༼རྨ་ཆུའི་གདངས༽ཞེས་པའི་དེབ་ཀྱི་རྩོམ་བརྡ།
ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་མི་འགྱངས་པར་<<རྨ་ཆུའི་རིག་གནས་དཔེ་ཚོགས་>>ཞེས་པའི་དེབ་ཕྲེང་ཞིག་པར་བསྐྲུན་བྱ་རྒྱུ་རེད། དེའི་ནང་<<སྐབས་བཞི་བའི་རྒྱལ་སྤྱིའི་གེ་སར་དཔྱད་གླེང་ཚོགས་འདུའི་(རྨ་ཆུ་རུ་འཚོགས་པའི)དཔྱད་རྩོམ་ཕྱོགས་སྒྲིག>>དང་།<<རྨ་ཆུའི་གདངས>>ཞེས་པའི་བོད་ཡིག་གི་སྙན་རྩོམ་ཕྱོགས་སྒྲིག <<རྨ་ཆུ་ཀློག་པ>>ཞེས་པའི་རྒྱ་ཡིག་གི་སྙན་རྩོམ་ཕྱོགས་སྒྲིག་སོགས་དེབ་གསུམ་བསྒྲིག་པའི་འཆར་གཞི་ཡོད།
དེ་ལས་<<རྨ་ཆུའི་གདངས>>ཞེས་པའི་བོད་ཡིག་གི་སྙན་རྩོམ་ཕྱོགས་སྒྲིག་གི་རྩོམ་སྒྲིག་པ་ནི་རྨ་ཆུའི་བཟོད་པ་དང་། རྨ་འོད། རྨོག་རུ་ཤེས་རབ་རྡོ་རྗེ། དུག་ཞགས་སོགས་ཡིན། རྩོམ་བསྡུའི་ཁྱབ་ཁོངས་ནི་རྨ་ཆུ་རང་ས་ནས་འཚར་ལོངས་བྱུང་བ་དང་རྨ་ཆུ་རུ་ལས་ཀ་གཉེར་བཞིན་པའི་རྩོམ་པ་པོ་དག་གི་རྩོམ་ནི་རྨང་གཞིར་འཛིན་རྒྱུ་དང་། རྨ་ཆུ་བརྗོད་བྱ་རུ་བཟུང་བའི་གཞན་ཡུལ་གྱི་རྩོམ་པ་པོའི་རྩོམ་ཡང་མི་ཉུང་བ་ཞིག་དགོད་རྒྱུ། དམིགས་ཡུལ་ནི་ས་གནས་རང་གི་མི་ལ་རྩོམ་འབྲི་སའི་སྟེགས་བུ་ཞིག་བསྐྲུན་པ་དང་། ན་གཞོན་སྙན་ངག་པ་ཚོར་སྐུལ་ལྕག་ཅིག་གི་ཚབ། གཞན་གནམ་འོག་གི་རྨ་ཁུགས་དང་པོར་མཛེས་སྡུག་གི་སྣོན་མ་ཞིག་འདེབས་པ་བཅས་ཀྱི་ཆེད་དུ་བགྱི་བ་འདི་ལྟ་བུ་ཞིག་ཕྲག་སྟེང་དུ་བླངས་པའོ།། བསྡུ་བྱའི་རྩོམ་གྱི་ལུས་ནི་ལྷུག་རྩོམ་(ལྗོངས་རྒྱུའི་ཟིན་ཐོ་དང་། དངོས་བྲིས་ཟིན་ཐོ་སོགས་ཀྱང་འདུ)དང་། སྙན་ངག་ཡིན་དགོས། མ་རྩོམ་དང་མཉམ་དུ་ཡིག་འབྲུ་ལྔ་བརྒྱ་ཡས་མས་ལོངས་པའི་རྩོམ་པོ་རང་ཉིད་མཚམས་སྦྱོར་ཞིག་དང་གསར་རྩོམ་གྱི་མྱོང་ཚོར་ཞིག་འབྲི་ཐུབ་ན་རབ། གཞན་ཉེ་ལམ་བསྐྱོན་པའི་འདྲ་པར་གཉིས་བཅས་སྐུར་དགོས། རྩོམ་ཡིག་རབ་ཡིན་ན་རྩིས་འཁོར་དུ་གཏགས་ཏེ་གློག་རྡུལ་གྱི་ཡི་གེའི་རྣམ་པས་ང་ཚོའི་ཡིག་སྒམ་དུ་བསྐུར་རོགས། རྩོམ་བསྡུ་བའི་དུས་ཡུན་ནི། སྤྱི་ཟླ་6པའི་ཚེས་15སྔོན་ལ་སྐུར་དགོས། དེ་ཕན་ནས་བསྡུ་མཚམས་འཇོག་རྒྱུ་ཡིན། རྩོམ་སྐུར་སའི་ཡིག་སྒམ་ནི། sqsygz@126.com ཡང་ན་ suoba0503@126.com གང་ཡིན་ཡང་ཆོག
འབྲེལ་གཏུགས་བྱ་སའི་མི་སྣ་ནི།
རྨ་ཆུའི་བཟོད་པ། 13893938989
རྨ་འོད། 13909418666
རྨོག་རུ་ཤེས་རབ་རྡོ་རྗེ། 13399417972
དུག་ཞགས། 13893964433
ཐེངས་འདིའི་གཙོ་སྒྲུབ་ལས་ཁུངས་ནི། རྨ་ཆུ་རྫོང་ཨུ་དང་། རྫོང་མི་དམངས་སྲིད་གཞུང་ཡིན་ལ། ལག་བསྟར་བྱེད་མཁན་གྱི་ལས་ཁུངས་ནི། ཀྲུང་གུང་རྨ་ཆུ་རྫོང་ཨུ་དྲིལ་བསྒྲགས་པུའུ་དང་། 《རྨ་ཆུའི་གདངས》རྩོམ་སྒྲིག་ཁང་ཡིན།
2012ལོའི་ཟླ་5ཚེས་18ཉིན།《རྨ་ཆུའི་གདངས》རྩོམ་སྒྲིག་ཁང་གིས།
རྩོམ་ཁུངས། ངེད་དྲ་བ།