སྐབས65པའི་ཁཱ་ན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མཇུག་བསྡུས་ཤིང《བརྩེ་དུང》ལ་གསེར་གྱི་ཏ་ལ་ཞེས་པའི་བྱ་དགའ་

  ཧྥ་རན་སིའི་ཆུ་ཚོད་ལྟར་ན། ཕྱི་ཟླ5པའི་ཚེས་27ཉིན་གྱི་དགོང་དྲོར། ཁཱ་ན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་65པ་ཡོངས་སུ་མཇུག་བསྡུས་ཤིང་ཀུན་གྱི་མིག་དབང་གཏད་སའི་གློག་བརྙན་ཤིན་ཏུ་མཚར་བ་དག་གི་མཚན་བྱང་ཡང་འཛམ་བུ་གླིང་ལ་བསྒྲགས།  ད་ལོའི་དཔྱད་འདེམས་ཀྱི་འབྲས་བུར་གཞིགས་ན། འཁྲབ་ཁྲིད་པMichael Hanekeལགས་ཀྱི་བརྩམས་ཆོས<བརྩེ་དུང>བྱ་བར་གསེར་གྱི་ཏ་ལའི་རྟགས་མ་བསྩལ་ཡོད་ལ། འཁྲབ་ཁྲིད་པ་ཁོང་ལ་ལོ་ངོ་གསུམ་གྱི་ཡར་སྔོན་དུའང་བྱ་དགའ་རྟགས་མ་འདི་ག་ཐོབ་མྱོང་ཡོད་སྐད། འཁྲབ་ཁྲིད་པMatteo Garroneལགས་ཀྱི་བརྩམས་ཆོས<མི་དངོས་མ>ཞེས་པར་དཔྱད་བརྗོད་པའི་བྱ་དགའ་ཐོབ་པ་དང་། ལོ་མ་ནི་ཡ་ནས་ཡིན་པའི་འཁྲབ་ཁྲིད་པCristian Mungiuཡི་བརྩམས་ཆོས་<ཉག་ཁའི་ཕ་གིར>བྱ་བར་འཁྲབ་གཞུང་རྩེ་གྲ་དང་འཁྲབ་སྟོན་མ་རྩེ་གྲ་གཉིས་ཀའི་མཚན་སྙན་གནང་། འཁྲབ་ཁྲིད་པThomas Vinterbergལགས་ཀྱི་གློག་བརྙན<རྔོན་པ>ཞེས་པའི་ནང་གི་འཁྲབ་རྩལ་ལ་མཆོག་ཏུ་བྱང་བ་Mads Mikkelsenལགས་ལ་འཁྲབ་སྟོན་པ་རྩེ་གྲའི་རྟགས་མ་བསྩལ། ལར་སྐབས་འདིའི་གློག་བརྙན་དུས་སྟོན་ལ་གློག་བརྙན་གང་མང་ཞིག་གི་མཚན་གྱིས་བཟུང་ཏེ་བྱ་དགའ་གནང་མོད། ཞིབ་ཏུ་འོག་ལ་གཟིགས་རོགས་ཞུ།

གསེར་གྱི་ཏ་ལའི་རྟགས་མ་ཐོབ་མཁན།
«བརྩེ་དུང» Amour འཁྲབ་ཁྲིད་པ། Michael Haneke   (འཇར་མན/ཧྥ་རན་སི)

དཔྱད་འདེམས་པའི་བྱ་དགའ།
«མི་དངོས་མ»Reality  འཁྲབ་ཁྲིད་པ།  Matteo Garrone(ཨི་ཐ་ལི)
འཁྲབ་སྟོན་པ་རྩེ་གྲ
«རྔོན་པ» འཁྲབ་མཁན།  Mads Mikkelsen(ཏེན་མག)

འཁྲབ་སྟོན་མ་རྩེ་གྲ
«རི་བོའི་ཕ་རོལ»འཁྲབ་མཁན། Cristina FluturདངCosmina Stratan(རོ་མ་ཉི་ཡ)

འཁྲབ་ཁྲིད་པ་རྩེ་གྲ
Carlos Reygadas  ཁོང་གི་བརྩམས་ཆོས«སྨག་རུམ་རྗེས་ཀྱི་འོད་སྣང»Post Tenebras Lux(མེག་ཟེ་ཁོ/ཧྥ་རན་སི/ཧོ་ལན་ཌི)

འཁྲབ་གཞུང་མཁན་རྩེ་གྲ
Cristian Mungiu «རི་བོའི་ཕ་རོལ»(རོ་མ་ཉི་ཡ)

དཔྱད་འདེམས་པའི་བྱ་དགའ།
«ཕོ་ཉའི་མ་རྐང» The Angels' Share(ཨིན་ཇི/ཧྥ་རན་སི)

དོ་སྣང་ཞིག་ཅེས་པའི་བྱ་དགའ།
«ལོའུ་སི་ཡའི་རྗེས་སུ»Despues de Lucia(ཧྥ་རན་སི)
འཁྲབ་སྟོན་མ་རྩེ་གྲ 
«ལའོ་རོན་སི་ངོ་གཉིས་མ» འི་འཁྲབ་མཁན།    Suzanne Clément
«རྒྱུ་མཚན་མེད་པར་ཁྱེད་ལ་དུངས»ཀྱི་འཁྲབ་མཁན། Émilie Dequenne

དཔྱད་འདེམས་པའི་བྱ་དགའ། 
 «བརྗེད་མི་ཐུབ་པའི་མཚན་མོ»Le grand soir

དམིགས་བསལ་གཟེངས་རྟགས། 
«སཱ་ལ་རེ་ཨོའི་བུ» Djeca
བརྙན་ཐུང་གི་གསེར་གྱི་ཏ་ལའི་ལོ་འདབ་ཀྱི་རྟགས་མ།
«ཞི་འཇགས»Sessiz-be deng(ཧྥ་རན་སི)

བརྙན་ལེན་རྩེ་གྲ
«ལྷོ་ཡི་གཅན་གཟན» Beasts of the Southern Wild(ཨ་རི)

བློ་མཐུན་པའི་གསེར་གྱི་ཏ་ལའི་རྟགས་མ།
«ལའོ་རོན་སི་ངོ་གཉིས་མ» Laurence Anyways(ཧྥ་རན་སི)

རྩོམ་ཁུངས། བོད་བརྙན་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐབས65པའི་ཁཱ་ན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མཇུག་བསྡུས་ཤིང《བརྩེ་དུང》ལ་གསེར་གྱི་ཏ་ལ་ཞེས་པའི་བྱ་དགའ་

2012-05-30 གཡུ་ཆུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།