སྙན་དེབ༼མདུད་པ༽འགྲེམ་སྤེལ་དང་སྙན་ངག་གི་གསོལ་ཇ་ཞེས་པའི་འདུ་ཚོགས་ཀྱི་སྐོར།
སྤྱི་ཟླ༡ཚེས༣༠ཉིན་གྱི་ཕྱི་དྲོའི་མཚམས་སུ་ཡུལ་རེབ་གོང་གི་རྩོམ་རིག་ལ་དུངས་པའི་གཞོན་སྐྱེས་མང་པོ་ཞིག་དགུ་ཆུའི་རླབས་སྒྲ་ཞེས་པའི་ཇ་ཁང་དུ་ལྷན་ཅིག་འཛོམས་ཏེ། ཉེ་ལམ་གསར་ཏུ་བཏོན་མ་ཐག་པའི་སྙན་ངག་པ་རོང་བོ་གངས་དཀར་གྱི་སྙན་དེབ་མདུད་པ་འགྲེམ་སྤེལ་དང་སྙན་ངག་གི་གསོལ་ཇ་ཞེས་པའི་གླེང་མོལ་འདུ་ཚོགས་སྟབས་བདེ་ཞིག་བསྡུས། དེའི་སྟེང་དུ་སྙན་ངག་པ་ཁྱུང་ཐར་རྒྱལ་དང་། རོང་བོ་དགེ་འདུན་ལྷུན་གྲུབ། ཁྱུང་བཟང་། རེ་རྐང་གླིང་། ཁུ་བྱུག་སྔོན་མོ། བྱང་སྒྲ་སྙན། ས་དཀྱིལ་ཚེ་བཀྲ། རླངས་ཚང་གཡག དཔལ་བེའུ། སྐྱ་མི། ཐོ་རངས། དབང་ཕྱུག་སོགས་འདུས་ནས་རོང་བོ་གངས་དཀར་གྱི་སྙན་དེབ་མདུད་པ་དང་འབྲེལ་བའི་སྙན་ངག་གྱེར་འདོན་དང་། སྙན་ངག་གི་ལྟ་ཚུལ་ལྷུག་བརྗོད། དྲི་བ་དྲིས་ལན་དང་དགག་གཞག་སྤྲོ་རེས་སོགས་ཀྱི་རིམ་པ་གང་མཚམས་སོང་རྗེས་གད་མོ་དང་དགོད་འཛུམ་ཤིག་ཤིག་གིས་དགུང་ཟས་ལ་ལྷན་ཏུ་རོལ། འདུ་ཚོགས་འདི་ལྟ་བུ་བསྡུས་པས་གཞོན་སྐྱེས་མང་པོ་ཞིག་ལ་གསར་རྩོམ་གྱི་སྐུལ་འདེད་དང་། རྩོམ་པ་པོ་རྙིང་བ་དག་གི་གསར་རྩོམ་གྱི་མན་ངག་ལེན་པ། ཕན་ཚུན་གྱི་མཉེས་གཤིན་ཟབ་ཏུ་འགྲོ་བ་སོགས་ཀྱི་བཟང་ཆ་ཡོད་ཅེས་དེར་ཞུགས་ཀྱི་མི་ཁ་ཤས་ཀྱི་འདོད་བཞིན་ཡོད་དོ།།
ཚོགས་རའི་ཟུར་ཅིག
དྲི་བར་ལན་ལྡོན་བཞིན་པ།
སྙན་ངག་གྱེར་བ།
ཚོར་བའི་ཀློང་གི་སྐྱ་མི།
རླངས་ཚང་གཡག་གིས་བསྒྱུར་གནང་བའི་དེབ་དག་གཟིགས་འབུལ་གནང་བ།
མཚན་རྟགས་འགོད་བཞིན་པ།
རྩོམ་ཁུངས། ངེད་དྲ་བ།