གྲོང་ཁྱེར་ཁྲིན་ཏུའུ་ནས་སྙན་ངག་འདུ་ཚོགས་༼ལང་ཚོའི་རྦབ་ཆུ༽འི་དབུ་ཡོལ་ཕྱེ་བ།

ཚོགས་འདུའི་ལས་འཛིན་མི་སྣ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-13

 ཟླ་འདིའི་ཚེས༡༡ཉིན་གྱི་ཉིན་གོང་དུས་ཚོད1-5བར་རྒྱའི་གྲོང་ཁྱེར་ཁྲིན་ཏུའུ་ཡི《ང་དང་ཁུ་བྱུག་གླུ་གར་གླིང》དུ། བོད་ཀྱི་རྩོམ་པ་བོ་དང་རྩོམ་སྒྲིག་པ་སོགས་ལས་རིགས་མི་གཅིག་པའི་མི་སྣ་ལྔ་བཅུར་ཉེ་བ་མཉམ་འདུས་ཀྱིས། 《ལང་ཚོའི་རྦབ་ཆུ། མི་རིགས་ཤིག་གི་ངག་བྱིན་རླབས་ཅན》ཞེས་པའི་སྙན་ངག་གི་འདུ་ཚོགས་ཆེན་པོ་ཞིག་ཟབ་རྒྱས་ངང་འཚོགས་ཡོད་པ་རེད།  
  འདུ་ཚོགས་འདི་ཉིད་གྲོང་ཁྱེར་འདིར་ཡོད་པའི་བོད་ཀྱི་སྙན་ངག་པ་རྣམས་ཀྱིས་ཚེས༡༣ཉིན་འཚོགས་འགྱུར་གྱི“སྐབས་ལྔ་བའི་བོད་མིའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ”ལ་བསུ་རོལ་བྱེད་པའི་སྔོན་འགྲོ་དང་། ཁྲིན་ཏུའུ་གྲོང་གི་བོད་ཀྱི་ན་གཞོན་ཤེས་ཡོན་པ་དག་མཉམ་འཛོམས་བྱས་པའི་རིག་གནས་ཀྱི་སྤྲོ་སྟེགས་ཡག་ཤོས་སུ་ཆགས་ཡོད་པ་རེད།
  ཚོགས་ཐོག་འདིར་ལྷོ་ནུབ་མི་རིགས་སློབ་ཆེན་དང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་།  མདོ་ལྷོའི་དགེ་ཐོན་སློབ་སློབ་གླིང་། ནུབ་བྱང་མི་རིགས་སློབ་ཆེན། པེ་ཅིང་མི་རིགས་སློབ་གླིང་སོགས་སློབ་གྲྭ་ཆེ་ཁག་གི་སློབ་མ་དང་། གཉན་པོ་གཡུ་རྩེ་ཤེས་རིག་ལྟེ་གནས། མཚོ་སྐྱེས་རིག་གནས་སྤྱི་གཉེར་ཁང་། བཀའ་བསྟན་དཔེ་བསྡུར་ཁང་། བོད་རིག་པ་ཞིབ་འཇུག་ལྟེ་གནས། མགོ་ལོག་ཕ་སྐད་སྐུལ་འདེད་ཚོགས་པ་སོགས་ཀྱི་ལས་འཛིན་མི་སྣ། གཞན་བོད་ཀྱི་མི་རབས་གསར་བའི་སྒེར་གཉེར་ལོ་དེབ《བོད》དང《ཐོག》སོགས་ཀྱི་རྩོམ་སྒྲིག་པ་བཅས། ལས་རིགས་མི་གཅིག་པའི་བོད་ཀྱི་ཤེས་ཡོན་པ་དང་སྒྱུ་རྩལ་བ་གང་མང་མཉམ་ཞུགས་བྱས་ཡོད་ཅིང་།  གླུ་བ་གདུ་བྷེ་དང་རྔ་བའི་སློབ་གཙོ་ཞིག་དང་ཚོང་ལས་པ་ཞིག་གིས་ལྷག་བསམ་དག་པས་རེབ་འདིའི་ཚོགས་གྲོན་ཐད་མ་དངུལ་གྱིས་གཞོག་འདེགས་ཀྱང་བྱས་ཡོད་པ་རེད།
  དེ་ཡང་ན་གཞོན་རྩོམ་བ་བོ་སྒོ་ཡོན་གྱིས“མི་ཚེ་དང་ཚོར་ཕུང་། སྙན་ངག”བཅས་ལས་འཕྲོས་ཏེ་ཚོགས་འདུའི་དམིགས་ཡུལ་དང་རྣམ་པ་ངོ་སྤྲད་པའི་སྒོ་ནས་འདུ་ཚོགས་ཀྱི་དབུ་བསླངས་ཡོད་པ་དང་།  སྙན་ངག་པ་ལྡོང་ཆུ་ཤེལ་དང་སྒྲུང་གཏམ་པ་ལྷ་བྱམས་རྒྱལ།  ན་གཞོན་རྩོམ་པ་བོ་གདོན་དང་འོད་ནག  སྒེའུ་ཁུང་། ལྗགས་མདའ། ཨོ་རྒྱན་སྒྲོལ་མ་སོགས་ཀྱིས་རྩོམ་བ་བོ་དང་བརྩམས་ཆོས་བར་གྱི་གཏམ་རྒྱུད་དང་འབྲེལ་བའི་གཏམ་བརྗོད་སྣ་མང་སྤེལ་བ་མ་ཟད། ལྷོ་ནུབ་སློབ་ཆེན་གྱི་གཞོན་རབས་སྙན་ངག་པ་མཚོ་མོ་སྐྱིད་དང་གློག་ཞགས། ཚེ་སྐྱིད་མཚོ་སོགས་ཀྱིས་རང་རྩོམ་དང་གཞན་རྩོམ་གྱི་སྙན་ངག་གང་མང་གྱེར་ཞིང་། རྡུང་ལེན་པ་གྲགས་ཅན་གདུ་བྷེ་དང《ང་དང་ཁུ་བྱུག་གླིང》གི་གླུ་གར་ཚོགས་པའི་གླུ་བ་དང་གླུ་མ་དག་གིས།  གླུ་དང་རྡུང་ལེན་གྱིས་སྐབས་འདིའི་འདུ་ཚོགས་ལ་སྤྲོ་རོལ་རྒྱ་ཆེར་ཕུལ་ཡོད་པ་རེད།  །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོང་ཁྱེར་ཁྲིན་ཏུའུ་ནས་སྙན་ངག་འདུ་ཚོགས་༼ལང་ཚོའི་རྦབ་ཆུ༽འི་དབུ་ཡོལ་ཕྱེ་བ།

2011-12-13 ཚོགས་འདུའི་ལས་འཛིན་མི་སྣ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།