༼དཔའ་བའི་གདེང་དང་ལྡན་པའི་ལང་ཚོ༽ཞེས་པའི་དེབ་གསར་ཞིག་པར་ཏུ་བསྐྲུན་ཡོད་པ།

ཉེ་ལམ། ཕྲན་གྱིས་རྒྱ་ཡིག་ནས་བསྒྱུར་བའི་སློབ་གསོའི་སྐོར་གྱི་དེབ༼དཔའ་བའི་གདེང་དང་ལྡན་པའི་ལང་ཚོ༽ཞེས་པ་པེ་ཅིང་གི་མི་རིགས་དཔེ་སྐྲུན་ཁང་གིས་པར་ཏུ་བསྐྲུན་ཏེ་བཀྲམས་ཡོད། དེབ་དེ་ནི་ཀྲུང་ཀོའི་ཨིན་ཡིག་སློབ་ས་དང་ཕྱི་རྒྱལ་དུ་རྒྱུགས་སྤྲོད་པར་ཟབ་སྦྱོང་བྱེད་སའི་སློབ་གྲྭ་མིང་གྲགས་ཅན༼ཤར་ཕྱོགས་གསར་བ༽ཚང་གིས་བསྒྲིགས་པ་ཞིག་ཡིན་པ་དང་། དེ་སྔ་སློབ་གྲྭ་དེར་སློབ་སྦྱོང་བྱས་ནས་ཨ་རིའི་སློབ་ཆེན་རྩེ་གྲ་དག་ཏུ་རྒྱུགས་འཕྲོད་པའི་སློབ་མ་ལྔས་ཇི་ལྟར་ཨིན་ཡིག་སོགས་རིག་པའི་གནས་དག་ལ་བརྩོན་པ་བསྐྱེད་དེ་སློབ་གཉེར་བྱས་ཚུལ་དང་། རང་གི་མི་ཚེའི་འདུན་མ་ཇི་ལྟར་མངོན་དུ་གྱུར་ཚུལ་དག་རང་གི་མྱོང་བ་དངོས་དང་སྦྱར་ཏེ་བྲིས་ཡོད།
  ཇི་ལྟར་དེབ་དེའི་མགོ་བརྗོད་དུ་བྲིས་པ་ཇི་བཞིན། གལ་སྲིད་ཁྱེད་རང་རིག་པའི་གནས་ལ་བརྩོན་པའི་སློབ་མ་ཞིག་ཡིན་ཚེ། དེབ་དེ་སློབ་གཉེར་གྱི་ཕྱོགས་སུ་བརྩོན་པ་སྐྱེད་ཅིང་སྙིང་ཕུར་འདེབས་པའི་མཐུན་རྐྱེན་དུ་འགྱུར་བར་ངེས་ཤིང་ཁྱེད་ཉིད་འཆད་པའི་ལས་ལ་མཁས་པའི་དགེ་རྒན་ཞིག་ཡིན་ཚེ། དེབ་དེ་ལས་སློབ་གསོའི་བྱེད་ཐབས་སྣ་ཚོགས་ཀྱང་རྙེད་སྲིད་དོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།