ubuntuཞེས་པའི་བོད་ཡིག་གི་རྩིས་འཁོར་གྱི་མ་ལག་དེ་དྲ་ངོས་ནས་རིན་མེད་དུ་ཕབ་ཆོག་པ།
མིག་སྔར་ubuntuམ་ལག་འདི་རྒྱབ་ཁབ་ལྔ་བཅུ་ལྷག་གིས་རང་རང་གི་་ཡི་གེའི་ཐོག་བཟོས་ནས་སྤྱོད་བཞིན་ཡོད་རེད། རྒྱུ་མཚན་མ་ལག་འདིའི་མཉེན་ཆས་རིན་མེད་དང་བརྟན་པོ་མགྱོགས་པོ་ཡོད་པས་རེད། རང་རྒྱལ་དུ་ཡང་དར་སྲོལ་བྱེད་བཞིན་པའི་སྒང་རེད། རང་རྒྱལ་གྱི་lenovoརྩིས་འཁོར་ཀུང་སིས་ཀྱང་རྒྱ་ཡིག་པར་མའི་མ་ལག་འདི་གསར་དུ་ཐོན་པའི་རྩིས་འཁོར་སོགས་ཀྱི་ཐོག་དང་པོ་ནས་བསྒྲིགས་འདུག ངའི་ལས་རོགས་ཡུལ་ཤུལ་འཕྲིན་ལས་རྣམ་་རྒྱལ་དང་ངེད་གཉིས་ཀྱིས་ལོ་གཅིག་དང་ཕྱེད་ལྷག་ཅིག་སྤྱད་ནས་མ་ལག་འདི་བོད་ཡིག་ཏུ་བཟོས་པ་ཡིན། དམིགས་ཡུལ་གཙོ་བོ་རྒྱ་ཡིག་དང་དབྱིན་ཡིག་ཡག་པོ་མེད་མཁན་གྱི་ཕ་ཡུལ་དམངས་ཚོགས་རྣམས་གཞན་དང་འདྲ་པར་སྤྱི་ཚོགས་ཐོག་ལས་ཀ་བྱེད་པར་ངེས་པར་དུ་དགོས་པའི་རྩིས་འཁོར ་བོད་ཡིག་ཤེས་མཁན་གྱིས་བེད་སྤྱོད་ཐུབ་རྒྱུ་དེ་ཡིན།(དོ་སྣང་བྱེད་ས། མ་ལག་འདི་དྲ་ཐོག་ནས་རིན་མེད་ལེན་འཇུག་བྱེད་ས་བཟོས་ཡོད། (http://openrisc.net/bo)
དེའི་རྐྱེན་པས་མ་ལག་འདི་འོད་སྡེར་དུ་བཟོས་པའི་རིན་པ་དང་དེའི་བར་གྱི་འགྲོ་སོང་ལས་འདིའི་ཐོག་ནས་ཁེ་ཕོག་ཟ་འདོད་ཀྱི་འཆར་གཞི་བཏང་མེད། ༢ ubuntuམ་ལག་འདི་ལ་Windowsམ་ལག་ལས་ཁྱད་ཆོས་ཁ་ཤས་ཡོད་པ། གཅིག མ་ལག་འདིའི་འགྲོས་ཚད་windows ལས་མགྱོགས་པ གཉིས མ་ལག་འདིའི་ནང་དུ་དུག་འཛུལ་བ་སོགས་མེད་པས་ཡིག་ཆ་ སོག་ས་སྤྱིར་བཏང་གནས་ཚུལ་འོག་འཕྲོ་བརླག་མི་འགྲོ། གསུམ། མ་ལག་འདི་རྩིས་ཐོག་ཏུ་སྒྲིག་འཇུག་ཚར་རྗེས་བོད་ ཡིག་ཡིག་གཟུགས་དང་ཡི་གེ་བཏགས་ཐབས་སོགས་རང་འགུལ་སྒོས་བསླེབ་ཐུབ། ད་དུང་སྒྲིག་འཇུག་ཚར་རྗེས་རྣམ་གྲངས་བརྒྱད་ཅུ་ལྷག་གི་ཉེར་སྤྱོད་མཉེན་ཆས་རིན་མེད་ངང་བོད་ཡིག་ཐོག་རང་འགུལ་སྒོས་རྩིས་འཁོར་ནང་བསླེབས་ཐུབ། གཞན་ ubuntu པར་གཞིའི་མཉེན་ཆས་ཡོངས་རིན་མེད་ཡིན། མ་ལག་དང་མཉམ་དུ་མ་ཡིན་པར་དྲ་ཐོག་ནས་གསར་དུ་ལེན་འཇུག་དགོས་པའི་མཉེན་ཆས་ཕལ་ཆེར་བོད་ཡིག་ཡིན་མི་སྲིད། ཡིན་ཡང་དེ་དག་རྩིས་འཁོར་ཆེད་ལས་བ་མ་གཏོགས་སྤྱིར་བཏང་གི་རྩིས་འཁོར་སྤྱོད་མཁན་ཞིག་ལ་མ་ལག་དང་མཉམ་དུ་རང་འགུལ་སྒོས་སླེབས་པའི་མཉེན་ཆས་ཀྱིས་འདང་ངེས་ཡིན། བཞི། མ་ལག་འདི་ཁ་པར་གྱི་མ་ལག་ནང་བཞིན་རྒྱ་ཡིག་དང་དབྱིན་ཡིག་སོགས་ཀྱི་ཐོག་འཕྲལ་དུ་བསྒྱུར་ཆོག ད་དུང་རྩིས་འཁོར་གཅིག་གི་ཐོག་མ་ལག་འདི་དང་windowsམ་ལག་གཉིས་མཉམ་དུ་སྒྲིག་ཆོག(双装系统)
༣ མིང་ཚིག་གི་བདག་དབང་སྤྱི་ཚོགས་ཡོངས་ལ་ཁ་གཏད་ཡོད་པས་མིང་ཚིག་མ་དག་པ་དང་ནོར་བ་སོགས་བཟོ་བཅོས་དང་དག་བཅོས་བྱས་ནས་བསྐུར་ཚེ་༢༠༡༢པར་གཞིའི་འགོད་རྒྱུ་ཡིན་པ་དང་པར་གཞི་དེ་མིང་ཚིག་གཅིག་གྱུར་ཅན་དང་ཚན་ལྡན་ཞིག་བཟོ་བར་འབད་རྒྱུ་ཡིན། བོད་ཡིག་དུ་བཟོ་མཁན་རྔ་བ་ཡར་གོ་དང་ཡུལ་འཕྲིན་ལས་རྣམ་རྒྱལ་གཉིས་ཡིན།
རྩོམ་ཁུངས། ངེད་དྲ་བ།