༢༠༡༡ལོའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་གླིང་གི་དོན་ཆེ་ཤོས་བཅུ།

 ཟླ༢པར། དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་མཆོག་སློབ་གླིང་འདི་ག་ནས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་གནས་སྤོས། ཁོང་ནི་རིག་པའི་གནས་བཅུ་ལ་མཁས་ཤིང་འབྱམས་པ་ཞིག་ཡིན་པ་མ་ཟད། དེ་འབྲེལ་གྱི་བསྟན་བཅོས་ཀྱང་མང་དུ་བརྩམས་ཡོད་ལ། དཔེར་མཚོན་དུ«བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་ར་ཀའི་ལྡེ་མིག»དང«བོད་རིག་པ་སྤྱི་བཤད»སོགས་ཡོད།
 
 ཟླ༣པར། བོད་ཀྱི་བརྙན་ཐུང་འགྲེམས་སྟོན་ཐོག་དང་པོ་སྤེལ། འགྲེམས་སྟོན་འདིར་སློབ་གྲྭ་འདི་གའི་སློབ་མ་དཔལ་རྩལ་དང་ལྷ་མོ་ཚེ་བརྟན་གཉིས་ཀྱིས་ཁྲིད་པའི«ཤེས་རབ་ཀྱི་འཛུམ་མདངས» དབང་མཆོག་འབུམ་གྱིས་ཁྲིད་པའི«ལུག་རྫི་ཕག་ལོ» ལྷ་མོ་བཀྲ་ཤིས་ཀྱིས་ཁྲིད་པའི«གཟའ་ཉི་མ»གསུམ་ལྟད་མོ་བའི་མིག་ངོར་བཤམས་ལ། དཔྱད་བརྗོད་པ་དང་སློབ་གླིང་གི་མགོ་ཁྲིད་ཡོངས་བྱེད་སྒོ་འདིར་ཞུགས་ཏེ་བགྲོ་གླེང་བས་བོད་སྐད་གློག་བརྙན་ལས་རིགས་ཀྱི་ཐོག་མའི་ཁུ་འཕངས་ལྟ་བུར་གྲུབ་ཡོད།
 
 ཟླ༦པར། གླིང་དཔོན་རྒན་ཚེ་རིང་ཐར་གྱིས་གཙོ་སྐྱོང་གནང་བའི་བོན་གྱི་རིག་མཛོད་ཆེན་མོ༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་འགྲེམ་སྤེལ་བཞུགས་མོལ་གྲོས་ཚོགས་གཟབ་རྒྱས་ངང་འཚོགས།  དཔེ་ཚོགས་འདིར་སྟོན་པ་གཤེན་རབ་ནས་བཟུང་ད་ལྟའི་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་བར་དུ་རིམ་པར་བྱོན་པའི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་བཀའ་དང་བཀའ་བརྟེན་འདུ་ཆེན་པོས་གཅིག་ཏུ་བསྡུ་ཐེངས་དང་པོ་ཡིན་ལ། རིག་གནས་མྱུར་སྐྱོབ་ཀྱི་ལས་ཀ་ཚེགས་ཆེན་པོ་ཞིག་སར་ཕོག་པའོ།།
 
 ཟླ༦པར། «ང་རོ»འདོན་ཐེངས་ལྔ་པ་སྒོར་བཀྲམས། «ང་རོ»ནི་རབ་འབྱམས་པས་གཙོ་བསྒྲུབས་བྱ་བཞིན་པའི་སྣ་འདུས་རང་བཞིན་གྱི་དེབ་ཅིག་ཡིན་ལ། འདོན་ཐེངས་འདིར་དེབ་ཀྱི་ཕྱིའི་ཚུགས་ཀ་ནས་ནང་གི་སྙིང་བོའི་བར་བོད་ཀྱི་དུས་དེབ་ཀུན་དང་མི་འདྲ་བའི་ལམ་ཁ་གསར་པ་ཞིག་བཤངས་འདུག་པས་ན། མཐོང་ཚད་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས་བྱར་གྱུར།
 
 ཟླ༡༡པར། གངས་ཅན་རིག་སྨྲའི་ཁྲོད་དུ་རིག་པའི་ཁུ་བྱུག་ཏུ་འབོད་པའི་དགེ་རྒན་ཆེན་མོ་སྟུག་རྒྱའི་བཀའ་སྲུང་མགོན་པོས་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ཚང་ནས་རིག་པའི་ཁུ་བྱུག་ཅེས་པའི་ས་མིག་ཏུ་གནས་བཅས་ཤིང་། ༼http://blog.amdotibet.cn/ganmugun/index.aspx༽མེས་པོའི་རྗེས་དྲན་དང་། ཤིས་བརྗོད་སྨོན་ཚིག རིག་པའི་གཏམ་བཤད། དུས་ཀྱི་ཕོ་ཉ་སོགས་རིགས་མང་དུ་དགར་ཏེ་ཟིན་བྲིས་པའི་ལས་ཀར་ཞུགས་ཤིང་། སློབ་ཆེན་བོད་ཡིག་དགེ་རྒན་དག་ལས་ཟིན་བྲིས་སུ་ཞུགས་མཁན་སྔ་མའི་བརྟུལ་ཞུགས་བཟུང་ཡོད།
 
 ཟླ༡༠ པར། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་སྔོན་མའི་སྤྱིའི་མགོ་བ་རྗང་ནཱེ་ཐི་རྒྱ་མཚོ༼Janet Gyatso༽སློབ་གྲྭ་འདིར་ཕེབས་ཏེ་གཟའ་འཁོར་གཅིག་རིང་གསོ་རིག་དང་མི་ཆོས་སྐོར་ནས་འཆད་ཁྲིད་གནང་། འདི་ནི་མཁར་རྨེའུ་བསམ་གཏན་རྒྱ་མཚོའི་རྗེས་སུ་སྤེལ་བའི་ཕྱི་གླིང་མཁས་པའི་མུ་འབྲེལ་འཆད་ཁྲིད་བསྒྲུབས་ཐེངས་གཉིས་པ་དེ་ཡིན།
 
 ཟླ༡༢པར། རྒན་བཀྲ་བྷ་ལགས་ཀྱི་སྒྲུང་འབྲིང«ནས»ཀྱིས་སྐབས་བདུན་པའི«སྦྲང་ཆར»རྩོམ་རིག་བྱ་དགའ་མནོས། འདི་ནི་རྩོམ་པ་པོ་ཁོང་ལ«སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས»ཡི་རྗེས་སུ་ཐོབ་པའི«སྦྲང་ཆར»རྩོམ་རིག་བྱ་དགའ་ཐོབ་ཐེངས་གཉིས་པ་ཡིན།
 
 ཟླ༡༢པར། འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་གྲགས་ཅན«དབུས་ལམ་གྱི་ཉི་མ»ཞེས་པ་ཞིབ་འཇུག་གླེང་སྟེགས་ཀྱི་མིང་ཐོག་ནས་བསྟན། འདི་ནི་ཁོའི་གློག་བརྙན་འདི་ཉིད་བོད་པ་གཞི་ཚུགས་སའི་སློབ་ཆེན་ལས་ཐེངས་དང་པོར་བསྟན་པ་རེད་ལ། བསྟན་ཚར་རྗེས་འཁྲབ་ཁྲིད་པ་རང་ཉིད་ཀྱི་བཤད་པ་དང་བཅས་བགྲོ་གླེང་དང་བརྒལ་བརྟག་གི་རྣམ་པས་གློག་བརྙན་འདི་ཉིད་གསེད་པ་རེད།
 
 ཟླ༡༡པར། སློབ་གྲྭ་འདི་གའི་སློབ་མ་ཁ་ཤས་ཀྱིས་ཚགས་ཆུད་པར་འགྲུབ་པའི་བོད་བརྙན་དྲ་བ༼ http://www.bosubtitle.com/༽ཤར་གཏོང་བྱས། འདི་ནི་བོད་སྐད་གློག་བརྙན་སྐོར་ལ་ཆེད་དུ་ཤུགས་རྒྱག་ཕྱིར་བཙུགས་པའི་སྡེ་ཐོག་མ་རེད་ལ། བོད་སྐད་དྲ་བའི་རིག་གནས་ཀྱི་གྱང་ལྡེབས་སུ་བཏོད་པའི་སྒེའུ་ཁུང་གསར་པ་དེ་ཡང་ལགས་པས། ཀློག་པ་པོར་དབང་ཤེས་ཀྱི་ལོངས་སྤྱོད་གཞན་ཞིག་བཤམས་ཡོད་པ་རེད།
 
 ཟླ༡༢པར། རྗེ་ཙོང་ཁ་པར་རྗེས་དྲན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་སྐབས་དང་པོ་བསྐོངས། སློབ་རམས་པ་དང་ཤེས་རམས་པ་ཉིས་ཆ་ནས་དེ་འབྲེལ་གྱི་དཔྱད་རྩོམ༩ལྷག་སྒྲོག་སྦྱོང་གནང་ཞིང་། སྔོན་བྱོན་མཁས་པའི་དྲིན་དྲན་བཞིན་རིག་གཞུང་ཞིབ་འཇུག་གི་མཁའ་དབུགས་སྟུག་ཤོས་ཤིག་ཆགས་རྒྱུར་འབད་དེ། ལོ་རེ་ལྟར་འདི་མུས་བཞིན་རྒྱུན་སྐྱོང་བའི་གྲོས་ཐག་བཅད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༡༡ལོའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་གླིང་གི་དོན་ཆེ་ཤོས་བཅུ།

2012-01-16 དམར་པོ།༼པེ་ཅིང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།