མཁས་པའི་དབང་བོ་དོར་ཞི་མཆོག་གིས་མཚོ་སྔོན་ནས་རིག་གཞུང་གི་འཆད་ཁྲིད་གནང་བ།

 
  ཟླ5བའི་ཚེས20ཉིན། བོད་རིག་པའི་ཆེད་མཁས་པའམ་ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་དགེ་རྒན་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གིས་མཚོ་སྔོན་མི་རིགས་སློབ་ཆེན་དུ༼བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་དང་དར་སྤེལ༽ཞེས་པའི་རིག་གཞུང་འཆད་ཁྲིད་གནང་ཞིང་། སློབ་གྲྭའི་དགེ་སློབ600ལྷག་འཆད་ཁྲིད་སྟེང་ཞུགས་པ་རེད། 
དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས་ལོ་རྒྱུས་དངོས་གཙོ་སྨྲ་བ་དང་ཆོས་ལུགས་མིའི་རིགས་རིག་པའི་དཔྱད་ཐབས་ཀྱི་ལམ་ནས་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་བྱུང་རིམ་གསེད་བཀྲོལ་དང་།  བོད་ཀྱི་སྲོལ་རྒྱུན་རིག་གནས་བྱུང་འཕེལ་གྱི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་ལ་དབྱེ་ཞིབ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྩ་བའི་རིན་ཐང་དང་། རིག་གནས་ཉིང་བཅུད། སྤྱི་ཚོགས་བསམ་བློ་སོགས་ལ་འགྲེལ་རྒྱབ་པ་རེད། བོད་ཀྱི་སྲོལ་རྒྱུན་རིག་གནས་ཇི་ལྟར་འཛིན་སྤེལ་བྱེད་དགོས་པའི་ཐད་དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་དུས་རིམ་སོ་སོ་ལས་དེའི་ཐུན་མིན་གྱི་རིག་གནས་ཕན་ནུས་དང་སྤྱི་ཚོགས་རིན་ཐང་སོགས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཤིང་། ང་ཚོས་མུ་མཐུད་དུ་དུས་བསྟུན་ལྷན་བསྐྱོད་སྒོས་བསྡུ་ལེན་རྒྱུན་སྤེལ་དང་གསར་གཏོད་འབད་འབུངས་བྱས་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་ད་གཟོད་སྔར་ལས་འོད་སྟོང་འབར་ཞིང་རིག་གནས་ཀྱི་འབྱུང་རྩ་དལ་འགྲོ་ཆུ་བོའི་རྒྱུན་བཞིན་ཡུན་ནས་ཡུན་དུ་སྤེལ་བའི་བློ་ཐག་བརྟན་པོར་བཏང་བ་རེད།
  དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས་ནང་དོན་རིག་པ་དང་། མཚན་ཉིད་རིག་པ། གསོ་བ་རིག་པ། རྩོམ་རིག སྒྱུ་རྩལ། དམངས་སྲོལ་སོགས་རིག་ཚན་མང་བོར་འབྲེལ་ནས་འབྱམས་ཀླས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐད་ཀྱི་འཆད་ཁྲིད་རྒྱ་ཆེན་པོ་ཞིག་གནང་བས་སློབ་གྲྭ་དེ་གའི་དགེ་སློབ་རྣམས་ལ་ངེས་པ་དོན་གྱི་ཕན་ནུས་ཆེན་པོ་ཐོབ་པ་རེད།

རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁས་པའི་དབང་བོ་དོར་ཞི་མཆོག་གིས་མཚོ་སྔོན་ནས་རིག་གཞུང་གི་འཆད་ཁྲིད་གནང་བ།

2012-05-26 བདེ་ཆེན་མཚོ། ཀློག་གྲངས། མཆན ཡོད།

 
  ཟླ5བའི་ཚེས20ཉིན། བོད་རིག་པའི་ཆེད་མཁས་པའམ་ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་དགེ་རྒན་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གིས་མཚོ་སྔོན་མི་རིགས་སློབ་ཆེན་དུ༼བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་དང་དར་སྤེལ༽ཞེས་པའི་རིག་གཞུང་འཆད་ཁྲིད་གནང་ཞིང་། སློབ་གྲྭའི་དགེ་སློབ600ལྷག་འཆད་ཁྲིད་སྟེང་ཞུགས་པ་རེད། 
དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས་ལོ་རྒྱུས་དངོས་གཙོ་སྨྲ་བ་དང་ཆོས་ལུགས་མིའི་རིགས་རིག་པའི་དཔྱད་ཐབས་ཀྱི་ལམ་ནས་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་བྱུང་རིམ་གསེད་བཀྲོལ་དང་།  བོད་ཀྱི་སྲོལ་རྒྱུན་རིག་གནས་བྱུང་འཕེལ་གྱི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་ལ་དབྱེ་ཞིབ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྩ་བའི་རིན་ཐང་དང་། རིག་གནས་ཉིང་བཅུད། སྤྱི་ཚོགས་བསམ་བློ་སོགས་ལ་འགྲེལ་རྒྱབ་པ་རེད། བོད་ཀྱི་སྲོལ་རྒྱུན་རིག་གནས་ཇི་ལྟར་འཛིན་སྤེལ་བྱེད་དགོས་པའི་ཐད་དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་དུས་རིམ་སོ་སོ་ལས་དེའི་ཐུན་མིན་གྱི་རིག་གནས་ཕན་ནུས་དང་སྤྱི་ཚོགས་རིན་ཐང་སོགས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཤིང་། ང་ཚོས་མུ་མཐུད་དུ་དུས་བསྟུན་ལྷན་བསྐྱོད་སྒོས་བསྡུ་ལེན་རྒྱུན་སྤེལ་དང་གསར་གཏོད་འབད་འབུངས་བྱས་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་ད་གཟོད་སྔར་ལས་འོད་སྟོང་འབར་ཞིང་རིག་གནས་ཀྱི་འབྱུང་རྩ་དལ་འགྲོ་ཆུ་བོའི་རྒྱུན་བཞིན་ཡུན་ནས་ཡུན་དུ་སྤེལ་བའི་བློ་ཐག་བརྟན་པོར་བཏང་བ་རེད།
  དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས་ནང་དོན་རིག་པ་དང་། མཚན་ཉིད་རིག་པ། གསོ་བ་རིག་པ། རྩོམ་རིག སྒྱུ་རྩལ། དམངས་སྲོལ་སོགས་རིག་ཚན་མང་བོར་འབྲེལ་ནས་འབྱམས་ཀླས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐད་ཀྱི་འཆད་ཁྲིད་རྒྱ་ཆེན་པོ་ཞིག་གནང་བས་སློབ་གྲྭ་དེ་གའི་དགེ་སློབ་རྣམས་ལ་ངེས་པ་དོན་གྱི་ཕན་ནུས་ཆེན་པོ་ཐོབ་པ་རེད།

རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།