ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་སྦྱོང་གི་ཁོར་ཡུག་དང་འབྲེལ་བའི་གསར་འགྱུར་ཅིག

   དེ་རིང་ནི་༢༠༡༡ལོའི་ཟླ་༡༢པའི་ཚེས་༢༧ཡིན་ལ།ནུབ་བྱང་ཚང་གི་སློབ་མ་དག་ཉིན་རྒྱུན་དང་འདྲ་བར་ནངས་སྔ་མོར་མལ་ལས་ལངས་ཞིང་།ལ་ལ་སློབ་ཁྲིད་འཚོག་པར་ཆས་པ་དང་།ལ་ལས་རང་ཉིད་ཀྱི་ཕྱིར་ལྡོག་མེད་པའི་དུས་ཚོད་ལ་དམ་འཛིན་བགྱིས་ནས་དཔེ་ཀློག་ཁང་དུ་ཆས་སོང་།ལ་ལ་དཔེ་ཀློག་ཁང་གི་འདུག་སྟེགས་མ་ཐེམས་པར་རང་རང་གི་སྡོད་ཤག་ཏུ་སློབ་སྦྱོང་བྱེད་བཞིན་གདའ།   
 
   སློབ་མ་རྣམས་ཀྱིས་དཔེ་ཀློག་ཁང་དུ་རང་སྦྱོང་བྱེད་བཞིན་པ།
     ནུབ་བྱང་ཚང་མི་རིགས་སློབ་ཆེན་གཞན་དང་བསྡུར་ན་ཁོར་ཡུག་དེ་འདྲ་ལེགས་པོ་མིན།ནང་སྒོས་སུ་ནུབ་བྱང་ཚང་གི་མ་སློབ་དེ་ལས་ཀྱང་ཐབས་སྡུག་པོ་འདུག  སློབ་མའི་ཉལ་ཁང་དུ་སློབ་ཆེན་པར་ངེས་པར་དུ་འཛོམས་དགོས་པའི་ཅ་ལག་དང་སྒྲིག་གཞི་ཆ་ཚང་མིན་ལ།ཟ་ཁང་དུ་ཟ་མའི་བྲོ་བ་ཞན་པ་དང་སྣ་ཁ་ཉུང་བ།ཉིན་རེ་བཞིན་ཟ་མའི་རྒྱུ་སྤུས་ཇེ་སྡུག་ནས་ཇེ་སྡུག་ཡིན།དེ་བས་སློབ་མ་མང་ཤོས་ཀྱིས་སློབ་གྲྭའི་ཟ་ཁང་དུ་ཟ་མ་ལ་རེག་མི་ཐུབ་པར་ཕྱི་ལ་སོང་ནས་ཁ་ལ་རེག་ཐབས་བྱེད་བཞིན་ཡོད།སློབ་རའི་རྒྱ་ཆུང་བས་རྐང་ལམ་དང་རླངས་འཁོར་ལམ་སོགས་གཞི་གཅིག་ཏུ་གྱུར་བས་སློབ་མ་རྣམས་ཀྱི་འགྲོ་འདུག་ལ་ཧ་ཅང་སྟབས་བདེ་པོ་མིན།ད་དུང་སློབ་མ་ལ་ཆེས་ཉག་ཆེ་བའི་དཔེ་ཀློག་ཁང་དང་རང་སྦྱོང་ཁང་སོགསཕྱོགས་གང་མང་ཐད་ནས་སློབ་མ་རྣམས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མི་འདུག
 
    ཉལ་ཁང་དུ་ནན་ཏན་སྒོས་སློབ་སྦྱོང་བྱེད་བཞིན་པ།
   འོན་ཀྱང་།ནུབ་བྱང་ཚང་གིས་མི་རིགས་མཐུན་སྒྲིལ་གྱི་ལག་རྡང་དམ་པོར་སྦྲེལ་ཞིང་མདུན་བསྐྱོད་ཀྱི་གོམས་སྟབས་མཉམ་ཏུ་སྤོས་ནས་དཀའ་སྡུག་གི་ཁོར་ཡུག་ལ་མགོ་སྒུར་གྱི་མི་འདུག  ནུབ་བྱང་གི་ཐ་སྙད་ལྗིད་པོ་ཁུར་བའི་སྐྱེ་བོ་དེ་དག་གིས་ཕྱི་རོལ་གྱི་ཁོ་ར་ཁོར་ཡུག་ལ་ཁ་མ་གཡར་བར་སྔར་བཞིན་མཐོ་བའི་མགོ་འཕང་ཐུར་དུ་མ་སྨད་པར་སྔར་བཞིན་རྒྱལ་ཁ་ལ་སྙེག་བཞིན་མཆིས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་སྦྱོང་གི་ཁོར་ཡུག་དང་འབྲེལ་བའི་གསར་འགྱུར་ཅིག

2011-12-30 གསོམ་བུ། ཀློག་གྲངས། མཆན ཡོད།

   དེ་རིང་ནི་༢༠༡༡ལོའི་ཟླ་༡༢པའི་ཚེས་༢༧ཡིན་ལ།ནུབ་བྱང་ཚང་གི་སློབ་མ་དག་ཉིན་རྒྱུན་དང་འདྲ་བར་ནངས་སྔ་མོར་མལ་ལས་ལངས་ཞིང་།ལ་ལ་སློབ་ཁྲིད་འཚོག་པར་ཆས་པ་དང་།ལ་ལས་རང་ཉིད་ཀྱི་ཕྱིར་ལྡོག་མེད་པའི་དུས་ཚོད་ལ་དམ་འཛིན་བགྱིས་ནས་དཔེ་ཀློག་ཁང་དུ་ཆས་སོང་།ལ་ལ་དཔེ་ཀློག་ཁང་གི་འདུག་སྟེགས་མ་ཐེམས་པར་རང་རང་གི་སྡོད་ཤག་ཏུ་སློབ་སྦྱོང་བྱེད་བཞིན་གདའ།   
 
   སློབ་མ་རྣམས་ཀྱིས་དཔེ་ཀློག་ཁང་དུ་རང་སྦྱོང་བྱེད་བཞིན་པ།
     ནུབ་བྱང་ཚང་མི་རིགས་སློབ་ཆེན་གཞན་དང་བསྡུར་ན་ཁོར་ཡུག་དེ་འདྲ་ལེགས་པོ་མིན།ནང་སྒོས་སུ་ནུབ་བྱང་ཚང་གི་མ་སློབ་དེ་ལས་ཀྱང་ཐབས་སྡུག་པོ་འདུག  སློབ་མའི་ཉལ་ཁང་དུ་སློབ་ཆེན་པར་ངེས་པར་དུ་འཛོམས་དགོས་པའི་ཅ་ལག་དང་སྒྲིག་གཞི་ཆ་ཚང་མིན་ལ།ཟ་ཁང་དུ་ཟ་མའི་བྲོ་བ་ཞན་པ་དང་སྣ་ཁ་ཉུང་བ།ཉིན་རེ་བཞིན་ཟ་མའི་རྒྱུ་སྤུས་ཇེ་སྡུག་ནས་ཇེ་སྡུག་ཡིན།དེ་བས་སློབ་མ་མང་ཤོས་ཀྱིས་སློབ་གྲྭའི་ཟ་ཁང་དུ་ཟ་མ་ལ་རེག་མི་ཐུབ་པར་ཕྱི་ལ་སོང་ནས་ཁ་ལ་རེག་ཐབས་བྱེད་བཞིན་ཡོད།སློབ་རའི་རྒྱ་ཆུང་བས་རྐང་ལམ་དང་རླངས་འཁོར་ལམ་སོགས་གཞི་གཅིག་ཏུ་གྱུར་བས་སློབ་མ་རྣམས་ཀྱི་འགྲོ་འདུག་ལ་ཧ་ཅང་སྟབས་བདེ་པོ་མིན།ད་དུང་སློབ་མ་ལ་ཆེས་ཉག་ཆེ་བའི་དཔེ་ཀློག་ཁང་དང་རང་སྦྱོང་ཁང་སོགསཕྱོགས་གང་མང་ཐད་ནས་སློབ་མ་རྣམས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མི་འདུག
 
    ཉལ་ཁང་དུ་ནན་ཏན་སྒོས་སློབ་སྦྱོང་བྱེད་བཞིན་པ།
   འོན་ཀྱང་།ནུབ་བྱང་ཚང་གིས་མི་རིགས་མཐུན་སྒྲིལ་གྱི་ལག་རྡང་དམ་པོར་སྦྲེལ་ཞིང་མདུན་བསྐྱོད་ཀྱི་གོམས་སྟབས་མཉམ་ཏུ་སྤོས་ནས་དཀའ་སྡུག་གི་ཁོར་ཡུག་ལ་མགོ་སྒུར་གྱི་མི་འདུག  ནུབ་བྱང་གི་ཐ་སྙད་ལྗིད་པོ་ཁུར་བའི་སྐྱེ་བོ་དེ་དག་གིས་ཕྱི་རོལ་གྱི་ཁོ་ར་ཁོར་ཡུག་ལ་ཁ་མ་གཡར་བར་སྔར་བཞིན་མཐོ་བའི་མགོ་འཕང་ཐུར་དུ་མ་སྨད་པར་སྔར་བཞིན་རྒྱལ་ཁ་ལ་སྙེག་བཞིན་མཆིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།