《ཉག་གའི་ལྗང་སེར་གློ་དམར》གྱི་པར་གཞི་གཉིས་པ་འཐོན་ལ་ཉེ།
བསྐྱར་དཔར་གྱི་གསལ་བཤད།
ཟླ་བ་འགའི་གོང་རོལ<<ཉག་གའི་ལྗང་སེར་གློ་དམར>>ཞེས་པའི་དེབ་ཆུང་འདི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཀྱི་དེང་རབས་སྙན་ངག་དཔེ་ཚོགས་སུ་བདམས་ཏེ་པར་ཐེངས་གཅིག་དངོས་སུ་བཀྲམ་ཟིན་པ་ལ། བྲིན་པོ་ཞེ་དྲག་བྱུང་སྟེ་ཟླ་ངོ་གཉིས་གསུམ་ཙམ་ལ་བཙོངས་ཚར་སོང་། མ་ཟད། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཁུག་རྟ་རྩོམ་སྒྲིག་ཚན་ཆུང་དང་གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་མོག་བུ་ཡེ་ཤེས་སྐྱབས་སོགས་ཀྱི་འདོད་པ་བཞིན་དེབ་འདིའི་རྩོམ་པོ་སེང་རྡོར་གྱིས་སློབ་གླིང་དེ་ཉིད་ནས<<ཉག་གའི་ལྗང་སེར་གློ་དམར་གླེང་བ>>ཞེས་པའི་འཆད་ཁྲིད་དང་བགྲོ་གླེང་སྤེལ་མར་བྱས་པས་ཚུར་སྣང་ལན་ཆ་དྲག་པོ་བྱུང་། གཞན་ཡང་། རྩོམ་མཁན་གྲགས་ཅན་ནེའུ་ཆུང་ངམ་མི་ལ་ཙི་ཙི་ལགས་ཀྱིས<<གཅིན་པ་ཤོར་སོང>>ཞེས་པའི་ཡི་གེ་དྲ་སྟེང་སྤེལ་བ་སོགས་དེབ་འདིའི་ཆེ་བ་བརྗོད་མཁན་ཤིན་ཏུ་མང་པོ་ཐོན་ཁར། བོད་ཁུལ་གྱི་དཔེ་འཚོང་ཁང་སོ་སོ་ནས་དེབ་འདི་ཡང་བསྐྱར་དཔར་དུ་གདབ་མཁྱེན་ཞེས་སྐད་ཆ་ལབ་བྱུང་བ་བཅས་ཀྱིས་ཐེངས་གཉིས་པ་འདི་བསྐྲུན་དགོས་སོང་།
རྩོམ་ཁུངས། ངེད་དྲ་བ།