སྲིན་མོ་བུད་མེད་རོགས་སྐྱོར་ཚོགས་པས་མཚོ་སྔོན་རྐང་ཚ་ནས་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བ།

  ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་ངེད་ཚོགས་པའི་ལས་ཀ་བ་བཞིས་མཚོ་སྔོན་རྐང་ཚ་ནས་རོང་འབྲོག་པའི་བོད་མོ་བརྒྱ་དང་སུམ་ཅུ་ལྷག་ལ་སྔར་བཞིན་ཨེ་ཙི་སོགས་ཚེ་སྲོག་ལ་ཉེན་ཁ་ཆེ་བའི་མཚན་མའི་འགོས་ནད་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་འགོས་ནད་དེ་རིགས་སྔོན་འགོག་བྱེད་ཐབས་ཀྱི་ཤེས་བྱ། མངལ་ལྡན་མའི་སྤྱོད་ལམ་དང་ཟས་བསྟེན་ཚུལ་ཐད་ཀྱི་འཛེམ་བྱ། མ་བུ་བདེ་སྲུང་དང་དུས་རྒྱུན་འཚོ་བའི་ཁྲོད་འབྱུང་སླ་བའི་མོ་ནད་ལ་ཇི་ལྟར་མཉམ་འཇོག་དང་གཙང་སྦྲ་བྱེད་ཚུལ་བཅས་ཕྱོགས་གསུམ་ནས་འཕྲོད་བསྟེན་རྒྱུན་ཤེས་བསྒྲགས་པ་མ་ཟད། སྡོམ་པས་རིན་གོང་དམངས་སྒོར་2200ཙམ་གྱི་སྨན་དང་དོར་ཐུང་། ནང་གོས་སོགས་བྱིན་པ་ཡིན།
 
  འཕྲོད་བསྟེན་ཤེས་བྱ་སྒྲོག་པའི་སྒང་།
  ཐེངས་འདིའི་བྱེད་སྒོ་སྤེལ་བར་རྐང་ཚ་རྫོང་བུད་མེད་ལྷན་ཚོགས་ཀྱི་འགོ་གཙོ་ཆོས་སྒྲོན་ལགས་དང་། རྐང་ཚ་རྫོང་དབུལ་སྐྱོར་ལས་ཁུངས་ཀྱི་མགོ་གཙོ་མདོ་སྡེ་ལགས། དེ་མིན་ཧྲ་ལི་ཧི་གྲོང་རྡལ་གྱི་འབྲེལ་ཡོད་ལས་བྱེད་མི་སྣ་གང་མང་གི་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་ཐོབ་པས་བྱེད་སྒོ་བདེ་ལེགས་ངང་འགྲུབ་ཡོད།
 
  བྱེད་སྒོ་སྤེལ་སའི་ཚོགས་ར།
 
  སྨན་སྦྱིན་གཏོང་བའི་སྒང་།
 
  ཐེངས་འདིར་དཔལ་མོ་དང་སྐལ་བཟང་འཚོ། བོད་གཞུག་སྐྱིད། གཡང་མོ་ཚེ་རིང་བཅས་ཀྱིས་བྱེད་སྒོ་སྤེལ་བ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲིན་མོ་བུད་མེད་རོགས་སྐྱོར་ཚོགས་པས་མཚོ་སྔོན་རྐང་ཚ་ནས་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བ།

2012-05-03 གཡང་མོ་ཚེ་རིང་། ཀློག་གྲངས། མཆན ཡོད།

  ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་ངེད་ཚོགས་པའི་ལས་ཀ་བ་བཞིས་མཚོ་སྔོན་རྐང་ཚ་ནས་རོང་འབྲོག་པའི་བོད་མོ་བརྒྱ་དང་སུམ་ཅུ་ལྷག་ལ་སྔར་བཞིན་ཨེ་ཙི་སོགས་ཚེ་སྲོག་ལ་ཉེན་ཁ་ཆེ་བའི་མཚན་མའི་འགོས་ནད་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་འགོས་ནད་དེ་རིགས་སྔོན་འགོག་བྱེད་ཐབས་ཀྱི་ཤེས་བྱ། མངལ་ལྡན་མའི་སྤྱོད་ལམ་དང་ཟས་བསྟེན་ཚུལ་ཐད་ཀྱི་འཛེམ་བྱ། མ་བུ་བདེ་སྲུང་དང་དུས་རྒྱུན་འཚོ་བའི་ཁྲོད་འབྱུང་སླ་བའི་མོ་ནད་ལ་ཇི་ལྟར་མཉམ་འཇོག་དང་གཙང་སྦྲ་བྱེད་ཚུལ་བཅས་ཕྱོགས་གསུམ་ནས་འཕྲོད་བསྟེན་རྒྱུན་ཤེས་བསྒྲགས་པ་མ་ཟད། སྡོམ་པས་རིན་གོང་དམངས་སྒོར་2200ཙམ་གྱི་སྨན་དང་དོར་ཐུང་། ནང་གོས་སོགས་བྱིན་པ་ཡིན།
 
  འཕྲོད་བསྟེན་ཤེས་བྱ་སྒྲོག་པའི་སྒང་།
  ཐེངས་འདིའི་བྱེད་སྒོ་སྤེལ་བར་རྐང་ཚ་རྫོང་བུད་མེད་ལྷན་ཚོགས་ཀྱི་འགོ་གཙོ་ཆོས་སྒྲོན་ལགས་དང་། རྐང་ཚ་རྫོང་དབུལ་སྐྱོར་ལས་ཁུངས་ཀྱི་མགོ་གཙོ་མདོ་སྡེ་ལགས། དེ་མིན་ཧྲ་ལི་ཧི་གྲོང་རྡལ་གྱི་འབྲེལ་ཡོད་ལས་བྱེད་མི་སྣ་གང་མང་གི་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་ཐོབ་པས་བྱེད་སྒོ་བདེ་ལེགས་ངང་འགྲུབ་ཡོད།
 
  བྱེད་སྒོ་སྤེལ་སའི་ཚོགས་ར།
 
  སྨན་སྦྱིན་གཏོང་བའི་སྒང་།
 
  ཐེངས་འདིར་དཔལ་མོ་དང་སྐལ་བཟང་འཚོ། བོད་གཞུག་སྐྱིད། གཡང་མོ་ཚེ་རིང་བཅས་ཀྱིས་བྱེད་སྒོ་སྤེལ་བ་ཡིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།