བོད་ཀྱི་NGOརྩ་འཛུགས་མཉམ་ལས་ཚོགས་འདུ་ཁྲིན་ཏུའུ་རུ་བསྡུས་པ།

  ཟླ་འདིའི་ཚེས་ལྔ་ནས་ཚེས་བཅུ་གཅིག་བར་གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་NGOརྩ་འཛུགས་མཉམ་ལས་དོ་དམ་ཚོགས་འདུ་དེ་ཟི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་ཁྲིན་ཏུའུ་རུ་བསྡུས།
   ཚོགས་འདུ་ལ་བོད་ལྗོངས་ལྷ་ས་གྲོང་ཁྱེར་མ་བུ་བདེ་སྲུང་མཐུན་ཚོགས་ལས་ཞབས་པའི་ལས་གཞི་གཙོ་གཉེར་བ་པདྨ་དབྱངས་ཅན་དང་།  ཡུན་ནན་བདེ་ཆེན་ཁུལ་ཁ་བ་དཀར་པོ་རིག་གནས་མྱུར་སྐྱོབ་ཚོགས་པའི་ཚོགས་གཙོ་བསོད་ནམས་བློན་པོ།  ཟི་ཁྲོན་རྔ་བ་ཁུལ་ཁམས་པའི་ཤུལ་བཞག་རིག་གནས་སྲུང་སྤེལ་ཚོགས་པའི་ཚོགས་གཙོ་སྟོང་ཉིད་རྡོ་རྗེ།  མཛོད་དགེ་རྫོང་ཐང་སྐོར་སློབ་གསོ་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཨ་ལགས་སྦྲ་ནག་ཚང་།  དཀར་མཛེས་ཁུལ་གྱི་མི་ཉག་སྐལ་བཟང་ལག་ཤེས་མཐུན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་སེང་གེ  དཀར་མཛེས་ཁུལ་འོས་བཟང་འབྲོག་ཁུལ་སློབ་གསོ་རོགས་སྐྱོར་ཚོགས་པའི་དྲུང་ཡིག་ཆེན་མོ་རིན་ཆེན།   ཀན་ལྷོ་ཁུལ་བོད་མིའི་རིག་གནས་སྲུང་སྐྱོབ་ཚོགས་པའི་ལས་འཛིན་གཡང་འཛོམས་བཟང་མོ།   མཚོ་སྔོན་ཞིང་ཆེན་མཐོ་སྒང་ཤུལ་བཞག་རིག་གནས་མྱུར་སྐྱོབ་ཚོགས་པའི་ལས་གཞི་གཙོ་འཛིན་པ་ཀླུ་རྒྱལ་འབུམ།  རྨ་ལྷོ་ཁུལ་དགེ་འདུན་ཆོས་འཕེལ་སྤྱི་ཚོགས་འཕེལ་རྒྱས་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་བསོད་ནམས་དོན་གྲུབ།  མགོ་ལོག་ཁུལ་རྨ་ཡུལ་སྐྱེས་ཁམས་རིག་གནས་བདེ་སྲུང་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཚེ་རིང་བཀྲ་ཤིས།  ཡུལ་ཤུལ་ཁུལ་སྦྱིན་པ་སྙིང་རྗེ་རོགས་སྐྱོར་ཚོགས་པའི་ལས་གཞི་འགན་འཛིན་པ་ཟླ་ཡག   ཡུལ་ཤུལ་ཁུལ་འབྲོག་དམངས་འཕེལ་རྒྱས་མར་མེ་གཞི་ཁྱིམ་ཚོགས་པའི་ལས་གཞི་འགན་འཛིན་པ་བསོད་ནམས་བཅས་དང་།  གཞན་ཨ་རིའི་སྒྲོལ་ཟམ་ཐེབས་རྩ་ཚོགས་པའི་ལས་མི་བདེ་ཆེན་ལྷ་འཛིན་དང་སྒྲོལ་མ་མཚོ་སོགས་མི་སྣ་ཉི་ཤུ་ལྷག་ཞུགས་ཡོད།  ཚོགས་འདུ་འདིས་གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་སྒེར་ཚུགས་ལས་ཞབས་ཚོགས་པ་དག་གིས་བོད་ཀྱི་ད་ཡོད་སྤྱི་ཚོགས་ལ་དངོས་ཤུགས་གང་རུང་གིས་མཐུན་རྐྱེན་སྐྲུན་པའི་ཉམས་མྱོང་བརྗེ་རེས་དང་ཕྱིའི་འབྱུང་ཚོགས་པ་ཕན་ཚུན་བར་ལས་གཞིའི་རྣམ་གྲངས་མཉམ་འབྲེལ་བྱེད་པར་སྐུལ་འདེད་བྱས་པ་མ་ཟད། ད་དུང་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཁྲིན་ཏུའུ་གྲོང་ཁྱེར་གྱི་NGOཚོགས་པ་ཁག་ལ་གཟིགས་མོར་ཕེབས་ཏེ་ཁོ་ཚོའི་ལས་གཞིའི་ཉམས་མྱོང་དང་དོ་དམ་སོགས་ལ་བསམ་བློ་བརྗེ་རེས་བྱས། །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་NGOརྩ་འཛུགས་མཉམ་ལས་ཚོགས་འདུ་ཁྲིན་ཏུའུ་རུ་བསྡུས་པ།

2012-05-20 སྒྲ་སྙན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།