ཟོན་ཐར་རྒྱལ་ལགས་ཀྱིས་༼དབུས་ལམ་གྱི་ཉི་མ༽དང་སྦྲེལ་ནས་བོད་ཀྱི་གློག་བརྙན་གླེང་བ།

གསར་འགོད་པ་གཡུ་ཆུང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-20

  སྤྱི་ལོ་2011ལོའི་ཟླ་12པའི་ཚེས་19ཉིན་གྱི་དགོང་དྲོའི་ཆུ་ཚོད་19:00སྟེང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་གླིང་གི་ཤེས་རམས་པའི་སློབ་ཚོགས་ཀྱི་གདན་ཞུས་བཞིན།  སྐུ་ཞབས་ཟོན་ཐར་རྒྱལ་ལགས་ཀྱིས་ཁོང་གི་འཁྲབ་ཁྲིད་བྱས་པའི་གློག་བརྙན་༼དབུས་ལམ་གྱི་ཉི་མ༽ཞེས་པ་གཙོར་བྱས་ཏེ། ༼དབུས་ལམ་གྱི་ཉི་མ༽དང་སྦྲེལ་ནས་བོད་ཀྱི་གློག་བརྙན་གླེང་བ་ཞེས་པའི་འཆད་ཁྲིད་བྱས།
 
 ཁོང་གིས་གློག་བརྙན་གྱི་སྐོར་འཆད་བཞིན་པ།
 
 དྲི་བ་དང་བགྲོ་གླེང་།
 
 དྲི་བ་དང་བགྲོ་གླེང་།
 
 དྲི་བ་དང་བགྲོ་གླེང་།
 
འཆད་ཁྲིད་མཇུག་རྫོགས་རྗེས་ཀྱི་མཉམ་པར།
 
  འཁྲབ་ཁྲིད་པ་ཁོང་ནི་བོད་ཨ་མདོ་འབའ་རྫོང་ནས་ཡིན་ཞིང་། མཚོ་སྔོན་དགེ་འོས་སློབ་ཆེན་མཛེས་རྩལ་སྡེ་ཁག་དང་པེ་ཅིང་གློག་བརྙན་སློབ་གླིང་བརྙན་འབེབ་སྡེ་ཁག་བཅས་སུ་སློབ་གཉེར་བྱས་མྱོང་ལ། རི་མོའི་བརྩམས་ཆོས་དང་བརྙན་འབེབ་བྱས་པའི་གློག་བརྙན་བརྩམས་ཆོས་ཀྱང་ཡོད།
   འཆད་ཁྲིད་སྟེང་ཁོང་གིས་ཐོག་མར་རང་གི་བརྩམས་ཆོས་ལ་ངོ་སྤྲོད་རང་བཞིན་གྱི་ཁ་བརྡ་ཐུང་ངུ་ཞིག་བྱས་པའི་ནང་།  གལ་ཏེ་དངོས་གནས་གློག་བརྙན་གྱི་རིགས་ལ་སྤྲོ་བ་ཡོད་མཁན་དེ་འདྲ་ཞིག་ཡིན་ཚེ་ཆེད་ལས་སྦྱངས་རྒྱུ་དེ་གལ་ཆེན་པོ་ཞེ་དྲགས་རེད། ད་ལྟ་སློབ་ཆེན་སློབ་མའི་ནང་ལ་གློག་བརྙན་ལས་ཀར་མོས་མཁན་མང་པོ་འདུག  ང་ཡང་གློག་བརྙན་གྱི་ལས་ཀ་འདིར་མ་འཇུས་གོང་གློག་བརྙན་གླེང་རྒྱུར་དགའ་ལ། ཕྱིས་གློག་བརྙན་སློབ་གླིང་དུ་འགྲིམ་དུས་ད་གཟོད་དགའ་བ་ཙམ་གྱིས་མི་ཆོག་པ་ཤེས་བྱུང་།  གློག་བརྙན་སློབ་གླིང་དུ་དེའི་སྐོར་གྱི་སྡེ་ཁག་ནང་ཆེད་ལས་འཐུས་ཚང་བ་ཞིག་སྦྱངས་ཐུབ་ཅིང་།  དེ་རིང་གི་དུས་ཚོད་ཐུང་ཐུང་འདིའི་ནང་བརྙན་འབེབ་སྐོར་གྱི་ཡོ་ཆས་གཅིག་ངོ་སྤྲོད་བྱེད་རྒྱུའང་དཀའ་མོ་རེད་ཟེར།
  དེའི་འཕྲོར་ཁོང་གི་རྩོམ་ཕུད་འདིའི་དུས་ཚོད་གཉིས་བསྣོལ་བསྡེབས་ཀྱིས་གཏམ་རྒྱུད་བཤད་པའི་ནང་།  དུས་འདས་པ་དེ་དབྱར་ཁར་བརྙན་བཟོ་བྱེད་རྒྱུའི་འཆར་གཞི་ཡོད་ནའང་མ་དངུལ་གྱི་རྐྱེན་གྱིས་དགུན་ཁར་མི་འཇོག་ཐབས་མེད་བྱུང་སོང་ཞེས་གོང་གི་འདི་དག་འཆད་ཁྲིད་ཀྱི་གླེང་བརྗོད་ཀྱི་ཚུལ་ལྟ་བུར་བཤད་བྱུང་།
  དེ་རྗེས་དུས་ཡུན་སྐར་མ་89ཙམ་གྱི་གློག་བརྙན་སློབ་མ་ཚོས་མྱོང་རོལ་བྱས་ཤིང་། མཇུག་ཏུ་བསམ་བློ་བརྗེ་རེས་ཀྱི་ཚུལ་གྱིས་སློབ་མ་ཚོའི་དྲི་བ་ལ་དྲིས་ལན་དང་མྱོང་ཚོར་རྒྱུས་ལོན་བྱས།  དེ་དུས་ཁོང་གིས་གློག་བརྙན་གྱི་མིང་ཇི་ལྟར་བཏགས་ཚུལ་བ་བསྒྱུར་ཚུལ།  ཉི་མའི་འགྱོད་བཤགས་ཀྱི་གོ་རིམ་ནང་འཚོ་བ་ལ་ཡང་བསྐྱར་གདོང་གཏད་པའི་སྙིང་སྟོབས་ཇི་ལྟར་རྙེད་ཚུལ། ཆོས་ལུགས་དང་ཉི་མའི་འབྲེལ་བ།  གློག་བརྙན་ནང་མི་སྣ་གཉིས་ཁོ་ན་གཙོ་བོར་འགྱུར་དོན། ཁོང་གི་བརྩམས་ཆོས་ཀྱི་ཁོ་རང་ཉིད་གཅིག་པུ་ལས་མི་རིགས་ཤིག་གི་ཚབ་བྱེད་ཐུབ་མེད་པ་དང་། རྩོམ་ཕུད་འདི་ནི་ཁོའི་གློག་བརྙན་འཚོལ་རྟོག་གི་གོམ་ཁ་དང་པོ་ཡིན་ལ། ལྷག་པར་དུ་རང་རིགས་སློབ་ཆེན་པའི་ལྟ་མཁན་དང་ངོ་འཕྲད་ཐེངས་དང་པོ་ཡིན་པས། ཁོ་ཚོའི་རྣམ་འགྱུར་རམ་བསམ་ཚུལ་དེ་ཇི་ལྟ་བུ་ཡོང་ན་སྙམ་པའི་གནོན་ཤུགས་ཅུང་འདུག་པ་སོགས་ལབ་སོང་།
 འཁྲབ་ཁྲིད་པ་ཁོང་ནས་ཀྱང་རང་གི་འདོད་ཚུལ་དེ་མགོ་མཇུག་ཚང་བར་བརྡ་སྤྲད་པས་སྒྱུ་རྩལ་བརྩམས་ཆོས་འདི་ཅུང་འཐུས་ཚང་བའི་ངང་རྒྱུས་ལོན་ངོས་ཟིན་འབྱུང་བར་ཕན་པ་མི་ཉུང་བ་བྱུང།    མདོར་ན། འཆད་ཁྲིད་འདི་ཤིན་ཏུ་ལེགས་འགྲུབ་བྱུང་བ་སྟེ།  འདིས་བོད་རིག་པ་གླིང་དུ་འདུས་པའི་བོད་མདོ་དབུས་ཁམས་གསུམ་གྱི་སློབ་གཉེར་བ་ཚོ་གཙོས་པའི་རྒྱལ་ནང་གི་ཕྱོགས་སོ་སོའི་སློབ་མ་ཚོར་ད་ལྟའི་བོད་ཀྱི་གློག་བརྙན་སྐོར་ལ་རྒྱུས་ལོན་དང་མ་འོངས་པའི་འཕེལ་རྒྱས་ཐད་དུ་བསམ་གཞིགས་ལ་མང་ཙམ་སྐུལ་བར་བྱས་སོ།།
           ཟོན་ཐར་རྒྱལ་གྱི་གློག་བརྙན་༼དབུས་ལམ་གྱི་ཉི་མ༽འི་ངོ་སྤྲོད་ལ་www.bosubtitle.com/movie/2011121943.htmlཞིབ་པར་ནས་གཟིགས་རོགས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟོན་ཐར་རྒྱལ་ལགས་ཀྱིས་༼དབུས་ལམ་གྱི་ཉི་མ༽དང་སྦྲེལ་ནས་བོད་ཀྱི་གློག་བརྙན་གླེང་བ།

2011-12-20 གསར་འགོད་པ་གཡུ་ཆུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།