སྙན་ངག་པ་བདེ་སྐྱིད་སྒྲོལ་མ་རང་ཁྱིམ་ནས་སྐབས་ལྔ་བའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུར་ཞུགས་པ།

བདེ་སྐྱིད་སྒྲོལ་མ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-18

   དགེ་རྒན་ལྗང་བུ་ལགས་ལ།  སྐུ་ཚེ་བརྟན་པའི་མཚམས་འདྲི་དང་བཅས།  སྤྱིར་གྲོགས་པོ་འགའ་དང་ལྷན་དུ་སྙན་ངག་གྱེར་འདོན་གྱི་ཚོགས་ཆུང་ཞིག་བསྡུ་རྩིས་ཡོད་མོད།    བྱ་བ་དང་དུས་ཚོད་གྱི་དབང་གིས་དེ་ལ་ཞུགས་མ་ཐུབ།  དེས་ན་གཤམ་གྱི་《མེ་ཡི་ལང་ཚོ》ཞེས་པ་འདི་ནི།  གུས་མོས་དེ་རིང་ཉིན་གུང་རང་ཤག་གི་ཐབ་ཚང་དུ་བུ་ཆུང་ལ་གྱེར་འདོན་བྱས་རྗེས།  ལང་ཚོའི་རྦབ་ཆུ་ཚོགས་ཐེངས་ལྔ་པར་བསམ་པ་མཚོན་བྱེད་ཙམ་དུ་ཕུལ་བ་དགེའོ།  
                                                                                                  བདེ་སྐྱིད་སྒྲོལ་མས།  2011.12.13.
                                      མེ་ཡི་ལང་ཚོ།
  མེ། ཁྱོད་ཀྱི་འབྱུང་ཁུངས་ནི།  ཚེ་སྲོག་གི་ཚང་མལ་དང་བརྩེ་བའི་དྲོད་ཁོལ་ཡིན། 
  ད་དུང་སའི་གོ་ལའི་ནང་སྙིང་ཟབ་མོའང་ཡིན།  
  མེ།  ཁྱོད་ས་འོག་ནས།  གཉིད་དུ་ཡུར་ཏེ་རྡོ་ཡི་ཉིང་ཁུ་རུ་ཉལ་ཆོག 
  མེ།  ཁྱོད་ས་སྟེང་དུ།  ཤེད་ཀྱིས་འབར་ཏེ་ལྕེ་དམར་གྱི་འདབ་ལོ་མེ་ཏོག་ཏུ་བཞད་ཆོག 
  མེ།  ཁྱོད་ཆུའི་ནང་དུ།  ལེབ་ཀྱིས་ནར་ཏེ་སྣུམ་འོད་སྟུག་པོའི་གཤེར་ཁུ་རུ་བཞུར་ཆོག 
  མེ།  ཁྱོད་ནམ་མཁའ་རུ།  ཀེར་གྱིས་འགྲེང་སྟེ་གློག་འོད་ཀྱི་ཀ་བ་རུ་བཙུགས་ཆོག
  མེ།  ཁྱོད་ནི།  མིའི་རིགས་ཀྱིས་ས་གཞི་འདུལ་བྱེད་ཀྱི་མཚོན་ཆ་རྣོན་པོ་ཡིན། 
  དྲོད་འཇམ་དང་འོད་སྣང་སྟེར་མཁན་གྱི་སྐྱབས་མགོན་ཡིན། 
  ཚེ་སྲོག་གི་སྟོབས་ཤུགས་དང་གསོན་རེ་ལྟ་སའི་མེ་ལོང་ཡིན། 
  སྙན་ངག་གི་སེམས་རྟེན་གཅིག་པུ་དང་སྲོག་སྙིང་དམར་པོ་ཡིན། 
  ང་ཚོའི་ཡ་ཆུང་ལྷོག་ལྷོག་ཏུ་གདུ་བྱེད་ཀྱི་ས་བོན་ཚན་དེ་ཡིན།
  སྐྱེ་དངོས་ཡོད་ཚད་ཀྱི་ལྗང་ལོ་མེ་ཡི་སྲོག་དབང་དུ་རྒྱས་ཏེ། 
  སྐྱེ་དངོས་ཡོད་ཚད་ཀྱི་ཀེང་རུས་མེ་ཡི་ཁ་གསོ་རུ་སྐམ་པས། 
  མེ།   ཁྱོད་ཁོ་ན་སྐྱིད་པའི་རང་དབང་དུ་ཤོར་ཚེ། 
  ཤི་གསོན་གྱི་ལང་ཚོ་དྲག་ནས་དྲག་ཏུ་འབར་བ་ཡིན་ནོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་བདེ་སྐྱིད་སྒྲོལ་མ་རང་ཁྱིམ་ནས་སྐབས་ལྔ་བའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུར་ཞུགས་པ།

2011-12-18 བདེ་སྐྱིད་སྒྲོལ་མ། ཀློག་གྲངས། མཆན ཡོད།

   དགེ་རྒན་ལྗང་བུ་ལགས་ལ།  སྐུ་ཚེ་བརྟན་པའི་མཚམས་འདྲི་དང་བཅས།  སྤྱིར་གྲོགས་པོ་འགའ་དང་ལྷན་དུ་སྙན་ངག་གྱེར་འདོན་གྱི་ཚོགས་ཆུང་ཞིག་བསྡུ་རྩིས་ཡོད་མོད།    བྱ་བ་དང་དུས་ཚོད་གྱི་དབང་གིས་དེ་ལ་ཞུགས་མ་ཐུབ།  དེས་ན་གཤམ་གྱི་《མེ་ཡི་ལང་ཚོ》ཞེས་པ་འདི་ནི།  གུས་མོས་དེ་རིང་ཉིན་གུང་རང་ཤག་གི་ཐབ་ཚང་དུ་བུ་ཆུང་ལ་གྱེར་འདོན་བྱས་རྗེས།  ལང་ཚོའི་རྦབ་ཆུ་ཚོགས་ཐེངས་ལྔ་པར་བསམ་པ་མཚོན་བྱེད་ཙམ་དུ་ཕུལ་བ་དགེའོ།  
                                                                                                  བདེ་སྐྱིད་སྒྲོལ་མས།  2011.12.13.
                                      མེ་ཡི་ལང་ཚོ།
  མེ། ཁྱོད་ཀྱི་འབྱུང་ཁུངས་ནི།  ཚེ་སྲོག་གི་ཚང་མལ་དང་བརྩེ་བའི་དྲོད་ཁོལ་ཡིན། 
  ད་དུང་སའི་གོ་ལའི་ནང་སྙིང་ཟབ་མོའང་ཡིན།  
  མེ།  ཁྱོད་ས་འོག་ནས།  གཉིད་དུ་ཡུར་ཏེ་རྡོ་ཡི་ཉིང་ཁུ་རུ་ཉལ་ཆོག 
  མེ།  ཁྱོད་ས་སྟེང་དུ།  ཤེད་ཀྱིས་འབར་ཏེ་ལྕེ་དམར་གྱི་འདབ་ལོ་མེ་ཏོག་ཏུ་བཞད་ཆོག 
  མེ།  ཁྱོད་ཆུའི་ནང་དུ།  ལེབ་ཀྱིས་ནར་ཏེ་སྣུམ་འོད་སྟུག་པོའི་གཤེར་ཁུ་རུ་བཞུར་ཆོག 
  མེ།  ཁྱོད་ནམ་མཁའ་རུ།  ཀེར་གྱིས་འགྲེང་སྟེ་གློག་འོད་ཀྱི་ཀ་བ་རུ་བཙུགས་ཆོག
  མེ།  ཁྱོད་ནི།  མིའི་རིགས་ཀྱིས་ས་གཞི་འདུལ་བྱེད་ཀྱི་མཚོན་ཆ་རྣོན་པོ་ཡིན། 
  དྲོད་འཇམ་དང་འོད་སྣང་སྟེར་མཁན་གྱི་སྐྱབས་མགོན་ཡིན། 
  ཚེ་སྲོག་གི་སྟོབས་ཤུགས་དང་གསོན་རེ་ལྟ་སའི་མེ་ལོང་ཡིན། 
  སྙན་ངག་གི་སེམས་རྟེན་གཅིག་པུ་དང་སྲོག་སྙིང་དམར་པོ་ཡིན། 
  ང་ཚོའི་ཡ་ཆུང་ལྷོག་ལྷོག་ཏུ་གདུ་བྱེད་ཀྱི་ས་བོན་ཚན་དེ་ཡིན།
  སྐྱེ་དངོས་ཡོད་ཚད་ཀྱི་ལྗང་ལོ་མེ་ཡི་སྲོག་དབང་དུ་རྒྱས་ཏེ། 
  སྐྱེ་དངོས་ཡོད་ཚད་ཀྱི་ཀེང་རུས་མེ་ཡི་ཁ་གསོ་རུ་སྐམ་པས། 
  མེ།   ཁྱོད་ཁོ་ན་སྐྱིད་པའི་རང་དབང་དུ་ཤོར་ཚེ། 
  ཤི་གསོན་གྱི་ལང་ཚོ་དྲག་ནས་དྲག་ཏུ་འབར་བ་ཡིན་ནོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།