༼གླིང་སྲས་བོད་ཡིག་དྲ་ཚིགས༽ཀྱི་རྩོམ་བརྡ།

  འཛམ་གླིང་གི་ཡུལ་ལུང་སོ་སོ་ན་དུས་དེབ་དང་། གསར་ཤོག དྲྭ་ཚུགས་སོགས་འཕྲིན་གསར་སྤེལ་སའི་སྒོ་དང་སྒེའུ་ཁུང་དག་མེ་རི་འཕྱུར་འཕྱུར་དང་རྒྱ་མཚོ་འཁྲུགས་འཁྲུགས་བྱེད་བཞིན་པའི་སྐབས་སུ། ཁམས་ཕྱོགས་ཀྱི་སློབ་མ་ཞིག་གིས་ཀྱང་རང་ཉིད་བོད་དག་མ་ཞིག་ཡིན་པའི་ཐོབ་ཐང་ལ་བསམ་སྟེ་“ང་ད་དུང་ཤི་མེད། ངས་མི་རིགས་བསམ་བཞིན་ཡོད།” ཅེས་པའི་སྐད་ཆ་དུམ་པུ་ཞིག་གི་ཚབ་ཏུ་<<གླིང་སྲས་བོད་ཡིག་དྲྭ་ཚུགས།  >>ཞེས་པའི་དྲྭ་ཚུགས་ཤིག་གི་གློ་སྙིང་ལ་ཁ་མིག་སེམས་གསུམ་གྱིས་བཟུང་འགོ་ཚུགས་ཤིང་རྩོམ་སློང་གི་ཡིག་ཤོག་འདི་ཡང་རི་ཁ་བ་ཅན་གྱི་ལྗོངས་སུ་བསྐུར་བ་ཡིན་ནོ། །   དེ་ཡང་དྲྭ་ཚུགས་ཀྱི་ཚེ་སྲོག་ཁྲི་ལོར་བརྟན་མིན་ནི་མདོ་དབུས་ཁམས་གསུམ་གྱི་ལ་རྩེ་དང་ལུང་མདོ་ན་གནས་པའི་གཞིས་བཞུགས་གྲོགས་པོ་དག་དང་།   ཕྱི་ཕྱོགས་ཀྱི་རྒྱལ་ཁམས་དག་ཏུ་ཕེབས་པའི་ཡུལ་གྱར་སྤུན་ཟླ་ཚོའི་རྩོམ་ཡིག་གི་སྦྱིན་གཏོང་ལ་རགས་ལས་པས་དྲྭ་ཚུགས་ཀྱི་དགོས་མཁོ་དང་མཚམས་པའི་ཕྱག་རྩོམ་གྱི་ཆར་བ་འབེབ་པ་ནི་སྙིང་གི་ནང་གི་རེ་བ་ཡིན་ནོ། །(ངེད་ཀྱིས་རེ་བ་བཅངས་ས་གཙོ་བོ་ནི། མདོ་དབུས་ཁམས་གསུམ་ལས་ཨ་མདོའི་ཕྱོགས་ནས་བྱང་བླ་བྲང་དང་།   ཀླུ་ཚང་དགོན་ཆེན།  རོང་བོ་དགོན་ཆེན།   ཀིརྟི་དགོན་པ།  ནུབ་བྱང་མི་རིགས་སློབ་ཆེན།   མཚོ་སྔོན་མི་རིགས་སློབ་ཆེན།  མཚོ་སྔོན་དགེ་ཐོན་སློབ་གླིང་། རྭ་རྒྱ་ཤེས་རིག་གླིང་། གཙོས་མི་རིགས་དགེ་འོས་སློབ་གླིང་སོགས་ཡིན་ལ།དབུས་གཙང་གི་ཕྱོགས་ནས་སེ་འབྲས་དགེ་གསུམ་དང་།   བོད་ལྗོངས་མི་རིགས་སློབ་ཆེན། བོད་ལྗོངས་གསོ་རིག་སློབ་གླིང་།        ཁམས་ཀྱི་ཕྱོགས་ནས་གསེར་རྟ་བླ་རུང་།    སེལ་ཤུལ་དགོན།    ཁམས་པ་སློབ་ཆེན།   སི་ཁྲོན་བོད་ཡིག་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན་སོགས་དང་ད་དུང་པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་མི་རིགས་སློབ་ཆེན་དང་།   པེ་ཅིང་མི་རིགས་སློབ་ཆེན་སོགས་ཡིན།) དྲྭ་ཚུགས་ཀྱི་ཚན་པ་འབྱེད་སྟངས་སྐོར་ལ་<<འཛམ་གླིང་རྒྱང་ལྟ།>>ཞེས་པ་ཞིག་ཡོད་པ་དེའི་ནང་དུ་འཛམ་གླིང་གི་སྔོན་གྱི་བྱུང་བ་དང་།   ད་ལྟའི་གནས་བབས།    ཕྱིས་ཀྱི་འབྱུང་འགྱུར།    རྒྱལ་ཁབ་དང་རྒྱབ་ཁབ་བར་གྱི་འགལ་འབྲེལ།     མིའི་རིགས་ཡོངས་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་གླེང་བ་སོགས་མདོར་ན་འཛམ་གླིང་སྤྱི་ལ་བློ་རྒྱ་ཆེན་པོས་བསམ་གཞིག་བྱས་ཏེ་བྲིས་པའི་རྩོམ་ཡིག་དག་འགོད་རྒྱུ་དང་།    <<ཁ་མིག་ནང་སྐོར།>>ཞེས་པ་ཞིག་ཡོད་པ་དེའི་ནང་དུ་རང་རེ་བོད་ཀྱི་སྐྱིད་སྡུག་དང་།    འགྱུར་ལྡོག    འདས་པའི་ལོ་རྒྱུས།   ད་ལྟའི་གནས་སྟངས།   མ་འོངས་པའི་ཁ་ཕྱོགས་སོགས་བརྗོད་སྙིང་དུ་བཟུང་བའི་རྩོམ་ཡིག་དག་འགོད་པ་དང་།    <<ལ་བཏུས་ལུང་བཏུས།>>ཞེས་པ་ཞིག་ཡོད་པ་དེའི་ནང་དུ་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་གལ་ཆེན་དག་དང་།    འཕྲིན་གསར་གལ་ཆེན།   གློག་བརྙན་ཕུལ་བྱུང་།    གློག་བརྙན་གསར་པ།    ངོ་མཚར་ཆེ་བའི་མཐོང་ཐོས།   དུས་དེབ་དང་གསར་ཤོག་དག་ཏུ་བཀོད་པའི་ཕུལ་བྱུང་རྩོམ་ཡིག་རྣམས་གནང་ཞུས་ཀྱིས་བརྒྱུད་འགོད་བྱེད་པ་དང་།   <<སྐབས་དོན་སྐབས་སྤེལ།>>ཞེས་པ་ཞིག་ཡོད་པ་དེའི་ནང་དུ་འཛམ་གླིང་གི་ཡུལ་ཁམས་དག་ཏུ་འབྱུང་བའི་གློ་བུར་བའི་གནས་ཚུལ་རྣམས་ལ་རང་རེ་བོད་པ་ཚང་གིས་རང་ཉིད་ཀྱི་ལྟ་ཚུལ་འདོན་པ་དང་།   དཔྱད་བརྗོད་སྤེལ་བ།   བསམ་གཞིག་བྱེད་པ་སོགས་ཀྱིས་འཛམ་གླིང་གི་ཁྱིམ་ཚང་ཆེན་མོ་འདིའི་ནང་དུ་བོད་པ་ཞེས་པའི་ཁྱིམ་མི་ཞིག་ཀྱང་ཡོད་པ་བདེན་དཔང་བྱེད་པའི་རྩོམ་ཡིག་དག་འགོད་པ་དང་།  <<ས་རྩོམ་རྡོ་རྩོམ།>>ཞེས་པ་ཞིག་ཡོད་པ་དེའི་ནང་དུ་གཙོ་བོ་ཚིགས་བཅད་སྙན་ངག་དང་།    རང་མོས་སྙན་ངག    ལྷུག་རྩོམ་སྙན་ངག་སོགས་རྩོམ་རིག་གསར་རྙིང་གི་སྐོར་འགོད་པ་དང་།   <<རྣག་ཐོག་ཁབ་གཙགས།>>ཞེས་པ་ཞིག་ཡོད་པ་དེའི་ནང་དུ་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་མི་མཐུན་པ།    དེང་རབས་ཀྱི་དུས་དང་མི་མཐུན་པ།    ཆོས་དང་འཇིག་རྟེན་གང་དང་ཡང་མི་མཐུན་པ་སོགས་མིའི་བསམ་སྤྱོད་དང་འགལ་བའི་བྱ་བ་ངན་པ་དག་སུན་འབྱིན་དང་།    གོ་ལ་འདིའི་སྒང་དུ་གནས་པའི་བསམ་པ་ངན་པ།   སྦྱོར་བ་རྩུབ་པ་མཐའ་དག་རྒྱང་ཕུད་གཏོང་དགོས་པའི་སྐོར་གྱི་བསམ་ཚུལ་གླེང་བའི་རྩོམ་ཡིག་མེ་འབར་མ་དག་འགོད་པ་དང་།   <<གཞན་རྩོམ་ནང་འདྲེན།>>ཞེས་པ་ཞིག་ཡོད་པ་དེའི་ནང་དུ་མི་རིགས་གཞན་གྱི་རྩོམ་པ་པོ་དག་གི་ཕུལ་བྱུང་བརྩམས་ཐུང་བོད་ཡིག་ཏུ་བསྒྱུར་བ་དག་འགོད་པ་དང་།   <<ཁམས་དང་ཁམས་པ།>>ཞེས་པ་ཞིག་ཡོད་པ་དེའི་ནང་དུ་ཁམས་ཕྱོགས་ཀྱི་གནས་ཚུལ་དང་།    ཁམས་ཀྱི་རིག་གནས་ངོ་སྤྲོད།     ཁྱད་པར་དུ་ཆོལ་ཁ་གཞན་དང་བསྡུར་ན་ཁམས་ཀྱི་ཡུལ་འདི་ཅུང་ཟད་རྗེས་ལུས་ཀྱི་རྣམ་པར་ཡོད་པས་དེ་ཉིད་ཇི་ལྟར་བསྒྱུར་བཅོས་དང་གནད་དོན་གང་གི་ཡིན་པ་སོགས་བརྗོད་བྱ་བྱས་པའི་རྩོམ་ཡིག་དང་།   ཁམས་ཕྱོགས་ཀྱི་རྩོམ་པ་པོ་གསར་བྱུང་དག་གི་རྩོམ་ཡིག་རྣམས་འགོད་པ་སོགས་ཀྱིས་མཚོན་ཁྱོན་དྲྭ་ཚུགས་འདི་ལ་ཚན་ཁག་གཙོ་བོ་བརྒྱད་ཙམ་ཡོད་ལ་ཚན་ཁག་དེ་དག་གི་ནང་དུ་དུས་ཀྱི་དབང་དུ་བྱས་ན་འདས་མ་འོངས་ད་ལྟ།    ཡུལ་གྱི་དབང་དུ་བྱས་ན་འཛམ་གླིང་ཤར་ནུབ།   བརྗོད་བྱའི་དབང་དུ་བྱས་ན་ཆོས་དང་འཇིག་རྟེན་སོགས་མདོར་ན་རང་ཉིད་ཀྱི་རྣམ་དཔྱོད་དང་ཤེས་རབ་གྱི་ཡུལ་དུ་གྱུར་བའི་ཤེས་བྱ་མཐའ་དག་བརྗོད་དུ་མི་རུང་བ་གཅིག་ཀྱང་མེད་པས་ཕྱོགས་ཀྱི་མཁས་པ་དག་གིས་ལྗགས་རྩོམ་གྱི་རྒྱབ་སྐྱོར་ཆེན་པོ་གནང་པའི་རེ་བ་ཤིན་ཏུ་ནས་ཀྱང་ཆེའོ། །  ད་དུང་དྲྭ་ཚུགས་འདིས་ཟླ་བ་རེ་རེ་བཞིན་སྐབས་ཐོག་དང་འབྲེལ་བའི་གླེང་གཞི་གཅིག་པའི་རྩོམ་ཡིག་བསྡུ་བའི་བྱེད་སྒོ་སྤེལ་བ་དང་།   རྗེས་ཕྱོགས་རྩོམ་ཡིག་ཚད་ལྡན་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དཔེ་སྐྲུན་ཁང་ནས་དེབ་ཕྲེང་གི་རྣམ་པས་དཔེ་ཚོགས་བསྒྲིགས་པ་དང་།   རྒྱུན་དུ་རྩོམ་ཡིག་གི་རྒྱབ་སྐྱོར་གནང་བའི་རྩོམ་པ་པོ་དག་ལ་རྐང་འཛིན་རྩོམ་པ་པོའི་མཚན་སྙན་གནང་བ་སོགས་བྱེད་སྒོ་སྣ་ཚོགས་དང་།    ལྷག་པར་དུ་རང་ཅག་བོད་ཀྱི་རྩོམ་པ་པོ་དག་གིས་བོད་ནང་ཁུལ་ཁོ་ན་ལ་བསམ་བློ་སྐོར་བའི་ལམ་ཁ་ལས་བྲལ་ཏེ་འཛམ་གླིང་ཡོངས་ཀྱི་སྐྱིད་སྡུག་དང་།    འགྱུར་ལྡོག    གནས་ཚུལ།   ཁ་ཕྱོགས།   མ་འོངས་པ་སོགས་ལ་ཡང་ཞིབ་ལྟ་དང་།    སེམས་ཁུར།     དཔྱད་བརྗོད།   བགྲོ་གླེང་སོགས་བྱེད་པའི་ཕྱོགས་ལ་གོམ་པ་ཞིག་སྤོ་རྒྱུ་ཡིན་པས་རྒྱ་ཆེ་བའི་རྩོམ་པ་པོ་དག་གིས་དེ་ལུགས་ཐུགས་ལ་འཛིན་པར་ཞུ།  །      

འབྲེལ་གཏུག་བྱེད་ས།   གླིང་སྲས།   གླེང་མོལ་ཨང་གྲངས།      2410573933
དྲྭ་ཐོག་ནས་རྩོམ་ཡིག་བསྐུར་ས།       ཡིག་ཟམ།   kangba1216@163.com
ཡིག་ཐོག་ནས་རྩོམ་ཡིག་བསྐུར་ས།     ས་གནས།     北京市房山区窦店七里店北京民族大学文学院        10级汉语班       俄昂拉毛   

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼གླིང་སྲས་བོད་ཡིག་དྲ་ཚིགས༽ཀྱི་རྩོམ་བརྡ།

2012-02-02 གླིང་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།