སྙན་ངག་པའི་དུས་སྟོན་དང་སྙན་ངག་མྱོང་རོལ་སྐོར་གྱི་བརྡ་བསྒྲགས།

༄༅།།སྙན་ངག་སྨྲ་བའི་ཁྱུ་མཆོག་གང་དེའི་དྲུང་དུ།
  སྐུ་བདེ་ཐུགས་སྐྱིད་མཛད་པ་འཕྲིན་ལས་ཡར་ཟླའི་རྗེས་སུ་སྙེགས་ཀྱིན་ཡོད་ཤག་གི་འཚམས་འདྲི་གཞིར་བཅས་ཞུ་དོན།
  ང་ཚོས་གཉེར་གྱིན་པའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་ཞེས་པ་ནི་བོད་ཀྱི་གཏན་ཆགས་ཡིན་པའི་སྙན་ངག༼རྩོམ་རིག༽དུས་སྟོན་གཅིག་རྐྱང་དེ་ཡིན་ལ། སྤྱི་ལོ༢༠༠༣ལོ་ནས་འགོ་བཙུགས་ཤིང་ལོ་གཉིས་རེར་ཐེངས་རེ་གཉེར་གྱིན་ཡོད་པ་དང།
  ད་ནི་ཚོགས་ཐེངས་ལྔ་པ་དེ་བསྡུ་སྐོང་གི་དུས་ལ་འཁེལ་ཡོད་པར། ཞུ་ཡིག་འདི་ནི་སྐུ་ཉིད་འདུ་ཚོགས་ལ་གདན་འདྲེན་ཞུས་ཚུལ་དུ་ཕུལ་བ་ཡིན་ལ་སྐུ་ཉིད་གཟབ་ཞུགས་གནང་ཐུབ་པའི་རེ་བ་སྙིང་བཅངས་ཞུས་ཡོད།༼འདས་སོང་ཚོགས་ཐེངས་རེར་དུས་སྟོན་འདིའི་དམིགས་ཡུལ་ཁ་གསལ་གསར་འགྱུར་བརྒྱུད་ལམ་གང་འཚམས་སུ་ཁྱབ་བསྒྲགས་བྱས་མྱོང་བས་ན། ད་རེས་འདིར་བསྐྱར་བཤད་མ་བྱས་པར་དགོངས་འགལ་མེད་པ་ཞུ་། ཞིབ་ཕྲ་མཆོད་མེ་རྩོམ་རིག་དྲ་བ་སོགས་སུ་གཟིགས་རོགས༽།
   ད་ལྟའི་བར་། དུས་སྟོན་འདི་ཉིད་ནི་སྙན་ངག་གྱེར་འདོན་དང་བགྲོ་གླེང་གཙོར་བཟུང་ཐོག་གཞས་ཞབས་བྲོ་ཟློས་གར་འཁྲབ་སྟོན་དང་རི་མོ་འགྲེམས་སྟོན་། གནས་སྟོད་སོགས་སྒྱུ་རྩལ་རྣམ་པ་འདྲ་མིན་དང་ཟུང་འབྲེལ་བྱས་ནས་བསྡུས་པ་ཞིག་ཡིན་ལ། སྙན་ངག་པ་གཅིག་པུ་ཙམ་མ་ཡིན་པར་ལས་རིགས་གཞན་པའི་སྒྱུ་རྩལ་པ་དང་རྩོམ་སྒྲིག་པ། ཞིབ་འཇུག་པ་མང་པོ་ཞིག་ཀྱང་སྔ་གཞུག་ཏུ་འདུ་ཚོགས་འདི་ལ་ཕེབས་ཞུགས་གནང་མྱོང་ཡོད།
   ཚོགས་ཐེངས་རེ་རེར་ང་ཚོས་ཚོགས་སྟངས་ཆ་ནས་བསྐྱར་ཟློས་དང་ཡང་ཟློས་མི་ཡོང་པར་མནོ་བསམ་གང་ལྕོགས་གཏོང་ཁུལ་ཞུས་དང་ཞུ་བཞིན་ཡོད་པར་། ད་རེས་ཀྱང་སྔ་མ་དག་དང་ཤིན་ཏུ་མ་འདྲ་བའི་རྣམ་པ་ཞིག་གི་ཐོག་ནས་སྐོང་ཚོགས་ཞུ་རྩིས་ཡོད་པ་གཤམ་གསལ།
   དང་པོ།  དུས་ཚོད།
  སྤྱི་ལོ༢༠༡༡ལོའི་ཟླ༡༢ཚེས༡༣ཉིན་གྱི་ཆུ་ཚོད་༡༤དང་སྐར་མ༡༥ནས་ཆུ་ཚོད་༡༦དང་སྐར་མ་༡༧་བར་གཏན་འཁེལ་ཞུས་ཡོད།༼དུས་ཚོད་ནི་སྤྱི་ཚེས་ལྟར་བརྩིས་ཡོད་ལ། ༡༡ནས་༡༧བར་གྲངས་ཀ་སྤར་ན་ལོ་ཟླ་ཉི་མ་དུས་ཚོད་སོགས་རང་བཞིན་གྱིས་ལུགས་སུ་འབྱུང་བ་འདིས་ནི་རང་རེའི་སྙན་ངག་གི་ལས་དོན་དག་གཅིག་ཐོག་གཉིས་རྩེག་གིས་འཕེལ་ཐུབ་པའི་རྟེན་འབྲེལ་ཙམ་མཚོན་པ་ལས། ཉིན་འདི་དུས་འདི་ལ་དམིགས་བསལ་གྱི་བསྟན་དོན་གཞན་གང་ཡང་མེད ། ༽
  གཉིས་པ། འདུ་ཚོགས།
 སྤྱིར་གོམས་གཤིས་ཡིན་ན་འདྲ་། ཡིག་རིས་ཀྱི་དོན་ཡིན་ན་འདྲ། འདུ་ཚོགས་ཟེར་ཙ་ན། མི་མང་པོ་སྟེ་མ་མཐའ་ཡང་ཚོགས་ཞུགས་མི་སྣ་ལྷན་རྒྱས་ཕན་ཚུན་མི་ངོ་ལྷ་ངོ་འཕྲོད་པ་ལྟ་བུའི་ངང་ཡུལ་ག་ཤེད་དུ་ངེས་པར་མཉམ་འཛོམས་འབྱུང་དགོས་པ་ཞིག་ལ་གོ་ཡོང་མོད། ལག་རྩལ་རིགས་ལ་འབྲལ་དུ་མི་ནུས་པའི་དེང་དུས་ཀྱི་འཛམ་གླིང་འདི་ལ་མཚོན་ན་ཐ་སྙད་དེའི་ཁྱབ་རྒྱ་ཚད་མེད་དུ་བརྐྱངས་ཆོག་པ་འདྲ་ཞིག་འདུག་པར་བརྟེན་། ད་རེས་ཀྱི་འདུ་ཚོགས་ནི་སྔོན་མ་ནང་བཞིན་ས་ཕྱོགས་འདྲ་མིན་ནས་ཕེབས་པའི་མི་སྣ་ཁ་ཚང་ངེས་པར་དུ་གདན་ཐོག་གཅིག་ཏུ་འཛོམས་དགོས་པའི་ཁ་ཐུག་ངོ་ཐུག་གི་ལས་ཁོ་ན་མ་ཡིན་པར། ང་ཚོ་དྲ་བ་དང་ཁ་པར་འཕྲིན་ཐུང་། གསར་ཤོག་དུས་དེབ་སོགས་གང་ལ་གང་བདེའི་ཐོག་ནས་སྐད་ངག་དང་ཡི་གེ་པར་རིས་གཟུགས་བརྙན་སོགས་ལག་རྩལ་ཐབས་ལམ་འདྲ་མིན་ལ་བརྟེན་ནས་ཕན་ཚུན་མཇལ་འཛོམས་བྱས་ཆོག་པ་ཞིག་ཡིན་ན་བསམ་བྱུང་སྟེ། སྙན་ངག་པ་རང་ཉིད་གཅིག་པུའམ་གྲོགས་པོ་ཚོ་དང་ལས་རོགས་ནང་མི་སོགས་སྐབས་ཐོག་དེར་མཉམ་རུབ་སྟབས་བདེ་བའི་ཟ་ཁང་མགྲོན་ཁང་ཆང་ཁང་ཇ་ཁང་དྲ་ཐོག་སོགས་གནས་གང་རུང་དུ་འཛོམས་པའམ་ཡང་ན་རང་ཤག་དང་ལས་ཁུངས། རང་བྱུང་ཁམས་ཀྱི་ནགས་ཚལ་རྩྭ་ཐང་རི་རྩེ་ཆུ་འགྲམ་གང་རུང་ངམ་འགྲིམ་འགྲུལ་འཁོར་རིགས་སྣ་ཚོགས་སུ་ཕེབས་བཞུགས་སྐབས་སུ། སྙན་ངག་པ་རང་གིས་ཉེ་བའི་ཆར་བྲིས་པའི་སྙན་ངག་གཅིག་གམ་ཁ་ཤས་གྱེར་འདོན་གནང་ན་དེ་ཡང་སྙན་ངག་གི་རོ་བཅུད་ལྡན་པའི་མཉམ་འཛོམས་འབྱུང་སྟངས་གཞན་སུ་དང་གང་ལ་ཡང་མ་འདྲ་བ་ཞིག་འབྱུང་སྲིད་ཀྱི་རེད་བསམ་ཡོད། གལ་སྲིད་གྱེར་འདོན་གྱི་མཐུན་རྐྱེན་མི་འཛོམས་ན་དུས་ཚོད་དེའི་རིང་ལ་གློག་ཡིག་དང་ཁ་པར་འཕྲིན་ཐུང་ངམ་སྦྲགས་ཁང་སོགས་བརྒྱུད་ནས་སྨྱུག་གྲོགས་དང་ནང་མི་དགའ་པོ་ཉེ་པོ་སོགས་ལ་སྙན་ངག་ཞིག་བཏང་གནང་ན་ཡང་འདུ་ཚོགས་ལ་ཞུགས་པའི་ཐབས་ཤེས་ཞིག་ཡིན་བསམ་ཡོད།
  གསུམ་པ།  བསྟན་དོན།
  དེང་གི་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཇི་ལྟར་སྙན་ངག་དང་སྙན་ངག་པས་རང་གཤིས་དང་སྒེར་ཚུགས་བཟུང་ན་དེ་ལྟར་སྙན་ངག་དང་སྙན་ངག་པ་ནི་བས་མཐའ་ནས་ཀྱང་བས་མཐའ་ཅན་དུ་སླེབས་ཡོད་པ་དེ་ཐབས་ལམ་འདིས་ཤུགས་ཀྱིས་སྟོན་ཐུབ་པ་ཞིག་ཡིན་ལ། དེ་མིན་ག་ས་ག་རུ་ཚོགས་འདུས་ཁེངས་ཤིང་ཅོལ་ཆུང་གི་སྟོང་གཏམ་གྱིས་ཁེབས་པའི་རང་རེའི་ཁོར་ཡུག་འདི་ལ་ཟུར་ཟ་བྱེད་པའི་ཞར་ལ། ་རྒྱུ་དངོས་ཀྱི་གཏོང་སྒོ་དང་ལས་ཚེགས་ཀྱང་ཚད་དམའ་ཤོས་ལ་གནས་ཐུབ་པ་སོགས་དགེ་མཚན་དུ་མས་ཕྱུག་པ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད།
  བཞི་བ། ཐེངས་འདིའི་བརྗོད་གཞི་།
  ཚོགས་ཐེངས་རེ་རེར་དམིགས་བསལ་གྱི་བརྗོད་གཞི་ཞིག་འབུར་དུ་འདོན་པའི་ཆེད་དུ་ང་ཚོས་ཚོགས་ཕེབས་མི་སྣ་གདན་འདྲེན་ཞུ་སྟངས་དང་ཚོགས་འདུ་ཚོགས་ཡུལ། ཚོགས་རིམ་སོགས་གཏན་འབེབས་ཞུ་བཞིན་ཡོད་ལ། ད་རེས་ནི་སྔར་རང་རེར་མ་དར་པའི་བྱེད་སྟངས་དམིགས་བསལ་ཞིག་ལ་བརྟེན་ཡོད་པས་གཤམ་གསལ་གྱི་གྲོས་འགོ་ཙམ་བཏོན་པ་ཡིན་།
  ང་ཚོ་འགྲོ་བ་མིའི་རྩོལ་བ་འདྲ་མིན་གྱི་ཉེར་ལེན་ལས་རང་ཉིད་འཚོ་སྡོད་ཀྱི་འཇིག་རྟེན་འདིའི་འབྱུང་བའི་བཏང་སྙོམས་ལ་ཕོག་ཐུག་བརྡབ་གསིག་ཤུགས་ཆེན་ཐེབས་ཏེ། ད་ནི་ང་ཚོ་མི་རེ་རེའི་ངོས་ནས་ལས་ཁུར་རེ་འདེགས་དགོས་པའི་ཧ་ཅང་ཁ་ཚ་དགོས་གཏུག་གི་དུས་ཤིག་ལ་སླེབས་པ་ན། ང་ཚོ་སྨྱུག་ཐོགས་པ་དག་ཀྱང་གཡོལ་ས་མེད་པར་སོ་སོའི་ངག་དང་སྨྱུག་རྩེ་ལ་འགན་འཁྲི་ཞིག་ངང་གིས་བབས་ཡོད་ཙང་། ང་ཚོས་ས། ཆུ། མེ། རླུང་། ནམ་མཁའ་བཅས་ལྔ་པོ་འདི་ད་རེས་ཀྱི་བརྗོད་གཞི་གཙོ་བོ་ཡིན་ན་བསམ་པ་དང་། དེ་དག་ལས་ཀྱང་མེ་འདི་སྙིང་པོའི་ནང་གི་སྙིང་པོ་འདྲ་ཞིག་ཏུ་བཟུང་ན་བསམ་ཡོད་ལ། དེ་ཅིའི་ཕྱིར་ཅེ་ན། དེང་གི་ཆར་རྡུལ་རིགས་མཚོན་ཆའི་ཉེན་ཁ་ཉིན་བཞིན་ཆེ་རུ་འགྲོ་བ་དང་མཚོ་སྐྱོམ་ས་ཡོམ་སོགས་རང་བྱུང་གནོད་འཚེའི་འབྱུང་རྩ་ཡང་ས་འོག་གི་མེའི་ཉེར་ལེན་ལ་ཐུག་ཅིང་། མེ་ཡི་རང་བཞིན་གྱི་ཉི་མའི་དཀྱིལ་འཁོར་ལ་འབྱུང་བཞིན་པའི་འགྱུར་བ་སྣ་ཚོགས་ནི་མ་འོངས་པའི་སྣོད་བཅུད་ཆག་འཇིག་གི་འབྱུང་རྩ་ཆགས་སྲིད་པའི་ཚན་རིག་གླེང་སློང་ཡང་མང་དུ་འགྲོ་བ་ལ་སོགས་ལ་རྒྱུ་མཚན་བཅོལ་པ་ཡིན། དེ་ལྟར་ཡིན་མོད་ཀྱང་། མཐར་ཐུག་གང་ཟག་བྱེ་བྲག་པ་སོ་སོས་རང་གི་ཐུགས་མོས་ཇི་བཞིན་ཧ་ཅང་རང་དབང་གིས་བརྗོད་བྱ་གདམ་གནང་པས་འཐུས་ཚུལ་ཡང་ཞར་ལ་ཞུས་པ་ཡིན།
  ལྔ་པ། མཇུག་སྡོམ།
  སྙན་ངག་པ་རང་ངོས་ནས་གྱེར་འདོན་དང་ཡིག་སྐུར་སོགས་ཀྱི་ལས་དེ་འགྲུབ་རྗེས་ངེས་པར་དུ་གནས་ཚུལ་མདོར་བསྡུས་དང་གང་དེས་བཀླགས་པའི་སྙན་ངག་བཅས་གློག་ཡིག་དང་འཕྲིན་ཡིག་བརྒྱུད་ནས་སོ་སོའི་གློག་ཡིག་ཞལ་བྱང་དང་བཅས་ljangbu@yahoo.com.cnདང་sangdhor@163.com ཡང་ནtibetcm@126.com ལ་བསྐུར་གནང་ན་གཞི་ནས་དུས་སྟོན་གྱི་ལས་ཆ་ཚང་ལ་ཞུགས་གྲུབ་ཟིན་པ་ཡིན་ལ། དེ་ནས་ང་ཚོས་གནས་ཚུལ་དེ་རིགས་གོང་སྨྲས་དྲ་རྒྱ་དང་གཞན་དག་ཚགས་ཤོག་དུས་དེབ་གང་ལ་གང་འཚམས་སུ་དགོད་ངེས་ཡིན།།
 མཆན་།
༡ མགྲོན་བརྡ་འདི་དྲ་ཚུགས་སོགས་བརྒྱུད་ལམ་གཞན་པས་འདྲེན་འགོད་གནང་པ་དང་རྩོམ་གྲོགས་གཞན་པར་སྐུར་གནང་ཐུབ་མཁན་དག་ལ་སྙིང་ཁོང་རུས་པའི་གཏོང་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན།
༢ མགྲོན་བརྡ་འདི་གཟིགས་གསན་བྱུང་བའི་སེར་སྐྱ་ཕོ་མོ་ཐམས་ཅད་ང་ཚོས་གདན་འདྲེན་ཞུས་པའི་སྐུ་མགྲོན་ཡིན་པར་ངོས་ལེན་ཞུ་གི་ཡོད།
༣ དུས་སྟོན་འདི་ལ་རི་མོ་རོལ་མོ་གློག་བརྙན་གཞས་ཞབས་བྲོ་སོགས་སྒྱུ་རྩལ་ཐབས་ལམ་གང་རུང་གིས་གཞོགས་འདེགས་གནང་རྒྱུར་ཡང་རེ་བ་བཅོས་མིན་དུ་བཅངས་ཡོད།
   སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་ཡི་གྲ་སྒྲིག་ཚོགས་པས་སྤྱི་ལོ༢༠༡༡ལོའི་ཟླ༡༡ཚེས༢༡ཉིན་།

རྩོམ་ཁུངས། ངེད་དྲ་བ་སོགས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།