ཕོ་ལན་གྱི་སྙན་ངག་པ་ཝེ་ཟི་ཝ་ཞེམ་བྷོར་ཟི་ཁཱ་མཆོག་སྐུ་གཤེགས་པ།

 
  དེ་སྔ་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཐོབ་མྱོང་ཞིང་། ༼རྩོམ་སྟེགས་ཀྱི་མོ་ཟར་ཐི༽ཞེས་པའི་མཚན་སྙན་གྱིས་ཀུན་ནས་བརྒྱན་པའི་ཕོ་ལན་གྱི་སྙན་ངག་པ་ཝེ་ཟི་ཝ་ཞེམ་བྷོར་ཟི་ཁཱ༼Wislawa Szymborska༽མཆོག་གློ་བའི་སྐྲན་ནད་ཀྱི་ཟིན་ཏེ་ཟླ་འདིའི་ཚེས་༡་ཉིན་སྐུ་གཤེགས་ཤིང་། དགུང་གྲངས་༨༨ལ་སོན་འདུག  
 ཕོ་ལན་གྱི་གཞུང་ཕྱོགས་ཀྱི་གསར་ལམ་ཕོ་ལན་གསར་འགྱུར་ཁང༼PAP༽གིས་མོའི་ལག་རོགས་པ་རོ་ཟི་ནེ་ཁི་ལགས་ཀྱིས་སྨྲས་པ་བཞིན་མོ་རང་གཉིད་སྣང་གི་ཁྲོད་ནས་བདེ་བར་བཞུད་སོང་ཞེས་བསྒྲགས་འདུག
  ཀུན་གྱི་མདུན་སར་འབུད་པར་ཞེད་སྣང་ཆེན་པོ་བྱེད་པའི་ཞེམ་བྷོར་ཟི་ཁཱ་མཆོག་ནི་༡༩༩༦ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ལེན་མཁན་ཡིན་ཞིང་མོའི་བརྩམས་ཆོས་གཙོ་བོར་སྙན་དེབ༼གསོན་པའི་རྒྱུ་མཚན༽དང་། ༼རང་གིས་རང་ལ་དྲིས་པ༽ ༼གངས་མིར་འབོད་པ༽ ༼ཚྭ༽ ༼བར་མཚམས་མེད་པའི་སྤྲོ་སྣང༽ ༼ཟམ་པའི་སྟེང་གི་སྐྱེ་བོ་ཚོ༽ ༼རྡུལ་གཅིག་ལས་མི་ཡུལ་ལ་ལྟ་བ༽ ༼སྐད་ཅིག་མ༽ སོགས་ཡོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕོ་ལན་གྱི་སྙན་ངག་པ་ཝེ་ཟི་ཝ་ཞེམ་བྷོར་ཟི་ཁཱ་མཆོག་སྐུ་གཤེགས་པ།

2012-02-05 སྐྱ་བོ། ཀློག་གྲངས། མཆན ཡོད།

 
  དེ་སྔ་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཐོབ་མྱོང་ཞིང་། ༼རྩོམ་སྟེགས་ཀྱི་མོ་ཟར་ཐི༽ཞེས་པའི་མཚན་སྙན་གྱིས་ཀུན་ནས་བརྒྱན་པའི་ཕོ་ལན་གྱི་སྙན་ངག་པ་ཝེ་ཟི་ཝ་ཞེམ་བྷོར་ཟི་ཁཱ༼Wislawa Szymborska༽མཆོག་གློ་བའི་སྐྲན་ནད་ཀྱི་ཟིན་ཏེ་ཟླ་འདིའི་ཚེས་༡་ཉིན་སྐུ་གཤེགས་ཤིང་། དགུང་གྲངས་༨༨ལ་སོན་འདུག  
 ཕོ་ལན་གྱི་གཞུང་ཕྱོགས་ཀྱི་གསར་ལམ་ཕོ་ལན་གསར་འགྱུར་ཁང༼PAP༽གིས་མོའི་ལག་རོགས་པ་རོ་ཟི་ནེ་ཁི་ལགས་ཀྱིས་སྨྲས་པ་བཞིན་མོ་རང་གཉིད་སྣང་གི་ཁྲོད་ནས་བདེ་བར་བཞུད་སོང་ཞེས་བསྒྲགས་འདུག
  ཀུན་གྱི་མདུན་སར་འབུད་པར་ཞེད་སྣང་ཆེན་པོ་བྱེད་པའི་ཞེམ་བྷོར་ཟི་ཁཱ་མཆོག་ནི་༡༩༩༦ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ལེན་མཁན་ཡིན་ཞིང་མོའི་བརྩམས་ཆོས་གཙོ་བོར་སྙན་དེབ༼གསོན་པའི་རྒྱུ་མཚན༽དང་། ༼རང་གིས་རང་ལ་དྲིས་པ༽ ༼གངས་མིར་འབོད་པ༽ ༼ཚྭ༽ ༼བར་མཚམས་མེད་པའི་སྤྲོ་སྣང༽ ༼ཟམ་པའི་སྟེང་གི་སྐྱེ་བོ་ཚོ༽ ༼རྡུལ་གཅིག་ལས་མི་ཡུལ་ལ་ལྟ་བ༽ ༼སྐད་ཅིག་མ༽ སོགས་ཡོད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།