཐང་ལྡན་པའི་ཡུལ་སྡེ་ཇི་སྙེད་པ་ཞིག་ལ་ཤེས་རིག་གི་འོད་སྣང་དང་དཔལ་འབྱོར་གྱི་དྲོད་འཁོལ་སྐྱེལ་རྒྱུ་དེ་ཡིན།  གཞན་ཡང་། ང་ཚོའི་ཡང་སྙིང་གི་རིན་ཐང་ལྟ་ཚུལ་ནི། ༡ དབུལ་ཕོངས་ལས་མ་ཐར་ན་སློབ་གསོ་རེག་དཀའ་ཞིང་སློབ་གསོར་མ་བརྟེན་ན་དབུལ་ཕོངས་ལས་ཐར་དཀའ། ༢ རང་གི་ནུས་པ་སྐྱེད་སྲིང་བྱས་ཏེ་གཞན་ལ་ཕན་གདགས་པ་ནི་བླ་ན་མེད་པའི་ཆོས་སོ།། ༣ གཅིག་སེམས་གཅིག་སྒྲིལ། སྟོབས་ཤུགས་ཆིག་སྒྲིལ། ༤ རིག་པ་ནངས་པར་འཆི་ཡང་བསླབ་བཅས་སོ།།
                                                            

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།