༼མི་རབས་གསར་བ༽ཞེས་པའི་དུས་དེབ་ཀྱི་རྩོམ་བརྡ།
དུས་རབས་ཀྱི་འཕར་རྩ་ནས་རྩོམ་རིག་གི་སྟོབས་ཤུགས་དྲག་པོར་ལྡིང་བའི་དུས་འདིར། བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལ་ཡང་ཚ་རླབས་ཆེན་པོ་འཕྱུར་གྱིན་འདུག་ལ། དུས་དེབ་ཀྱི་ཁ་གྲངས་ཀྱིས་རྩོམ་པ་བོའི་ཁ་གྲངས་ཟིན་ཚོད་འདུག་མོད། རང་གི་མཐོང་རྒྱ་ཆུང་དྲག་པས་མིན་ན། དུས་དེབ་དེ་དག་ནི་མྱི་ཆེན་གྱིས་ལབ་ཆེན་རྒྱག་ས་མིན་ན། ཧམ་ཆེན་གྱིས་ཁེ་ཕན་འཚོལ་ས་དང་རང་གིས་ཅི་བྲིས་མི་ཤེས་པའི་སྙག་ངག་པ་དག་གིས་ཆིག་ལབ་བྱེད་ས་ཤ་སྟག་ཡིན་འདུག་པ་ལས། བོད་ཀྱི་སློབ་འབྲིང་སློབ་མའི་སེམས་ཁམས་དང་བདེ་སྡུག་བརྗོད་སའི་དུས་དེབ་ཅིག་ད་ལྟའི་བར་དུ་མེད་པར་སྣང་།དོན་འདིས་བོད་ཀྱི་སྨྱུག་ཐོགས་པ་དང་རྩོམ་སྒྲིག་པ་དག་གིས་བོད་ཀྱི་མ་འོངས་བའི་རེ་བ་ལ་མཐོང་ཆུང་དང་སྣང་མེད་བྱས་འདུག་པ་གསལ་བོར་མཚོན་ནུས། རྒྱུ་མཚན་དེའི་དབང་གིས། ང་དང་གྲོགས་པོ་ཁ་ཤས་ཀྱིས་རང་ནུས་ཅི་ལྕོཊ་ཀྱིས་ཁ་བྱང་ལ་མྱི་རབས་གསར་བ་ཞེས་པའི་སློབ་འབྲིང་སློབ་མར་འཚམ་པའི་དུས་དེབ་ཅིག་གཉེར་རྒྱུ་ཡིན། ཁ་ཕྱོགས་ས་ནི་བོད་ཆོལ་ཁ་གསུམ་གྱི་སློབ་འབྲིང་སློབ་མ་ཡིན།འདི་ནི་ང་ཚོས་ཁེ་ཕན་ཞིག་ཆེད་དུ་ཤ་འཐབ་རོ་འཐབ་བྱེད་པ་མིན་པར། བོད་ཀྱི་མ་འོངས་པའི་སླད་དུ་ནམ་མཁའ་འཚོལ་བ་ཡིན།
བརྗོད་འདོད་ཀྱི་སྐད་ཆའི་རི་རབ་བརྩེགས་ཤིང་། གསར་གཏོད་དང་བསམ་གཞིག་གི་ནམ་མཁའ་ཡངས་པའི་སློབ་འབྲིང་གི་སྨྱུག་ཐོགས་པ་ལྷན་རྒྱས། ཉེ་བར་ང་དང་གྲོགས་པོ་ཁ་ཤས་ཀྱིས་ཆེད་དུ་སློབ་འབྲིང་སློབ་མའི་སེམས་ཁམས་འབྲི་ས་དང་སྙིང་གཏམ་བརྗོད་ས། ངུ་འབོད་བྱེད་ས། ངར་སྐད་བསྒྲོག་སའི་དུས་དེབ་ཅིག་གཉེར་འཆར་ཡིན་ལ། ཁྱོད་ཚོས་རང་ཉིད་ལ་དབང་བའི་ནམ་མཁའ་འདི་ནས་ཅི་ཡང་བཤད་ཀྱང་ཆོག གལ་སྲིད། ཁྱེད་རང་ལ་བདེན་ལུགས་ཀྱི་རྒྱབ་རྟེན་ཡོད་ན། ཁྱོད་ཀྱིས་མྱི་ཆེན་དཔོན་ཆེན་གྱི་ལྟོ་བ་ཆེ་ཚུལ་གླེང་ཆོག་ལ། གནམ་བསྐོས་གོང་མ་རུ་གྱུར་བའི་དགེ་རྒན་རྣམས་པ་གཅེར་བུར་ཕུད་ཆོག ཁྱེད་ཀྱིས་རང་གི་དངོས་བྲིས་དང་ཕོ་མོའི་བརྩེ་དུང་གི་གཏམ་རྒྱུད་ལྷུག་པོར་བརྗོད་ཆོག་ལ། ཡུན་རིང་ལ་སེམས་སུ་ཉར་བའི་སེམས་ནད་དེ་དག་སྐད་གསེང་མཐོན་པོས་བསྒྲོག་ཆོག དེ་བས། ཁྱེད་ཚོས་གཤམ་གྱི་ཆ་རྐྱེན་ལྟར་ངེད་ལ་རྩོམ་ཡིག་བསྐུར་ཡོང་བར་མཁྱེན།
ཆ་རྐྱེན།
༡ རྩོམ་ཡིག་གི་བསྟན་བྱ་སོགས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་མི་ཆོག
༢ རྩོམ་ལུས་རང་མོས། (རང་མོས་སྙན་ངག་དང་ཚིགས་བཅད་སྙན་ངག་མང་བོ་འགོད་རྒྱུ་མིན། )
༣ནང་དོན་གྱི་ཆ་ནས།
དངོས་བྲིས་དང་བཅར་འདྲི། སློབ་རའི་ཁྲོད་དུ་བྱུང་བའི་གནས་ཚུལ་སྣ་ཚོགས་གསར་འགྱུར་གྱིས་
ཚུལ་དུ་འབྲི་བ། ངོ་སྤྲོད། སློབ་མ་དང་དགེ་རྒན་བར་གྱི་འགལ་བ། སློབ་མ་ཕོ་མོའི་བར་གྱི་བརྩེ་དུང་།
བསྒྱུར་རྩོམ་སོགས་རིགས་ཅུང་མང་བོ་འགོད་རྒྱུ།
༤ངེས་པར་ཡིག་ཟམ་བརྒྱུད་ནས་བསྐུར་དགོས།
༥མ་བསྐུར་སྔོན་དུ་ཡིག་ནོར་ལ་ཞུ་དག་གསལ་བོར་བྱེད་དགོས།
༦འགོད་མ་ཐུབ་པའི་མ་རྩོམ་ཕྱིར་བསྐུར་རྒྱུ་མིན།
གོང་གི་ཆ་རྐྱེན་དང་འཚམ་པའི་སྨྱུག་ཐོགས་པ་དག་གིས་རྩོམ་ཡིག་མྱུར་བར་སྐུར་ཡོང་བར་མཁྱེན།
འདི་རུ་གསལ་བཤད་བྱ་རྒྱུ་ཞིག་ལ། ཐེངས་འདིའི་རྩོམ་སྒྲིག་པ་ཚང་མ་སློབ་འབྲིང་སློབ་མ་ཡིན་པ་དང་དམིགས་ས་ཆོལ་ཁ་གསུམ་གྱི་སློབ་མ་ཡིན་པས། རྩོམ་ཡིག་བསྡུ་དུས་དང་དུས་དེབ་བཀྲམ་དུས་དཀའ་ཁག་རེ་གཉིས་འདུག་པས།འདིའི་
ཕྱོགས་ལ་དགའ་བ་ཡོད་སའི་སློབ་གྲོགས་དག་གིས་ང་ཚོར་འབྲེལ་གཏུགས་བྱ་རོགས།
ཡིག་ཟམ། zqwkxinyidai@163.com
ཡིག་ཟམ། yarewa@163.com
འབྲེལ་གཏུགས་བྱ་ཡུལ།
ཡ་རུའི་བློ་བྷོ། (འབུར་མ།)ཁ་པར། 13099307799 གླེང་མོལ། 578660587
གངས་མུ་ཏིག ཁ་པར། 15293650498 གླེང་མོལ། 1679556996
རྩོམ་ཁུངས། ངེད་དྲ་བ།